ཚན་རིག་དང་མཐུན་པའི་ཚེ་ཇེ་རིང་དུ་གཏོང་ཐབས།

 མཛམ་གླིང་རྒྱལ་ཁབ་ཁག་གི་ཞིབ་འཇུག་ལས་ཁུངས་ཀྱིས་ཞིབ་འཇུག་གྲུབ་འབྲས་གསར་པ་མང་པོ་ཞིག་སྤྱི་བསྒྲགས་བྱས་ཡོད་པའི་ནང་ནས་ང་ཚོས་ཚེ་སྲོག་ཇེ་རིང་དུ་འགྲོ་བའི་ཐབས་ཤེས་༢༠ཟུར་དུ་བཏོན་ཡོད་དེ། གོ་ཆོད་སྟབས་བདེའི་ཤེས་བྱ་དེ་དག་ལྷན་རྒྱས་ནས་ངེས་པར་དུ་གཟིགས་དགོས། 
 ༡ གླུ་གཏོང་བ།  
 ཨ་རིའི་རྒན་རྒོན་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། གླུ་གཞས་མཁས་པའི་སྙིང་ཁམས་ནུས་པ་མི་དཀྱུས་མ་ལས་འཕར་ཤུགས་ཆེ་བ་ཡོད་པ་དང་། གླུ་བཏང་ན་ཚེ་རིང་དུ་འགྲོ་གི་ཡོད་པ་རེད། 
༢ རྒྱུགས་ཤར་གློད་པ།
 ཨ་རིའི་ཉིའུ་ཡུའེ་དུས་དེབ་ནང་བཀོད་པ་ལྟར་ན། ཉིན་ལྟར་རྒྱུགས་ཤར་གློད་པའི་གོམས་གཤིས་ཡོད་མཁན་གྱི་ཚེ་ལོ་གསུམ་གྱི་རིང་དུ་འགྲོ་གི་ཡོད་པ་དང་། ཉིན་ལྟར་སྐར་མ་ལྔ་རྒྱུགས་ཤར་གློད་པའི་གོམས་གཤིས་རྒྱུན་འཁྱོངས་ཐུབ་ཚེ་གཟུགས་གཞི་བདེ་ཐང་ཡོང་ཐུབ།
༣ སྡོད་ཡུན་རིང་རྒྱུ་མེད།
 དར་མ་དང་རྒན་རྒོན་ཚོ་ཡུན་རིང་སྡོད་རྒྱུ་མེད། ཨ་རིའི་གསོ་རིག་དུས་དེས་ཐོག་བཀོད་པའི་ཞིབ་འཇུག་ནང་གསལ་པ་ལྟར་ན། ཉིན་ལྟར་ཆུ་ཚོད་༣ཡན་ཙོག་སྡོད་བྱེད་མཁན་གྱི་ཚེ་ཚད་ལོ་གཉིས་ཀྱི་ཐུང་དུ་འགྲོ་གི་ཡོད་པ་རེད། 
༤ལྒ་སྐྱ་ཟ་བ། 
 ཞིབ་འཇུག་བྱས་པ་ལྟར་ན་སྒ་ལ་ནད་རིགས་མང་པོ་ཞིག་འགོག་པའི་ནུས་རྒྱུ་ལྡན་ཡོད། 
༥ཅོ་ཨེར་ཉུང་ཙམ་འཐེན་དགོས།
 སུའེ་ཏེན་ཀོ་ཏོའུ་པའོ་སློབ་ཆེན་གྱི་ཞིབ་འཇུག་ལས་ཤེས་གསལ། མི་རྣམས་ཀྱིས་ཅོ་ཨེར་འཐེན་ཚད་ཉུང་དུ་བཏང་ཚེ། རྒན་བཟོ་དོད་དུ་མི་འགྲོ་བ་མ་ཟད། གཅིན་སྙི་ཟ་ཁུ་དང་། སྐྲན་ནད་སོགས་ཕོག་ཚད་མངོན་གསལ་དོད་པོས་དམའ་རུ་འགྲོ་གི་ཡོད།
༦ སྔོ་ཚོད་རིགས་ཟ་བ།
  རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ལས་དངོས་སུ་ར་སྤྲོད་བྱས་པར། སྔོ་ཚོད་རིགས་ལ་གུང་ལ་ཕུག་གི་རྒྱུ་དང་ལོ་མའི་སེར་རྒྱུ་ཕུན་སུམ་ཚོགས་པོ་ཡོད་པས་སྔོ་ཚོད་རིགས་མང་ཙམ་ཟས་ན་རུས་སོབ་ཀྱི་ནད་སྔོན་འགོག་བྱེད་ཐུབ
