མདང་ནུབ་ཟླ་བ་གཟའ་ཡིས་འཛིན་སོང་ངམ།

མདང་ནུབ་ཟླ་བ་གཟའ་ཡིས་འཛིན་པ་རེད་དམ་ཞེ་ན། དེ་ནི་རྩ་བ་མིན་ཏེ། ༧ འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། རིགས་ཀྱི་བུ་དཔེར་ན། ཟླ་བ་དང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཕྲད་པའི་ཚེ། འཇིག་རྟེན་པ་རྣམས་ཀྱིས་ཟླ་བ་གཟས་ཟིན་ཏོ་སྙམ་དུ་འཛིན་ཏེ། སྒྲ་གཅན་ནི་ཟླ་བ་ལ་འཛིན་པར་ཡང་མི་བྱེད་ལ། དེས་ནི་དེ་ལ་ཟ་བར་ཡང་མི་ནུས་ཏེ་སྒྲ་གཅན་གྱི་ལག་པས་ཟླ་བ་བསྒྲིབས་ནས་འོད་མི་སྣང་བར་བྱེད་པར་ཟད་དེ། ཟླ་བ་ལ་རྨ་ཡང་མེད། ཉོན་མོངས་པ་ཡང་མེད་དོ།། ཇི་ཙམ་དུ་སྒྲ་གཅན་གྱི་ལག་པས་ཟླ་བ་བཀབ་པ་དེ་ཙམ་དུ་ཟླ་བའི་འོད་མི་སྣང་བར་འགྱུར་ལ། སྒྲ་གཅན་གྱིས་ཟླ་བ་བཏང་བའི་ཚེ་ནི་ཁ་ནས་བྱུང་བ་ལྟ་བུར་སྣང་སྟེ། མི་རྣམས་ཀྱིས་ཟླ་བ་ནི་སྡུག་བསྔལ་ཞིང་འདུག་གོ་སྙམ་དུ་འཛིན་ཏོ།། ཞེས་གསུངས་པ་ལས་རྟོགས་ནུས་ལ།  གཤམ་གྱི་ཚན་རིག་པའི་ངོ་སྤྲོད་བརྙན་ཐུང་ལས་ཤེས་ནུས། འོ་ན་ཅིའི་ཕྱིར་ཉི་འཛིན་དང་ཟླ་འཛིན་དུས་སུ་ཀུན་བཟང་སྨོན་ལམ་འདོན་ཞིང་དགེ་བ་བསྒྲུབ་ན་ཕན་ཡོན་ཆེ་བ་ཡིན་ནམ་སྙམ་ཚེ། དེ་ཡང་ཀུན་བཟང་སྨོན་ལམ་ལས། ཉི་ཟླ་གཟའ་ཡིས་ཟིན་པའམསྒྲ་དང་ས་གཡོས་བྱུང་བའམ༔ ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ རྣལ་འབྱོར་ང་ཡི་སྨོན་ལམ་གྱིས༔སྡུག་བསྔལ་རིམ་གྱིས་གྲོལ་ནས་ཀྱང་༔ ཐའ་རུ་སངས་རྒྱས་ཐོབ་པར་ཤོག༔ཅེས་གསུངས་ཤིང་། ཉིན་དེར་དགེ་བ་བསྒྲུབ་ན་ཕན་ཡོན་ཆེ་ཚུལ་ཡང་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་དུམ་ཞིག་འབུལ་བར་བྱ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*