༧ གོང་མ་ཁྲི་ཆེན་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར།

སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་ཡིས་མི་དམངས་ལ་གནང་བའི་བཀའ་སློབ་ཚན་པ་ཞིག།

ང་ཚོ་སོ་སོ་རང་ཉིད་གནས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཟེར་བ་དེ་གལ་ཆེ་པོ་རེད་བསྡད་ཀྱི་ཡོད་རེད། མི་འགའ་ཞིག་གིས་བསམ་གྱི་ཡོད་རེད། ང་ཚོ་སྔོན་མ་ནས་མེ་གཏོང་གི་ཡོད་རེད། དུ་བ་བཟོ་ཡི་ཡོད་རེད།ཤིང་གཅོད་ཀྱི་ཡོད་རེད།དེ་ཧ་ལས་ཡ་ཅི་ཡོད་མ་རེད་བསམ་བསམ་དེ་འདྲའི་བསམ་བློ་འཁོར་མཁན་ཡོད་རྒྱུ་རེད་དེ།
ཡིན་ན་ཡང་སྔོན་མའི་གནས་སྟངས་དང་ད་ལྟའི་གནས་སྟངས་གཉིས་ཁ་ཁ་ཆགས་བསྡད་ཡོད་རེད། སྔོན་མ་ཡིན་ན་མེ་གཏོང་བ་ཡིན་ན་དུ་བ་སོགས་དེ་ཙམ་ཆེན་པོ་ཡོད་མ་རེད།དེ་ག་ནང་བཞིན་ཤིང་ནགས་གཅོད་བྲེག་སོགས་བྱས་པ་ཡིན་ན་ཡང་དེ་ཙམ་ཆེན་པོ་བྱེད་ཐུབ་ཀྱི་ཡོད་མ་རེད།དེ་རིང་ཁ་སང་འཕྲུལ་འཁོར་ཡར་རྒྱས་ཕྱིན་ནས་བཟོ་གྲྭ་རྒྱ་ཆེན་པོ།དེ་འདྲའི་ཐོག་དུད་ནག་མང་པོ་འཚུབ་འཚུབ་བྱེད་པ་དང།ཁ་རླངས་བཙོག་པོ་བཟོ་ཡ་དང་།ཤིང་ནག་གཅོད་བྲེག་བྱེད་ཡ་སོགས་མཚོན་པའི་དེ་དང་དེ་འདྲའི་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཕོག་པའི་ལས་འགུལ་མང་པོ་ཡོང་གི་ཡོད་རེད། དེ་དག་ང་ཚོས་མི་རེ་ཟུང་དང་ཚོགས་པ་རེ་ཟུང་གིས་འགན་ཁུར་ནས་གཙང་མ་བྱེད་པ་གཅིག་པུས་བྱེད་ཐུབ་ཡ་ཡོད་མ་རེད།ང་ཚོ་མི་ཚང་མས་ཁོར་ཡུག་གཙང་མ་བཟོ་ཡ་དང་།ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་གལ་ཆེན་པོ་ཡིན་པ།མི་ཚང་མས་ཧ་གོ་པར་བྱེད།མི་ཚང་མས་གལ་ཆེན་པོ་ཡིན་པ་རྟོགས་ནས་གང་ཐུབ་ཐུབ་ཀྱིས་ཁོར་ཡུག་གཙང་མ་བཟོ་ཡ་དང་།
ཁོར་ཡུག་ལ་གནོད་འཚེའི་རིགས་སུ་གྱུར་པ་ཐམས་ཅད་སྤངས་པ་དང།ཁོར་ཡུག་གཙང་མ་བཟོ་བའི་ཆེད་དུ་ལས་འགུལ་རང་གིས་ཞབས་འདེབས་སམ་གང་ཐུབ་ཐུབ་བྱེད་པ།ཞབས་འདེབས་རྒྱག་ཟེར་དུས་དངུལ་འགྲོ་སོང་གཏང་ཟེར་གྱི་ཡོད་མ་རེད།ཡིན་ན་ཡང་སོ་སོ་རང་ཉིད་གནས་ཡུལ་གཙང་མ་བཟོ་ཡ་དང་བཙོག་པ་མི་བཟོ་བ།ཤིང་སྣ་བྲེག་གཅོད་སོགས་དང་དུ་བ་གཏོང་བ་ལ་སོགས་པ་འགྱིག་ཤོག་གི་རིགས་བེད་སྤྱོད་བྱེད་པ།
ཁོར་ཡུག་ལ་གནོད་པའི་རིགས་ང་ཚོའི་མི་ཚེའི་ནང་དུ་ཉིན་རེ་ནས་ཉིན་ཡོང་གི་ཡོད་རེད།དེ་ཚོ་གཟབ་གཟབ་བྱེད་དགོས་པ་དཔེ་གལ་ཆེན་པོ་ཡིན་ས་རེད།
གང་ཡིན་ཟེར་ན།འཐུས་ཤོར་འདྲ་ཞིག་ཤོར་སོང་ན།མ་འོངས་པའི་མི་རབས་ཀྱི་བུ་རྒྱུད་ཚོ་སྐྱིད་པོ་ཞིག་དང་བདེ་བོ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད་བསྡད་ཀྱི་ཡོད་རེད།དེ་དག་ལ་རྩིས་སྤྲོད་བྱེད་ཡ་དེ་གཙང་མ་ཞིག་དང་ཡག་པོ་ཞིག་བྱེད་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད།
མ་གཏོགས་པའི་མ་འོངས་པའི་མི་རྒྱུད་ཚོ་ལ་དམྱལ་ངམ་གྱི་ཐང་ལྟ་བུ་ཞིག་རྩིས་སྤྲོད་པ་ཡིན་ན་དེ་དཔེ་མི་སྲིད་པ་གྱོང་ཆེན་པོ་དང་ནོར་འཁྲུལ་ཆེན་པོ་རེད།
དེས་ན་དུས་དང་རྣམ་པར་ཀུན་ཏུ་ཁོར་ཡུག་ལ་གཙང་མ་བཟོ་ཡ་དང་དོ་བདག་བྱེད་པ་དེ་དཔེ་གལ་ཆེན་པོ་རེད་བསམ་གྱི་འདུག།
འདན་མའི་ལྷ་མདས།
༢༠༡༧ ༠༤ ༠༡

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*