༸སྐྱབས་མགོན་༸གོང་མ་ཁྲི་ཆེན་མཆོག་གི་བྱང་ཨ་རིར་ལམ་འབྲས་བཀའ་ཆོས་དབུ་ཚུགས་གནང་འདུག

ཟླ་འདིའི་ཕྱི་ཚེས་༢༠ རེས་གཟའ་ཉི་མ་ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག དེ་བཞིན་དུ་རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་མཆོག་དང་དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་དང་འཁོར་དང་བཅས་པ་བྱང་ཨ་རིར་བརྩེ་ཆེན་ཀུན་ཁྱབ་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་སྦྲགས་དེ་གར་རང་ལུགས་མཁན་སྤྲུལ་རྣམ་པ་དང་ཁྱད་པར་དུ་བོད་ནས་དམིགས་བསལ་ཕེབས་པའི་མཁན་ཆེན་མང་པོ་ཕེབས་གནང་འདུག་པ་དང་།  དད་གཉེར་ཅན་གྱི་མི་རིགས་མི་འདྲ་བ་མང་པོ་ཞིག་གིས་ཕེབས་བསུ་གནང་འདུག   སྤྱི་ཚེས་༢༡ རེས་གཟའ་ཟླ་བ་ཉིན་རྒྱལ་ཁབ་མི་འདྲ་བ་སུམ་ཅུ་ཙམ་དང་ཨ་རིའི་མངའ་སྡེ་ཉེར་དགུ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དཔལ་གྲུབ་ཆེན་བིར་ཝ་པ་ཆེན་པོ་ནས་བརྒྱུད་པའི་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་ཆེ་བ་བཅུ་གཅིག་དང་ལྡན་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་ངག་གསུང་ངག་རིན་པོ་ཆེ་ལམ་འབྲས་བཀའ་ཆོས་སྔོན་སོང་གསལ་བསྒྲགས་གནང་བར་ལྟར་དབུ་ཚུགས་གནང་འདུག   ༢༠༡༨/༥/༢༣ 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*