རྐང་ཐང་དུ་བསྐྱོད་ན་འདི་འདྲའི་ཕན་ནུས་མང་།


དམངས་ཁྲོད་ཀྱི་ངག་རྒྱུན་དུའང་འགུལ་སྤྱོད་ཀྱི་རྨང་གཞི་ནི་རྐང་ཐང་དུ་བགྲོད་པ་ཡིན་ཟེར་བ་ལས་རྐང་ཐང་ལ་འགྲོ་པའི་ཕན་ནུས་རྟོགས་ཐུབ། རྐང་ཐང་དུ་ཕྱིན་ན་སྙིང་དང་གློ་བའི་ནུས་པ་བསྐྱེད་ནུས་པར་མ་ཟད། རྐང་ཐང་དུ་སྐྱོད་ཚེ་ལུས་པོའི་ཚ་ནུས་ཟད་གྲོན་གཏོང་ཐུབ་སྟེ། ལུས་སྟེང་གི་ཚིལ་ལུ་ཞུ་ནུས་ཤིང་ཤ་རྒོད་ཆགས་ཐུབ་པ་སོགས་ཁྱད་མཚར་གྱི་ནུས་པ་མང་པོ་ལྡན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྐང་ཐང་དུ་བགྲོད་པ་ནི་འཛམ་གླིང་གི་འགུལ་སྤྱོད་ཡག་ཤོས་ཡིན་པར་ངོས་འཛིན་བྱས་ཡོད། གྲངས་རྩིས་བྱས་པ་ལྟར་ན། རྐང་ཐང་དུ་གོམ་པ་གཅིག་སྤོས་པ་དེས་མིའི་ལུས་སྟེང་གི་ཁྲག་རྩ་དང་ཤ་རྒོད་ཀྱི་བརྒྱ་ཆའི་༥༠འགུལ་སྐྱོད་བྱེད་ཐུས་པས་གཟུགས་པོ་སྤྱི་ལ་ཕན་ནུས་ཆེན་པོ་བསྐྲུན་ཡོད། གཤམ་ནས་ང་ཚོ་ཚང་མས་ལྷན་དུ་རྐང་ཐང་ལ་ཕྱིན་པའི་ཕན་ནུས་རེ་རེར་ཞིབ་ཏུ་གཟིགས་ཆོག
༼དང་པོ། དྲན་ཤེས་མཐོར་འདེགས་གཏོང་ཐུབ་པ། ན་སོ་རིམ་བཞིན་མཐོ་རུ་སོང་བ་དང་བསྟུན་དྲན་འཛིན་གྱི་ནུས་པ་ཉམས་པས་རྐང་ཐང་དུ་སོང་ན་དྲན་འཛིན་གྱི་ནུས་པ་མཐོར་རུ་འགྲོ་བར་ཧ་ཅང་ཕན་པས། ནམ་རྒྱུན་ཞོགས་པ་སྔ་པོ་ནས་རྐང་ཐང་དུ་སྐྱོད་པ་གོམས་གཤིས་སུ་གྲུབ་ཚེ་དྲན་ཤེས་གསལ་བོར་གནས་ཐུབ།
༼གཉིས་པ། རྩ་སྒོ་འབྱེད་ནུས་པ། གཞུང་ལས་ཁང་དུ་རྒྱུན་རིང་པོར་བཙོག་ནས་སྡོད་མཁན་རྣམས་ཀྱིས་གཟུགས་པོའི་བདེ་ཐང་ལ་དོ་སྣང་མ་བྱས་པས། རྩ་ལམ་འགག་སྟེ་ལུས་སྟེང་དུ་སྐྲང་འབུར་འམ་རྨ་འབུར་འབུད་པས། རྐང་ཐང་དུ་སྐྱོད་ཚེ་དེ་དག་གཡོལ་ཐུབ།
