དེང་རབས་ཉེར་གཅིག་པའི་བླ་མ་རྫོང་གསར་མཁྱེན་བརྩེ་ཚང་།

རྩོམ་པ་པོ། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།

༼རྫོང་གསར་རིན་པོ་ཆེའི་བཀའ་སློབ་བོད་འགྱུར་མ། ༽

——མེ་སྤྱང་གིས་བོད་ཡིག་ཏུ་བསྒྱུར།

འཆི་བ་ལས་སྐྲག་སའི་དངོས་པོ་ཞིག་ཡོད་པ་ཁྱོད་ཀྱིས་ཤེས་སམ།
དེར་སྐྱེ་བ་ཞེས་བྱ། ཁྱོད་སྐྱེས་པར་གྱུར་པ་ན་རྩེད་མོ་ཡོངས་རྫོགས་ཡང་བསྐྱར་མགོ་བརྩམས་པ་རེད། གལ་ཏེ་འཆི་བ་དེས་གནད་དོན་ཡོད་ཚད་ཐག་ཆོད་ན་ངེས་པར་དུ་ཐོག་མར་དཔྱངས་ནས་འཆི་མཁན་དེ་ང་ཡིན་ངེས།
ཁྱེད་ཉིད་ཅིའི་ཕྱིར་བདེ་སྐྱིད་དང་མི་ལྡན་པ་ཡིན་ནམ་ཞེ་ན། ཁྱེད་ཀྱི་བསམ་བློ་དང་སྤྱོད་པའི་བརྒྱ་ཆའི་གོ་དགུ་རང་ཉིད་ལ་དམིགས་པས་རེད། འདིའི་” རང་ཉིད” ཅེས་པ་དེ་གར་ཡང་ཡོད་པ་མ་རེད།  
གལ་ཏེ་ཚན་རིག་པའམ་དོགས་དཔྱོད་རིག་སྨྲ་བ་སྟོང་ཕྲག་ཁ་ཤས་ཀྱིས་ནང་བསྟན་ལ་དཔྱད་བརྗོད་བྱས་ཀྱང་ང་ཚོས་རྩ་བ་ནས་སེམས་ཁུར་བྱེད་མི་དགོས་ཏེ། ནང་བསྟན་དུ་དྲིས་ལན་ཆ་ཚང་ཡོད་པའི་ཕྱིར་རོ།
ང་ཚོས་སྡུག་བསྔལ་ཅི་ཙམ་མྱོང་ན་ཡང་། སྡུག་སྔལ་དེ་དང་དེའི་རྒྱུའང་ཙི་ཙམ་བདེན་པར་བཟུང་ན་ཡང་། དོན་ལ་འཁྲུལ་བར་སྣང་བ་ཡིན་ཏེ། དེ་དོན་ལ་མེད་པའི་ཕྱིར་རོ།
བདག་འཛིན་དེས་ནམ་ཡང་དོན་དག་ཡོད་ཚད་རང་ཉིད་མགུ་བའི་སླད་དུ་འགྲེལ་བཤད་བྱས།
སྐྱེ་བ་སྔ་མའི་དགའ་རོགས་དེ་ད་ལྟའི་ཐང་ཆེན་སྟེང་གི་ཕུག་རོན་དཀར་པོའི་སྐྱེ་བ་བླངས་ཡོད་ན་ཐང་། དེ་འཕུར་ནས་ཁྱོད་ཀྱི་གམ་དུ་སླེབས་ཀྱང་གང་ཡང་དྲན་གྱི་མི་འདུག དེའི་ཕྱིར་གང་འདོད་ལ་ཁྱོད་དང་འཕྲད་པའི་སེམས་ཅན་རྣམས་ལ་གནོད་པ་མ་བྱེད་རོགས།
མི་སུ་དང་གང་ལ་འགྲོག་ཀྱང་དུས་ཡུན་རིང་ན་སྐྱོན་དག་མཐོང་ངེས།རྒྱུ་མཚན་མིག་ཤེས་ནི་ལས་ཀྱིས་ཆེད་དུ་ང་ཚོར་གྲ་སྒྲིགས་བྱས་པ་རེད། དེར་བརྟེན། ང་ཚོས་ངེས་པར་དུ་རྟོགས་དགོས་པ་ནི། རང་ཉིད་ཀྱིས་བཞག་པའི་བཟང་ངན་གྱི་ཚད་ཐིག་དེ་རང་ཉིད་ལས་བྱུང་བར་ཤེས་དགོས། དེ་བས་བབ་ཅོལ་དུ་གཞན་གྱི་བཟང་ངན་གྱི་སྐྱོན་ཡོན་མ་གླེང་། ཁྱོད་ཀྱི་མཐོང་བ་ནི་ལས་ཀྱིས་མཐོང་ཆོག་པར་བྱས་པ་དེ་ཡིན།
