ང་ཡི་ལག་པ་སྟོང་པ།
༈ ང་ཡི་ལག་པ་སྟོང་པ། (སྙན་ངག)
གྲོག་མས་བརྩམས། (ཆབ་མདོ)
༡
འཕྲིན་ཞིག་འབྲི་དགོས་བསམ་བྱུང་།།
གླུ་ཞིག་ལེན་དགོས་བསམ་བྱུང་།།
རི་མགོ་མཐོན་པོའི་སྟེང་དུ།།
གཅིག་པུར་འགྲོ་དགོས་བསམ་བྱུང་།།
༢
ཨ་མ་བྱིའུ་ཆུང་འཇོལ་མོས།།
བདག་ལ་སྐྱེས་སུ་གནང་བའི།།
རང་སེམས་གཡུ་ཡི་སྒོ་ང་།།
སྐྱེ་འགག་སྐྱོན་གྱིས་གོས་འདུག།
གྲིམ་ལྷོད་ཤེས་ས་མི་འདུག།
༣
དྲི་མ་མེད་པའི་གདོང་པ།།
མི་ལ་བཙོང་དགོས་བྱུང་སོང་།།
ཡང་ནས་ཡང་དུ་བཀྲུས་ཀྱང་།།
འདག་རྒྱུ་མེད་པའི་གདོང་པ།།
རིན་གྱིས་ཉོ་དགོས་བྱུང་སོང་།།
དེ་ལས་མང་་་
