རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་གསུང་ཚན་པ་གཉིས།


«ཚན་པ་དང་པོ»
  ད་ལྟ་ང་ཚོའི་རྣ་ལམ་དུ་”ནང་ཆོས་”ཞེས་པའི་ཚིག་འདི་ཐོས་མ་ཐག་ཏུ། ང་ཚོའི་སེམས་སུ་འཁོར་འོང་བ་ནི། དཀར་ཟས་བཞེས་མཁན་དང་ཆོས་འདོན་པ། བསྒྲུབ་པ་རྒྱག་པ། བྲག་གི་ཕུག་པ། རབ་ཏུ་བྱུང་བ་བཅས་རེད། དོན་དངོས་ཐོག་རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་ཀྱང་དེང་སང་སངས་རྒྱས་ཀྱི་རྗེས་འཇུག་ཇེ་ཉུང་ནས་ཇེ་ཉུང་ཏུ་འགྲོ་བཞིན་ཡོད། དེར་བརྟེན་ཁོ་བོས་ཆེས་མཐོང་འདོད་པ་ནི། ཤ་ཟ་བ་དང་ཆང་རག་བཏུང་བ། ཐ་ན་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་ལས་ཀ་གཉེར་མཁན་གྱི་མི་རྣམས་ཀྱང་སངས་རྒྱས་ཀྱི་རྗེས་འཇུག་སྔར་བཞིན་ཡིན་ཆོག་པའི་གནས་ལུགས་དེའོ། ། 
«ཚན་པ་གཉིས་པ»
   བག་ཕེབས་པོར་བྱོས། རྟག་ཏུ་སངས་རྒྱས་དྲན་པར་བྱོས། སེམས་པ་བཟང་པོར་བྱོས། གུས་ཞབས་ཅན་ཞིག་བྱོས། ཤེས་འདོད་ཅན་ཞིག་བྱོས། གསར་གཏོད་ཅན་ཞིག་བྱོས། ནོར་འཁྲུལ་ཡོང་བར་ཞེད་སྣང་མ་བྱེད། སྲིད་དོན་པ་ཚོ་དང་ཐག་རིང་ཙམ་སྡོད། དེ་ཚོ་བླ་མ་ཡིན་རུང་ཐག་རིང་ཙམ་སྡོད།
   (དྲ་ལམ་དུ་འགྱུར་མ་དག་ཅིང་སྡེབ་འཁྲུགས་པ་ཞིག་སྤེལ་བར་མཐོང་སྟེ། སེམས་ཀྱིས་མ་གཟོད་པར་དག་པར་བཅོས་ཤིང་རན་པར་བསྡེབས་ཏེ་བསྐྱར་དུ་སྤེལ་བ་དགེའོ། །ཚེ་རིང་བསམ་འགྲུབ་ཀྱིས།)

ཡོང་ཁུངས། ས་སྐྱའི་སྤྱི་སྟེགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*