བཙན་པོ་གླང་དར་མའི་དབུ་ལ་རྭ་སྐྱེས་ཟེར་བ་བདེན་ནམ།


བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་བཙན་པོ་གླང་དར་མའི་དབུ་ལ་རྭ་ཅོ་སྐྱེས་ཡོད་ཚུལ་ངག་རྒྱུན་དུ་བརྗོད་བཞིན་ཡོད་ཀྱང་འགའ་རེས་དེ་ཚོ་རྫུན་གཏམ་ཆེན་པོ་རེད། མིའི་མགོར་རྭ་སྐྱེས་ཟེར་བ་འཇིག་རྟེན་ན་མེད་ཟེར་བ་དང་། འགའ་རེས་གླང་དར་དབུ་ལ་རྭ་གཉིས་སྐྱེས་ཡོད་ཟེར་བ་སོགས་ལྷ་སྒྲུང་འདྲ་བ་མང་ཡང་དེང་དུས་དངོས་བྱུང་འགའ་ཞིག་ལས་ཁྱེད་ལ་སོམ་ཉིའི་དྲི་བ་ཞིག་འཇོག་པར་འདོད་པས་རང་རང་དགོངས་ཚུལ་དེ་དཔྱད་མཆན་溜言འགོད་རོག་ཞུ།།

ཉིན་དགའི་སྔོན་དུ་མིར་རྔ་མ་སྐྱེས་ཡོད་པ་འགའ་ཞིག་སྤྱན་འབུལ་ཞུས་པ་ཡིན། ད་ནི་མགོ་བོར་རྭ་ཅོ་སྐྱེས་པའི་དངོས་བྱུང་འགའ་ཞིག་སྤྱན་འབུལ་ཞུའོ།།

མི་མགོར་རྭ་ཅོ་སྐྱེས་ཡོད་པ་ནི་འཛམ་གླིང་ཕྱི་ནང་གང་སར་མཐོང་རྒྱུ་ཡོད་ཅིང་དེ་ལ་ཡ་མཚན་དང་རྫུན་མ་རེད་སྙམ་པའི་དོགས་པ་བྱེད་མི་དགོས།

ཨུ་རུ་སུར་མགོ་བོའི་སྟེང་རྭ་སྐྱེས་ཡོད་པའི་རྒན་མོ་ཞིག་ཡོད། མོས་ཟེར་ན་མགོ་བོར་བརྡབས་སྐྱོན་ཞིག་བྱུང་ནས་རྭ་སྐྱེས་སོང་བ་དང་། ལོ་ཉི་ཤུ་ཙམ་སོང་ཟེར། ཕྱིས་སུ་བཤགས་བཅོས་བྱས་ནས་རྭ་དེ་བཀོག་པ་རེད། རྭའི་རིང་ཐུང་ལ་ལིའི་རྨིད་(སྐར་མ)17ཙམ་ཡོད།

རྒྱ་ཡུལ་དུང་ཨན་དུ་གཞིས་ཆགས་པའི་རྒན་པོ་ཝང་ཞེས་པ་ད་ལོ་ ལོ་72ལ་སོན་པ་དེར་ལོ་གསུམ་ཙམ་ཞིག་གི་སྔོན་དུ་རིང་ཚད་ལ་ལིའི་རྨིད་བཞི་ཙམ་ཡོད་པའི་རྭ་ཞིག་སྐྱེས། རྭ་དེ་ནི་ལུག་གི་རྭ་ཅོ་དང་ཧ་ཅང་འདྲ། རྭ་དེས་རྒན་པོ་ཝང་གི་རྒྱུན་གཏན་འཚོ་བར་སྟབས་མི་བདེ་བ་བཟོས་པ་མ་ཟད། སེམས་ཁམས་ལའང་གནོད་འཚེ་བཟོས།