༼གསུམ་པ། ཁྲག་རྩའི་འཁོར་ལམ་འགག་ཚེ་རྩ་ལམ་ཡང་སྲ་མཁྲེགས་ཅན་དུ་འགྱུར་འགྲོ་ཞིང་། ལུས་པོ་མི་བདེ་པར་གྱུར་བ་ཆོས་ཉིད་ཡིན་པས། ཉིན་རེར་རྐང་ཐང་དུ་ཆུ་ཚོད་སྐར་མ་ཕྱེད་ཀར་རྒྱུན་འཁྱོངས་བྱ་ཐུབ་ཚེ། གཟུགས་པོ་བདེ་ཐང་ངང་གནས་ཐུབ་པར་གདོན་མི་ཟ།
ཅབཞི་བ། ལུས་བདེ་སེམས་སྐྱིད་ཡོང་བ། ལུས་ཁམས་མི་སྙོམས་པ་དང་མི་བདེ་བ་སོགས་སྙིང་གི་ནད་རིགས་ཚང་མ་ཁྲག་རླུང་རྒྱུ་མ་ཐུབ་པས་བྱུང་བ་ཡིན་ལ། ཁྲག་རླུང་མི་རྒྱུ་པའི་རྐྱེན་ཡང་རྩ་ལམ་ཡངས་པོ་མིན་པ་ལས་བྱུང་བ་ཡིན་པས། ལུས་སེམས་གཉིས་ཀ་དབང་མེད་དུ་མི་བདེ་ཞིང་། རྐང་ཐང་དུ་བསྐྱོད་ན་རླུང་ཁྲག་སོགས་བཏང་སྙོམས་སུ་གནས་ཤིང་། ལུས་བདེ་སེམས་སྐྱིད་ཡོང་བར་ཐེ་ཚོམ་མེད།
༼ལྔ་པ། སྙིང་ཁམས་ཀྱི་ནུས་པ་བསྐྱེད་པར་ཕན་པ། ལུས་སྦྱོང་ལ་མི་དགའ་བས་སེམས་ཁམས་མི་སྐྱིད་པའི་གནས་ཚུལ་འབྱུང་བ་ཡིན་པས། རྐང་ཐང་དུ་བསྐྱོད་ན་སྙིང་ཁམས་ཀྱི་ནུས་པ་མཐོར་འདེགས་གཏོང་བར་ཕན།
༼དྲུག་པ། ཁྲག་རྩའི་སྦུག་ལམ་ཡངས་པོར་གཏོང་བ། གསོ་རིག་གི་གཞུང་ནས་བརྗོད་ན་རྐང་ཐང་དུ་བསྐྱོད་ན་ཁྲག་རྩ་སྙི་མོར་བཏངསྟེ་ཁྲག་རྩ་འགག་པ་སོགས་ཉེན་ཁ་ཅི་ཡང་འབྱུང་མི་སྲིད།
༼བདུན་པ། ཤ་རྒོད་ཀྱི་གནད་སྒྲིམ་པར་ཕན་པ། འཚོ་བར་རྩ་དོན་མེད་ཚེ་ལུས་ཡོངས་ལ་ཤུགས་མེད་པའི་སྣང་ཚུལ་འབྱུང་སྲིད་པས། རྐང་ཐང་དུ་བསྐྱོད་ཚེ་ཤ་རྒོད་ཀྱི་གནད་སྒྲིམ་པར་བྱས་ཏེ་ལུས་ཡོངས་སུ་ཤུགས་འཛོམས་པ་དང་རུས་ཚིག་གི་ནད་ཀྱང་མེད་པ་འགྱུར་ཐུབ།
༼བརྒྱད་པ། ཁྲག་རྩའི་འཁོར་སྐྱོད་ལ་ཕན་པ། མིའི་ལུས་སྟེང་གི་རྩ་ལམ་འཁོར་སྐྱོད་ཡངས་པོར་མ་གནས་ཚེ། ནད་རིགས་འབྱུང་སླ་བས། རྐང་ཐང་དུ་བསྐྱོད་ཚེ་ཁྲག་རྩའི་འཁོར་ལམ་ཡངས་པོར་བཏང་སྟེ་ཁྲག་འཁོར་སྐྱོད་དང་གསར་རྙིང་བརྗེ་རེས་བྱེད་ཐུབ།