བསམ་གཏན་ཕལ་བའི་སྒོམ་པ་ཡང་བདེ་འཇགས་ཡིན་པར་མ་ཟད་ཕྱིའི་དངོས་པོ་གང་ཡང་བཀོལ་དགོས་པ་མ་རེད།
རང་སེམས་ཁོ་ན་ཙམ་བཀོལ་ནས་ཆོག་པས་སྔར་ནས་ཁྱོད་ལ་ཡོད་པ་རེད། ཅི་དཔལ་འབྱོར་གྱི་འགྲོ་གྲོན་མེད་པ་ལ་ཨང་།
འོན་ཀྱང་མི་རྣམས་ལ་ནམ་ཡང་བཟོད་སེམས་ཧ་ཅང་ཞན་པའི་དབང་གིས་ཁོང་ཚོས་ནམ་ཡང་ནུས་པ་མྱུར་ཐོན་ཡོང་བའི་རེ་བ་ཞུས་ཏེ་ཡོད།
ནང་པའི་སློབ་དཔོན་དག་གིས་ང་ཚོར་གདམས་པ་ནི།
ནང་བསྟན་ལ་ཞིབ་འཇུག་བྱེད་པ་ནི་རང་ཉིད་ལ་ཞིབ་འཇུག་བྱེད་པ་ཡིན་ལ། རང་ཉིད་ལ་ཞིབ་འཇུག་བྱེད་པ་ནི་བདག་མེད་རྟོགས་པའི་སླད་དུ་ཡིན།ཆེས་གལ་གནད་ནི།
བདག་མེད་མཐོང་ཚེ་གཞན་ལ་དམིགས་པའི་སྙིང་རྗེ་དང་འབྲེལ་ནས་ཡོད་པ་ཡིན།
དེ་བས་དཔེར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔས་ ” སེམས་ཅན་ཐར་བར་དགོད་པའི་”བྱ་བ་ཞིག་དང་དུ་བླངས་ཡོད་པ་རེད། དེར་བརྟེན་བྱང་ཆུབ་སེམས་དཔའ་རྣམས་སྐུ་ཞི་བར་གཤེགས་ཀྱང་ཁོའི་བྱ་བ་ད་རུང་རྫོགས་མེད་པས།ཁོང་གིས་ངང་སྒུག་མེད་པར་སྐྱེ་བ་ཕྱི་མར་མུ་མཐུད་ནས་བྱ་བ་བྱེད་པ་རེད།
ངས་མཐོང་བའི་མེ་ཏོག་དེ་ཁྱོད་ཀྱིས་ནམ་ཡང་མཐོང་མི་ཐུབ་པས་དོན་དམ་པའི་མེ་ཏོག་དེ་ང་ཚོས་མཉམ་དུ་ལོངས་སུ་སྤྱོད་ཐབས་མེད་ཀྱང་། ལོངས་སུ་སྤྱོད་ཐུབ་པ་ལྟར་རྫུ་བར་བྱེད། དེ་ནི་ཅི་འདྲའི་ཁེར་རྐྱང་ཞིག་རེད་ཨང་། ངས་ནམ་ཡང་ད་ལྟ་མྱོང་བཞིན་པའི་བརྒྱུད་རིམ་དེ་དག་ཁྱོད་དང་མཉམ་དུ་རོལ་མྱོང་བྱེད་ཐབས་བྲལ་བས་དེ་བཞིན་ཁེར་རྐྱང་རེད། གལ་ཏེ་ཁྱོད་ཆོས་པ་ཞིག་ཡིན་ན་ཁེར་རྐྱང་གི་ཚོར་བ་ནི་ཤེས་རབ་འདྲེན་པའི་སྐྱ་རེངས་ཤིག་ཡིན་པས་ཁྱོད་ཀྱིས་གཏིང་ཟབ་པའི་སྒོ་ནས་ཁེར་རྐྱང་འདི་ལ་དཔྱད་ཆོག

ཡོང་ཁུངས། ངོ་དེབ་ལས་བཤུས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*