ས་པཎ་རྗེས་དྲན།

ཚིག_ཤར་གྱི་དུང་དཀར།
དབྱངས_རྒན་དཔལ་མགོན།
ལེན་མཁན_ཀུན་དགའ་བསྟན་འཛིན།

ས་སྐྱ་པཎ་ཆེན་ལགས་ཡེ་་་་་་
སྐུ་དམར་སེར་ཕྱག་ན་རལ་གྲི་ཅན།།
ཡར་ཕེབས་སའི་མངོན་དགའི་ཞིང་ཁམས་རེད།།
ས་སྐྱ་པཎ་ཆེན་ལགས་ཡེ་་་་་
མར་ཕེབས་ན་འཛམ་གླིང་རྒྱན་གཅིག་རེད།།
ཁྱེད་མེད་ན་འཇིན་རྟེན་མུན་ནག་རེད།།
ས་སྐྱ་པཎ་ཆེན་ལགས་ཡེ་་་
གསུང་འགག་མེད་སྤྲོས་པ་ཀུན་བྲལ་ཅན།།
ཡར་ཕེབས་སའི་གསེར་གྱི་ཁྲི་འཕང་རེད།།
ས་སྐྱ་པཎ་ཆེན་ལགས་ཡེ་་་་་
མར་འབབ་རྒྱུ་ཆོས་ཀྱི་སྦྲང་ཆར་རེད།།
ཁྱེད་མེད་ན་བོད་འབངས་སྟོང་བ་རེད།།
ས་སྐྱ་པཎ་ཆེན་ལགས་ཡེ་་་་
ཐུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན།།
ལུང་རིགས་པ་ཕྱུག་པའི་བང་མཛོད་རེད།།
ས་སྐྱ་པཎ་ཆེན་ལགས་ཡེ་་་་་
བཀའ་མདོ་རྒྱུད་གནས་ལྔའི་པཎྜི་ཏ།།
ཁྱེད་འཛམ་གླིང་མཛེས་པའི་རྒྱན་གཅིག་རེད།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*