ཁྲོ་ཕུ་ལོ་ཙཱ་བ་ལ་བསྐུར་བ་དང༌།

༼བ༽

༄༅། །ཁྲོ་ཕུ་ལོ་ཙྭ་བ་ལ་བསྐུར་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ཉིན་མོར་བྱེད་པའི་གཟི་ལྡན་ཞིང༌། །སྟོན་ཟླ་རྒྱས་པ་ལྟ་བུར་ཉེར་ཞི་བ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་འབྱུང་བ། །འགྲོ་བའི་བླ་མ་དེ་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྣམས་དང་ཐོས་དང་བསམ་ལྡན་ཞིང༌། །ཏིང་འཛིན་བརྩོན་པས་རང་རྒྱུད་ལེགས་སྦྱངས་ནས། །བསྡུ་བ་བཞི་ཡིས་གཞན་གྱི་དོན་བསྒྲུབ་པ། །སྲས་བཅས་རྒྱལ་བ་དགེས་པར་བྱེད་པ་སྟེ། །འདི་འདྲ་དམ་པ་རྣམས་ཀྱི་ཚུལ་ལགས་པས། །ཁྱེད་ཀྱི་མཛད་ལ་བསྐུལ་བ་ཅི་ཞིག་འཚལ། །དེ་ལྟ་མོད་ཀྱི་དོན་མེད་མི་འགྱུར་བས། །འདིར་ནི་དེ་སྐད་གླེང་བའང་དགོངས་པར་མཛོད། །དེ་ལྟར་སྤྲིང་བའི་ཡི་གེའི་རྟེན་དུ་ནི། །སྣ་ཚོགས་ཚོན་གྱིས་ལེགས་པར་བསྒྱུར་བའི་གོས། །རྣམ་པ་སྣ་ཚོགས་ཀུན་ནས་སྤེལ་ལེགས་པ། །རྒྱབ་ཡོལ་འདི་ནི་སྐུ་ཡི་རྟེན་དུ་འབུལ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*