དུག་དབྱུང་བ།

༼བ༽

༄༅། །དུག་དབྱུང་བ་བཞུགས།།

༄༅། །སངས་རྒྱས་ཀུན་གྱི་གཟི་བརྗིད་དང༌། །རང་རྒྱལ་དག་གི་གཟི་བརྗིད་དང༌། །དགྲ་བཅོམ་དག་གི་མཐུ་དག་དང༌། །གསང་སྔགས་འཛིན་པ་ཐམས་ཅད་དང༌། །ཤཱ་རིའི་བུ་ཡི་ཤེས་རབ་དང༌། །མཽ་དགལ་བུ་ཡི་རྫུ་འཕྲུལ་དང༌། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང༌། །ཀོའུ་ཌེ་ནྱའི་སྔར་ཐོབ་དང༌། །ཀུན་དགའ་བོ་ཡི་ཐོས་པ་དང༌། །ཚངས་པ་ལྷ་ཡི་བྱམས་པ་དང༌། །བརྒྱ་བྱིན་གྱི་ནི་དབང་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང༌། །དབང་ཕྱུག་ཆེན་པོའི་སྟོབས་དག་དང༌། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང༌། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང༌། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །དུག་མེད་དུག་རྣམས་འཇིག་བྱེད་ཤོག །སྱཱ་དྱ་ཐེ་དན། ཧ་རི་གི་ཤི་ན་ཀི་ལི། ཨེ་ཧེ་རེ། ཨ་མ་རེ། ཨཎྜ་རེ། པཎྜ་རེ། ཀ་ཊ་ཀེ ཀེ་ཡཱུ་རེ། ཧ་སེ་ཧ་སེ་ཧ་སེ། ཁ་སེ་ཁ་སེ་ཁ་སེ་ཁ་རྃ་གེ མ་རུ་ག་ཧ་ཎེ་སྭཱ་ཧཱ། མུ་མུ་ཀྵ་སྭཱ་ཧཱ། ཧི་ལེ་སྭཱ་ཧཱ། མི་ལེ་སྭཱ་ཧཱ། འབྲས་དང་རྨ་དང་ཤུ་བ་དང༌། །གཡན་པ་དང་ནི་འབྲུམ་བུ་དང༌། །ལྷོག་པ་དང་ནི་གཡའ་བ་ནི། །བདུན་པ་ལགས་ཏེ་རབ་ཏུ་བཅོམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མི་མངའ། །ཆོས་ཀྱི་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་གཟི་ཡིས་དུག་བཅོམ་མོ། །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །ཆུ་ནི་དུག་གི་མ་ཡིན་ཏེ། །ཆུ་ནི་དུག་གི་ཕ་ཡང་ཡིན། །མེ་ནི་དུག་གི་མ་ཡིན་ཏེ། །མེ་ནི་དུག་གི་ཕ་ཡང་ཡིན། །རླུང་ནི་དུག་གི་མ་ཡིན་ཏེ། །རླུང་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་དེ་དག་གིས། །བདག་གི་དུག་ནི་དུག་མེད་ཤོག །དུག་ནི་འབྱུང་བའི་ནང་དུ་སོང༌། །གང་བའི་སྣོད་དུ་དུག་སོང་ཅིག་སྭཱ་ཧཱ། དུག་དབྱུང་བ་སྟེ་དགུ་པའོ།།  །།ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶྃ་གྷཱ་ཡ། ན་མཿསུ་ཝརྞ་ཨ་བ་བྷ་ས་སྱ་མ་ཡཱུ་ར་རཱ་ཛྙེ། ན་མོ་མ་ཧཱ་མ་ཡཱུ་རཱ་ཡ་བིདྱཱ་རཱ་ཛྙེ། ཏདྱ་ཐཱ། སིདྡྷེ་སུ་སིདྡྷེ། མོ་ཙ་ནི། མོ་ཀྵ་ནི། མུཀྟེ། བི་མུཀྟེ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཨཎྜ་རེ། པཎྜ་རེ། མངྒ་ལྱེ། མཾ་ག་ལྱེ། ཧི་ར་ཎྱཻ། ཧི་ར་ཎྱ་གརྦྷེ། རཏྣེ། རཏྣ་གརྦྷེ། བྷ་དྲེ་སུ་བྷ་དྲེ། ས་མནྟ་བྷ་དྲེ། ཤྲཱི་བྷ་དྲེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མཱརྠ་སཱ་དྷ་ནི། སརྦ་ཨ་ནརྠ་པྲ་བ་དྷ་ནི། སརྦ་མཾ་ག་ལ་སཱ་དྷ་ནི། སརྦ་ཨ་མངྒ་ལ་སཱ་དྷ་ནི། ཡ་ཤོ་བ་ཏི། མ་ན་སི། མཱ་ན་སི། མ་ཧཱ་མཱ་ན་སཱི། ཨ་ཙརྻུ་ཏེ། ཨདྦྷུ་ཏེ། ཨད་དྱཾ་བྷུ་ཏེ། མུཀྟེ། བི་མུཀྟེ། མོ་ཙ་ནི། མོ་ཤཀྵ་ནི། བྲཧྨེ། ཨ་ར་ཛེ། བི་ར་ཛེ། བི་མ་ལེ། ཨ་མྲྀ་ཏེ། ཨ་མྲྀ་ཏ་ཝརྵ་ནི། ཨ་མ་རེ། ཨ་མ་ར་ཎི། བྲཧྨེ་བྲཧྨ་སྭ་རེ། པཱུརྞ་ཎེ་པཱུརྞཎ་མ་ནོ་ར་ཐེ། ཨ་མྲྀ་ཏེ། ཨ་མྲྀ་ཏ་སཉྫཱི་ཝ་ནི། ཤྲཱི་བྷ་དྲེ། ཙནྡྲེ་ཙནྡྲ་པྲ་བྷེ་དྲེ། སཱུརྻེ་སཱུརྻ་ཀཱནྟེ། བཱི་ཏ་བྷ་ཡེ། སརྦ་སུ་ཝརྞ་ཎེ། སུ་ཝརྞ་ཎ་པྲ་བྷེ། བྲཧྨ་གྷོ་ཥེ། བྲཧྨ་ཛུཥྚེ། སརྦ་ཏྲ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་དགེ་བ་དང༌། བདག་ལ་སྲུང་བར་མཛད་དུ་གསོལ་ལོ། །བདག་ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱུར་ཅིག