ཧུའུ་པེ་ཞིང་ཆེན་དུ་ལི་ཀྲི་པིང་ཞེས་པ་ལོ་62ལ་སོན་པ་ཞིག་ཡོད། ལོ་35སྔོན་འཇིང་པའི་སྟེང་ལིའི་རྨིད་(སྐར་མ)15ཙམ་ཡོད་པའི་རྭ་ཞིག་སྐྱེས། ཡ་མཚན་ཆེ་བ་ཞིག་ལ་རྭ་དེ་ལོ་གཅིག་ནང་སོག་ལེས་ཐེངས་གཉིས་བཞར་དགོས་ཀྱི་ཡོད།

 

མགོ་བོར་རྭ་སྦོམ་སྐྱེས་ཡོད་པ་དེའི་མིང་ལ་ཅང་ནེའེ་ལིན་ཟེར། སྨན་པས་ཟེར་ན་རྭ་སྦོམ་དེས་མགོ་བོ་སྐྲང་སྦོས་ཚབས་ཆེན་བྱུང་ཉེན་ཡོད་པས་ངེས་པར་དུ་བཞར་དགོས་ཚུལ་བརྗོད་ཀྱང་རྒན་པོའི་ཁྱིམ་དབུལ་བས་བཤགས་བཅོས་བྱེད་མ་ཐུབ་པ་རེད།
རྒྱ་ནག་ཧུའུ་ནན་དུ་ཡོད་པའི་རྒན་མོ་ལོ101སོན་པ་དེར་2009ལོར་རྭ་ཅོ་ཞིག་སྐྱེས། ད་ཆ་རྭའི་རིང་ཚད་ལ་ཚོན་7ཙམ་ཟིན།

ཁྱིམ་ཚང་སི་ཁྲོན་ཞིང་ཆེན་ཨན་ཡོས་རྫོང་དུ་ཡོད་པའི་རྒན་མོ་ལིའུ་ཞེས་པ་དེའི་མགོ་བོར་ཧ་ཅང་ཆེ་བའི་གླང་གི་རྭ་འདྲ་བ་ཞིག་སྐྱེས་ཡོད། རྒན་མོའི་མདོག་དབྱིབས་འཇིགས་སུ་རུང་ཆགས་སྟབས་ཁྱིམ་མི་རྣམས་རྒན་མོའི་འཁྲིས་སུ་བཅར་མི་ཕོད་ཟེར།

ཁྱིམ་ཚང་ཧྭ་ནན་དུ་ཡོད་ཅིང་ལོ་88སོན་པའི་རྒན་མོ་མཱ་ཞེས་པར་མགོ་བོར་རྭ་ཞིག་སྐྱེས་ཡོད། ཆེད་ལས་ཞིབ་འཇུག་མི་སྣ་ཚོས་ཟེར་ན་དེ་ནི་ལོ་ན་རྒས་པའི་སྟོབས་ཀྱིས་ལྤགས་པ་རྙིིང་རུལ་དུ་སོང་བའི་རྐྱེན་ལས་བྱུང་ཚུལ་ཤོད་བཞིན་ཡོད་འདུག

བཤགས་བཅོས་དང་ལེན་བྱེད་བཞིན་ཡོད་པའི་རྒན་པོ་ཀྲང་ཡན་ཚའེ་ཡི་མགོ་བོར་རྭ་ཞིག་སྐྱེས་ཡོད། རིང་ཚད་ལ་ཁྱོན་བསྡོམས་སྐར་མ་བཞི་ཙམ་ཡོད། རྭ་རྩེར་གུག་ཆ་ཞིག་ཀྱང་ཡོད།

ཧྥིང་ཏིང་ཧྲན་ལུའུ་ཧྲན་རྫོང་དུ་རྒན་མོ་ཞིག་གི་མགོ་བོར་རྭ་ཞིག་སྐྱེས་ཡོད། འོན་ཀྱང་ཆེད་ལས་ཞིབ་འཇུག་པས་དེ་ལྤགས་རྭ་ཡིན་པ་ལས་རྭ་ངོ་མ་མིན་པར་བརྗོད་འདུག

རང་བྱུང་ཁམས་ཀྱི་ཚད་འགལ་གསང་བ་ལས་གཙང་སྨྱོན་གྱིས་ཡིག་བསྒྱུར་བྱས།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*