༧ འཐམ་པ།
 ཨ་རིའི་ཧོ་ཧྥུན་ཏུན་སྦྲག་སྲིད་ཚགས་པར་ཐོག་བཀོད་པར། འཐམ་འཁྱུད་བྱས་ཚེ་ཁྲག་ཤེད་དམའ་རུ་འགྲོ་ཞིང་སྙིང་ཁར་ཕན་གྱི་ཡོད།
༨ཀོ་པི་ཟ་བ།
 ཉེ་དུས་ཨ་རིའི་ཚན་རིག་མཁས་པས་ཀོ་པི་ཟས་ན་སྐྲན་ནད་སྔོན་འགོག་ཐུབ་པ་མ་ཟད། ད་དུང་། གློ་བའི་ནང་གི་ཕན་མེད་གནོད་འབུ་གཙང་སེལ་བྱེད་ཐུབ་ཅེས་གསུངས་ཡོད་པ་རེད།  
 ༩ གཉིད་ཀྱི་སྤུས་ཚད།
 ཨ་རིའི་ཀྲེ་ཅ་ཀོ་སློབ་ཆེན་གྱི་ཞིབ་འཇུལ་བྱས་པ་ལས་མངོན་པར། གཉིད་ཡག་པོ་མ་ཁུག་ཚེ་སྐྲན་ནད་ཀྱི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པ་རེད། 
༡༠ སེམས་སྐྱིད་པོ།
 ཨ་རིའི་ཨའེ་ཏིང་པའོ་སློབ་ཆེན་སོགས་ཀྱི་ཞིབ་འཇུག་མི་སྣས། མི་ཁྲི་༧གྱི་བདེ་ཐང་དཔྱད་གཞི་ལ་དབྱེ་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བར། སེམས་ཁྲལ་བྱེད་མཁན་ལ་སྙིང་ནད་དང་གྲིབ་ནད་ཕོག་སླ།
༡༡ མངར་ཆ་ཉུང་ཙམ་བཟའ་དགོས།
 ཨ་རིའི་གསོ་རིག་ཚོགས་པའི་ཁོག་ནད་ཚན་ཁག་གི་ཞིབ་འཇུག་བྱས་ཏེ་ མངར་ཆའི་ཤས་ཆེ་རུ་འགྲོ་བ་དང་བསྟུན་ནས། སྙིང་ཁམས་ཁྲག་རྩའི་ནད་ཀྱིས་ཤི་མཁན་ཇེ་མང་དུ་འགྲོ་གི་ཡོད་ཅེས་དུས་དེབ་ཐོག་བཀོད་ཡོད་པ་རེད། 
༡༢ སེམས་རྣལ་དུ་ཕབ་པ།
 ཧ་ཧྥ་སློབ་ཆེན་གྱི་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར། ཁོང་ཁྲོ་ལངས་པའི་ཆུ་ཚོད་གཉིས་ཀྱི་རྗེས། མིའི་སྙིང་ནད་ཕོག་ཚད་ལྡབ་ལྔ་ཆེ་རུ་འགྲོ་བ་དང་། གྲིབ་ནད་ཕོག་ཚད་ལྡབ་གསུམ་གྱི་ཆེ་རུ་འགྲོ་གི་ཡོད། 
༡༣ ཇ་འཐུང་བ།
 ཨ་རིའི་མ་ཧྲེང་རང་བྱུང་ཚན་རིག་སློབ་གླིང་གི་ཞིབ་འཇུག་པས་ཤེས་རྟོགས་བྱུང་བར།ཇ་བཏུང་ན་སྙིང་ནད་དང་གྲིབ་ནད་ཕོག་ཚད་ཉུང་དུ་འགྲོ་བ་མ་ཟད། རྒས་ཚད་ཇེ་དལ་དུ་འགྲོ་གི་ཡོད། 
༡༤ ཀུ་ཤུ་ཟ་བ།
 ཤོད་རྒྱུན་ལྟར་ཉི་མ་རེ་ལ་ཀུ་ཤུ་རེ། ནད་རིགས་ཀུན་དང་ཁ་བྲལ་ཟེར་བ་ལྟར་རོ།