༼དགུ་བ། དོན་ལྔ་སྣོད་དྲུག་གི་ནད་རིགས་མི་འབྱུང་བར་ཕན་པ། དོན་ལྔ་སྣོད་དྲུག་ཚང་མ་འགུལ་སྐྱོད་བྱ་དགོས་ཏེ། གལ་སྲིད་འགུལ་སྐྱོད་མ་བྱས་ཚེ་ནད་རིགས་འབྱུང་སླ། དེ་བས་རྐང་ཐང་དུ་བསྐྱོད་ཚེ་འཇུ་བྱེད་མ་ལག་གི་ཟགས་ཐོན་ནུས་པ་བསྐྱེད་དེ། ཕོ་རྒྱུའི་འགུལ་སྐྱོད་ཆོས་ཉིད་ལྡན་པར་གནས་ཤིང་། ཟས་ཀྱི་ཡི་ག་ཕྱེས་ནས་དོན་ལྔ་སྣོད་དྲུག་གི་ནུས་པ་མཐོར་འདེགས་གཏོང་ཐུབ་པས། ནད་རིགས་མང་པོ་རང་བཞིན་གྱིས་དྲགས་ཐུབ།
༼བཅུ་པ། མཐོ་པོ་གསུམ་གྱི་ནད་རིགས་དྲགས་པར་ཕན་པ། ཁྲག་ཤེད་མཐོ་བ་སོགས་ནད་རིགས་གསུམ་ལ་སྨན་འཐུང་ཀྱང་ནུས་པ་ཆེར་མི་འབྱུང་བས། རྐང་ཐང་དུ་ཟླ་བ་ལྔ་ལྷག་ལ་བསྐྱོད་ཚེ་དེ་དག་བཏང་སྙོམས་སུ་གནས་ཐུབ་ཅིང་། ཁྲག་ཤེད་མཐོ་བའི་ནད་དང་། ད་དུང་གཅིན་པ་མངར་འགྱུར་གྱི་ནད། ཤ་རྒྱགས་པའི་ནད། རྩ་སྐམ་པ་སོགས་ཀྱི་ནད་ལ་ཕན།
༼བཅུ་གཅིག སྐྱེ་གཟུགས་ཡག་པོར་གཏོང་བར་ཕན་པ། མིའི་ཕྱིའི་སྐྱེ་གཟུགས་མཛེས་མི་མཛེས་དེ་ཐད་ཀར་ཁྲག་རྩ་དང་འབྲེལ་བ་ཡོད་དེ། ཁྲག་རྩའི་ནང་སྙིགས་རོ་མེད་ཚེ་གདོང་ཀྱང་དེ་བཞིན་གཙང་མ་ཡིན་ཞིང་། དེ་ལས་ལྡོག་ན་གདོང་ཡང་མི་གཙང་ཞིང་མི་མཛེས་པར་གྱུར་བ་ཡིན། དེའི་རྐྱེན་གྱིས་རྐང་ཐང་དུ་བསྐྱོད་ན་ཁྲག་རྩའི་ནང་གི་མི་གཙང་བའི་སྙིགས་རོ་ཕྱིར་བུད་དེ་སྐྱེ་གཟུགས་ཕྲ་ཞིང་མཛེས་པོར་གནས་ཐུབ།
༼བཅུ་གཉིས། མཁལ་མའི་ནུས་པ་མཐོར་འདེགས་གཏོང་བར་ཕན་པ། སྒྱིད་ལུག་གིས་མནན་ཏེ་འགུལ་སྐྱོད་མི་བྱེད་པའམ། རྒྱུན་རིང་པོར་བཙོག་ནས་སྡོད་མཁན་གྱི་མཁལ་མའི་ནུས་པ་ཇེ་ཞན་དུ་གྱུར་ནས། མཁལ་མའི་གཉན་ཚད་རྒྱས་པ་དང་མཁལ་མའི་ནང་དུ་རྡོ་ཆགས་པ་སོགས་འབྱུང་ཉེན་ཆེ་བས། དེ་ལས་མཁལ་མའི་ནུས་པ་ཉམས་པ་དང་མཆིན་པའི་ཁྲག་ཤེད་ཉམས་པ། དེ་བཞིན་སྙིང་གི་ཁྲག་ཤེད་ཉམས་པ་སོགས་བྱུང་སྟེ། མཐར་ནད་བྱུང་བ་ཡིན། ནད་གསོ་བར་སྨན་མང་པོ་བསྟེན་པས་མཁལ་མའི་ནུས་པ་ལྷག་པར་ཉམས་པ་ཡིན་པས། སྨན་ཉུང་འཐུང་དང་རྐང་ཐང་དུ་གོམ་པ་མང་པོ་བསྐྱོད་ཚེ་མཁལ་མའི་ནུས་པ་སླར་གསོ་འབྱུང་བར་ཕན།
