ཆོས་རྗེ་ས་སྐྱ་པཎྜི་ཏ་རྗེས་སུ་དྲན་པ།

ཆོས་རྗེ་ས་སྐྱ་པཎྜི་ཏ་རྗེས་སུ་དྲན་པ།

རྩོམ་པ་པོ་རིག་པའི་རྡོ་རྗེ།

གྱེར་འདོན་མ་གངས་རིའི་བདག་མོ།

ས་ཆེན་ལྗོངས་ན་གད་རྒྱངས་སྒྲོག་པས། །
ས་གསུམ་འགྲོ་བའི་སྙིང་རྩ་འདར། །
ས་སྟེང་ཀུན་ལ་སྙན་པར་གྲགས་པས། །
ས་སྐྱ་པཎ་ཆེན་ཞེས་སུ་གསོལ། །

གངས་ཅན་ལྗོངས་ན་གདུལ་བྱའི་དོན་དུ། །
འཇམ་དབྱངས་མི་ཡི་གཟུགས་སུ་བྱོན། །
ངོ་མཚར་མཚན་དཔེའི་ལང་ཚོའི་རྩལ་རྫོགས། །
མཁས་མང་བྱེ་བའི་དབུས་ན་མཛེས། །

སྔོན་ཆད་མ་བྱུང་གོ་ལའི་ཁྱོན་འདིར། །
བཅུ་ཕྲག་རིག་པ་སྲོལ་འབྱེད་པའི། །
རིགས་པ་སྨྲ་བའི་དཔའ་བོ་ཁྱེད་ཉིད། །
དཔལ་ལྡན་ས་སྐྱར་བྱོན་པ་ལེགས། །

དམ་པའི་མཛད་རྗེས་སྒང་ལ་བཞག་པས། །
སྲིད་གསུམ་ལྷ་མིས་གཙུག་ན་བཀུར། །
ལུང་རིགས་འབུམ་གྱིས་གཟི་བྱིན་འཕྲོས་པས། །
ལོ་པཎ་སྟོང་གིས་བསྔགས་ཚིག་གཏོར། །

རྣམ་དཔྱོད་རིགས་པའི་མཚོན་རྩེ་རྣོ་བས། །
མུ་སྟེགས་རྒོལ་ངན་ཕམ་པར་མཛད། །
གངས་ཅན་འགྲོ་བའི་དོན་དུ་གཟིགས་ཏེ། །
ཧོར་གྱི་དམག་དཔུང་བཟློགས་པར་མཛད། །

ཆོས་དང་ཆོས་མིན་རྣམ་པར་འབྱེད་དེ། །
ལོག་པར་སྨྲ་བ་སུན་ཕྱུང་ཞིང་། །
བཀའ་བསྡུ་བཞི་པ་ལྟ་བུར་མཛད་པའི། །
འཇམ་མགོན་ས་སྐྱ་པཎ་ཆེན་རྒྱལ། །

སྤྱི་ལོ་-༢༠༡༨-ལོའི་ཟླ་བ་-༡-ཚེས་༡-དང་བོད་ཟླ་-༡༡-ཚེས་-༡༤-ཉིན་ནས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*