རྡོར་གདན་དུ་རྫོང་སར་སྨོན་ལམ།

ལོ་གཉིས་རེའི་མཚམས་སུ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་རིན་པོ་ཆེའི་འོག་ཏུ་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སྨོན་ལམ་ཆེན་མོ་འཚོགས་དང་ཚོགས་མུས་ལྟར།

དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༤༥ ཟླ་ ༩ ཚེས་ ༢༩ ཉིན་ནས་དབུ་འཛུགས་ཀྱི་ཉིན་བཅུའི་རིང་གནས་ཆེན་འདི་ཉིད་དུ་བཤད་གྲྭའི་སྨོན་ལམ་ཆེན་མོ་ཐེངས་དྲུག་པ་ཚོགས་བཞིན་པ་དང་།

སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དཔལ་ལྡན་ས་སྐྱའི་མཚན་མཆོག་གསུམ་ལྡན་གྱི་གདུང་སྲས་ཨ་བི་ཀྲྀ་ཏི་བཛྲ་རིན་པོ་ཆེ་དང་། གདུང་སྲས་ཨ་བྷཱ་ཡ་བཛྲ་རིན་པོ་ཆེ། རིས་མེད་བསྟན་པའི་མངའ་བདག་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུས་པའི་ཆོས་བརྒྱུད་རིས་མེད་ཀྱི་སྤྲུལ་སྐུ་རྣམ་པ། བཤད་གྲྭའི་མཁན་ཆེན་རྣམ་པ། གཞན་ཡང་བཤད་གྲྭ་དང་བཤད་གྲྭའི་གཞི་རིམ་སློབ་གྲྭའི་དགེ་སློབ་ཡོངས་དང་། འཛམ་གླིང་ཕྱོགས་མཐའ་ཁག་ནས་ཆེད་དུ་སྨོན་ལམ་དང་གསུང་ཆོས་ལ་བཅར་བའི་བསྟན་པའི་སྦྱིན་བདག་དང་མཁན་སྤྲུལ་ཉི་ཟླ་ཟུང་གི་དངོས་དང་བརྒྱུད་པའི་སློབ་ཚོགས་སྟོང་ཕྲག་འགལ་བ་ལྷན་དུ་འཛོམས་ནས་དེ་རིང་སྨོན་ལམ་ཉིན་དང་པོ་འཚོགས་བཞིན་ཡོད་འདུག

གསར་འགྱུར་ཡོང་ཁུངས་རྫོང་སར་བཤད་གྲྭའི་ངོ་དེབ།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*