༼བཅུ་གསུམ། མིག་དབང་གསལ་བོར་གཏོང་བར་ཕན་པ། དཔེ་ཀློག་བྱེད་པ་དང་ཀློག་ཀླད་ལ་ལྟ་བ། སྐད་འཕྲིན་མང་དུ་རྩེད་མཁན་གྱི་མིག་ཤེས་ཀྱི་ནུས་པ་ཉམས་ཏེ། མིག་གི་མཐོང་ལམ་རབ་རིབ་ཏུ་འགྱུར་བཞིན་ཡོད་པས། ཆེད་ལས་མཁས་པས་ཚོད་ལྟ་བྱས་པ་བརྒྱུད་གཟའ་འཁོར་རེ་ལ་ཐེངས་གསུམ་ལ་རྐང་ཐང་དུ་བསྐྱོད་པ་དང་། ཟླ་བ་བཞིའི་རིང་སྐྱོད་ཐེངས་རེའི་དུས་ཡུན་ཆུ་ཚོད་གཅིག་རྒྱུན་འཁྱོངས་བྱས་པའི་མི་དང་། འགུལ་སྐྱོད་ལ་མི་དགའ་བའི་མི་གཉིས་བསྡུར་ཚེ། འགུལ་སྐྱོད་བྱེད་མཁན་གྱི་རིག་པ་རྣོ་ཞིང་མིག་གསལ་བ་དང་། དྲན་ཤེས་གསལ་བ་སོགས་ཁྱད་ཆོས་མངོན་སུམ་ལྡན།
༼བཅུ་བཞི། ཚེ་རིང་དུ་གཏོང་བར་ཕན་པ། ཚེ་སྲོག་ནི་འགུལ་སྐྱོད་ལས་བྱུང་བ་ཡིན་པས། རྐང་ཐང་དུ་བགྲོད་པ་ནི་ཚེ་སྲོག་བསྲིང་པའི་ཐབས་ལམ་དམ་པ་ཞིག་ཡིན་པས། དེས་དབང་རྩའི་ཤ་གནད་སྒྲིམ་པར་བྱེད་པས། ཁམས་དྭངས་ཤིང་ཚེ་རིང་དུ་གཏོང་ཐུབ།
༼བཅོ་ལྔ། རིག་སྒོ་འབྱེད་པར་ཕན་པ། རིག་པ་རྟུལ་བོ་དང་ཁྲག་རྩའི་བར་འབྲེལ་བ་དམ་ཟབ་ཡོད་པས། མིའི་ལུས་སྟེང་གི་ཁྲག་རྩའི་ནང་སྙིགས་རོ་མང་དུ་གྱུར་ན་རིག་པའང་དེ་ལྟར་རྟུལ་པོར་གྱུར་བ་ཡིན་པས། དུས་ལྟར་རྐང་ཐང་དུ་གོམ་པ་མང་པོ་བསྐྱོད་ཚེ། ཁྲག་རྩའི་ནང་གི་སྙིགས་རོ་གཙང་སེལ་བྱེད་ཐུབ་ཅིང་ཐང་ཆད་པའི་སྣང་བ་འབྱུང་མི་སྲིད་ལ། སེམས་ཁམས་སྐྱིད་པོར་གནས་ཐུབ་པས། བདེ་ཐང་གི་གཟུགས་པོ་ཞིག་ཡོང་བར་གོམ་པ་སྤོ་བ་ནས་འགོ་བརྩམ་དགོས།

གཞན་ལས་བཤུས།   ཡོང་ཁུངས་ཁ་གསལ་མི་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*