དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ཉི་ཤུ་རྩ་ལྔ་པ།

དེ་རིང་སྟེ། སྤྱི་ལོ།༢༠༡༦ ལོའི་སྤྱི་ཟླ་༡༢ པའི་ཚེས་༢༥ ཉིན་དཔལ་ས་སྐྱ་པའི་སྨོན་ལམ་ཆེན་མོ་དེ་གནས་མཆོག་ལུམྦཱིའི་ཚལ་དུ་དངོས་སུ་དབུ་འཛུགས་གནང་ཡོད་འདུག

དེ་ཡང་ས་སྐྱ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆེད་དུ་ཞབས་ཀྱི་བཅགས་པའི་དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་སྐུ་བགྲེས་གཞོན་རྣམ་པ་ས་ངོ་ཚར་རྫོང་དབུས་པའི་གདན་ས་ཁག་གི་དབུ་ཁྲིད་མཁན་པོ་རྣམ་པ་བཅས་གཙོས་པའི་རྒྱལ་བལ་འབྲུག་གསུམ་ཁུལ་གནས་པའི་ས་སྐྱ་ཆོས་བརྒྱུད་རྗེས་འཛིན་ཡོངས་ཀྱི་གྲྭ་བཙུན་གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་སེར་ཕོ་མོ་དང་སྨོན་ལམ་ཆེན་མོའི་དད་སྦྱིན་ཁག་ཅིག་ཁྱོན་མི་སྟོང་ཚོ་ཁ་ཤས་ཚོགས་ཕེབས་གནང་ཡོད་འདུག

སྤྱི་ཚེས་༢༥ དབུ་འཛུགས་གནང་བས་སྨོན་ལམ་ཆེན་མོ་ཉིན་བཅུ་རིང་ཚོགས་གཏན་ཁེལ་བ་དང་སྤྱི་ལོ་༢༠༡༧ སྤྱི་ཟླ་༡ ཚེས་ ༡ ཉིན་༸སྐྱབས་མགོན་༸གོང་མ་བདག་ཆེན་འཇིགས་བྲལ་༸རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དུ། རྡོ་རྗེ་སེམས་པའི་བླ་མཆོད་ཀྱི་ཆོ་ག་གསུང་རྒྱུ་དང་སྤྱི་ཚེས་༢ ཉིན་མོར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ། ༸འཁོན་གདུང་རཏྞ་བཛྲ་རིན་པོ་ཆེས་གཙོ་སྐྱོང་གནང་སྟེ་འདུས་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*