༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཨ་རི་ནིའུ་འཇར་སིར་ཆིབས་བསྒྱུར་གནང་འདུག

ཕྱི་ལོ་༢༠༡༨ ལོ་ཕྱི་ཟླ་ ༥ པའི་ཚེས ༢༠ ཉིན་རྒྱབ་ཕྱག་ཚོད་༢ པའི་ཐོག་ལ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༢ པ་ཆེན་པོ་མཆོག་གི་ཨ་རིའི་ཞིང་ཆེན་ནིའུ་འཇར་སི་ནི་ལྦག་གནམ་ཐང་དུ་ཞབས་ཀྱིས་བཅགས་པ་དང་སྦྲགས་ཨ་རི་ལ་ཡོད་པའི་དཔལ་ས་སྐྱའི་མ་དགོན་བརྩེ་ཆེན་ཀུན་ཁྱབ་གླིང་གི་ཚོགས་མི་རྣམ་པ་དང་དེ་བཞིན་ས་གནས་རང་གཞུང་དོན་གཅོད་སྐུ་ཚབ་རྒྱ་མིའི་འབྲེལ་གཏུག་པ་ཀུན་དགའ་བཀྲ་ཤིས་ལགས་དང་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་གཙོས་པའི་ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ་དང་དམིགས་བསལ་ད་ལན་རང་རེད་ཁ་བ་གངས་ཅན་པའི་གནའ་བོའི་རིག་གཞུང་དང་མཐུན་པའི་ཕེབས་བསུ་ཞུ་སྟངས་དང་གྱོན་གོས་སོགས་གྱོན་ནས་མཆོད་པའི་སྙན་དབྱངས་དང་བཀྲ་ཤིས་པའི་ཞབས་བྲོ་སོགས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་རྒྱས་སྤྲོས་ཐོག་ནས་སྐྱབས་མགོན་གོང་མ་ཁྲི་འཛིན་མཆོག་ཕེབས་བསུ་འདི་ཡང་ཨ་རི་ས་གནས་ཀྱི་ས་སྐྱ་བརྩེ་ཆེན་ཚོགས་པ་དང་གློ་སྟོད་སྨད་ཀྱི་ས་སྐྱའི་ཆོས་བརྒྱུད་མི་དམངས་ཡོངས་དང་ཐུན་མོང་གིས་གོ་སྒྲིག་གནང་བ་མ་ཟད། དམིགས་བསལ་རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་མཆོག་དང་དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་རྣམ་གཉིས་ཕེབས་བསུ་ཆེད་བཅར་གནང་འདུག
གནས་ཚུལ་མཁོ་སྤྲོད་པ། ས་སྐྱ་བརྩེ་ཆེན་ཚོགས་པའི་ཚོགས་མི་བསྟན་པ་ཡར་འཕེལ་ནས་ཟླ་ཚེས་བཟང་པོ་ནས་ཕུལ། ༢༠༡༨/༥/༢༠

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*