ཕྱག་མཆོད་སྡིག་བཤགས་བསྔོ་བ་དང་བཅས་པ།

༼བ༽

༄༅། །ཕྱག་མཆོད་སྡིག་བཤགས་བསྔོ་བ་དང་བཅས་པ་བཞུགས།།

༄༅། །དུས་གསུམ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས། །གཅིག་ཏུ་བསྡུས་པ་དཔལ་ལྡན་ཆོས་ཀྱི་རྗེ། །གཞན་གྱི་དོན་དུ་སྐྱེ་བའི་སྐུར་སྟོན་པ། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྐང་གཉིས་གཙོ་བོ་ཐུབ་དབང་རྫོགས་སངས་རྒྱས། །ཞི་བ་ཆགས་བྲལ་ངེས་འབྱིན་དམ་པའི་ཆོས། །ཚོགས་ཀྱི་མཆོག་རབ་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་བདག་པོས་མ་བཟུང་བ། །ཡིད་ཀྱིས་སྤྲུལ་དང་བླ་ན་མེད་པ་ཡི། །མཆོད་སྤྲིན་རྒྱ་མཚོ་བཀོད་པའི་མཐའ་ཀླས་པས། །བླ་མ་རྣམས་དང་དཀོན་མཆོག་མཆོད་པར་བགྱི། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །ལུས་ངག་ཡིད་ཀྱིས་སྡིག་པ་ཅི་བགྱིས་པ། །བླ་མ་རྣམས་དང་དཀོན་མཆོག་སྤྱན་སྔར་བཤགས། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་ཡི། །དགེ་བ་འདི་དང་དགེ་བ་མ་ལུས་གཞན། །ཐམས་ཅད་བློ་ཡིས་གཅིག་ཏུ་བསྡོམས་བྱས་ནས། །སངས་རྒྱས་ཐོབ་ཕྱིར་ཡོངས་སུ་བསྔོ་བར་བགྱི། །བླ་མ་རྣམས་དང་དཀོན་མཆོག་རིན་ཆེན་དང༌། །ཆོས་སྐྱོང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི། །བདེན་པའི་མཐུ་ཡིས་དེང་འདིར་བདེ་ལེགས་ཤོག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*