༡༥བརྙན་འཕྲིན་ཉུང་ཙམ་བལྟ་བ།
 ཨའོ་ཏ་ལི་ཡ་ཞིབ་འཇུག་པས་ཤེས་རྟོགས་བྱུང་བར། ཉིན་རེར་བརྙན་འཕྲིན་ཆུ་ཚོད་གཅིག་གི་མང་བ་བལྟས་ཚེ། སྙིང་ཁམས་ཁྲག་རྩའི་ནད་ཕོག་པ་བརྒྱ་ཆའི་༡༨ཀྱི་མཐོ་རུ་འགྲོ་གི་ཡོད་པ་རེད།
༡༦ ཞབས་བྲོ་རྒྱག་པ།
 དབྱིན་ཅིའི་སི་ཐེ་ལིང་སློབ་ཆེན་གྱི་ཚན་རིག་མཁས་པའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། ཞབས་བྲོ་བརྒྱབ་ཚེ་ལུས་ཀྱི་ཟུངས་ཁྲ་འཁོར་སྐྱོད་མགྱོགས་སུ་ཕྱིན་ཏེ། རྒན་རྒོན་གྱི་ཀླད་ཁྲག་མཁོ་འདོན་ཐུབ་པ་དང་གླེན་ནད་སྔོན་འགོག་བྱེད་ཐུབ། 
༡༧སྒོག་ཙོང་ཟ་བ།
ཀྲུང་གོའི་ཀྲོ་ཅང་སྨན་རྫས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལས་མངོན་པར། སྒོག་ཙོང་ནང་གི་ཟ་ཤུགས་ཆེ་བའི་གྲུབ་ཆས་ཁྲག་རྩ་མཁྲེགས་འགྱུར་དང་ཁྲག་རྩ་འགག་པ་སྔོན་འགོག་ཐུབ་པ་དང་། མཁྲིས་ཤས་དམའ་རུ་འགྲོ་ཞིང་ཁྲག་རྡོག་ཉུང་དུ་འགྲོ་བ། མངར་ཆ་སྙོམས་སྒྲིག་དང་སྐྲན་ནད་སྔོན་འགོག་སོགས་བྱ་ཐུབ་ཀྱི་ཡོད་པ་རེད། 
༡༨ཤུན་མཁྲེགས་ཤིང་ཏོག་ཟ་བ།
 ཨའོ་ཏ་ལི་ཡ་མཁས་དབང་གི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། ཉིན་ལྟར་ཤུན་མཁྲེགས་ཤིང་ཏོག་ཟས་ཚེ་སྙིང་ནད་ཕོག་པ་བརྒྱ་ཆ་༢༩དམའ་རུ་འགྲོ་གི་ཡོད་པ་དང་། སྐྲན་ནད་ཕོག་པ་བརྒྱ་ཆ་༡༡གི་དམའ་རུ་ཕྱིན་ཏེ། ཤི་ཚད་མངོན་གསལ་དོད་པོས་ཉུང་དུ་འགྲོ་གི་ཡོད་པ་རེད།
༡༩ སོ་ལ་སྲུང་སྐྱོབ།
 སུའེ་ཏན་ཚན་རིག་མཁས་པའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། སོ་རྙིལ་གཉན་ཚད་ཀྱིས་ཁྲག་རྩ་མཁྲེགས་འགྱུར་བྱེད་པ་དང་སྙིང་ཁམས་ཁྲག་རྩའི་ནད་སློང་གི་ཡོད། 
༢༠ གད་མོ་དགོད་པ།
 འཇར་པན་ཞིབ་འཇུག་མི་སྣས་རྗེས་འདེད་བརྟག་ཞིབ་བྱས་པ་བརྒྱུད། གད་མོ་བགད་ན་ཁྲག་ཤེད་དམའ་རུ་འགྲོ་གི་ཡོད་པ་རེད།
  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*