ཏདྱ་ཐཱ། ཧུ་ཙི་ཤུ་ཙི་གྷུ་ཙི་མུ་ཙི་སྭཱ་ཧཱ། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །རང་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །དགྲ་བཅོམ་པའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཕྱིར་མི་འོང་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ལན་ཅིག་ཕྱིར་འོང་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །རྒྱུན་ཏུ་ཞུགས་པའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །བདེན་པར་སྨྲ་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཚངས་པའི་མེ་དབལ་གྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །དབང་པོའི་རྡོ་རྗེའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཁྱབ་འཇུག་གི་འཁོར་ལོས་དུག་བཅོམ་མོ། །གཤིན་རྗེའི་བེ་ཅོན་གྱིས་དུག་བཅོམ་མོ། །ཆུ་ལྷའི་ཞགས་པས་དུག་བཅོམ་མོ། །ལྷ་མ་ཡིན་གྱི་སྒྱུས་དུག་བཅོམ་མོ། །ཀླུའི་རིག་སྔགས་ཀྱིས་དུག་བཅོམ་མོ། །དྲག་པོའི་མདུང་རྩེས་དུག་བཅོམ་མོ། །སྐེམ་བྱེད་ཀྱི་མདུང་ཐུང་གིས་དུག་བཅོམ་མོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ། །དུག་སའི་ནང་དུ་སོང་ཞིག བདག་དུག་ཐམས་ཅད་དང༌། བེའུ་ལྟ་བུའི་དུག་དང༌། ཧ་ལ་ཧ་ལའི་དུག་དང༌། ནག་པོ་བརྩེགས་པའི་དུག་དང༌། མཆེ་བའི་དུག་དང༌། རྩ་བའི་དུག་དང༌། ཁ་ཟས་ཀྱི་དུག་དང༌། ཕྱེ་མའི་དུག་དང༌། ལྟ་བའི་དུག་དང༌། གློག་གི་དུག་དང༌། སྤྲིན་གྱི་དུག་དང༌། སྦྲུལ་དང༌། བྱི་བ་དང༌། སྲིན་བུ་ཀི་ཏ་དང༌། ལུ་ཏ་དང༌། ཀ་ན་བྷ་དང༌། སྦལ་བ་དང༌། སྦྲང་བུ་དང༌། བུང་བ་དང༌། བ་ཏ་རི་དང༌། ཏྲེ་མ་པུ་ཀ་དང༌། ཏྲེ་ལ་ཏའི་དུག་དང༌། མིའི་དུག་དང༌། སྡིག་པའི་དུག་དང༌། མི་མ་ཡིན་པའི་དུག་དང༌། དོགས་པའི་དུག་དང༌། སྨན་པའི་དུག་དང༌། རིག་སྔགས་ཀྱི་དུག་ལས་བདེ་ལེགས་སུ་གྱུར་ཅིག དུག་ཐམས་ཅད་ལས་བདག་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། དུག་དབྱུང་བ་གཉིས་པ་སྟེ་བཅུ་པའོ།།  །།སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་སོ། །དགེ་འདུན་མུ་སྟེགས་བྱེད་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་ལས་ནི་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྤྲིན་ལས་རབ་ཏུ་རྒྱལ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་འགྱུར་བརྫུན་མ་ལགས། །སྱཱ་དྱ་ཐེ་དན། ཨ་མྲྀ་ཏེ། ཨ་གྲ་པུཥྤ་བ་ཧུ་ཕ་ལེ། ནི་པཱ་ར་ཎི། སརྦ་ཨརྠ་སཱ་དྷ་ནི། ཨ་པ་རཱ་ཛི་ཏེ། བ་ར་ཊེ་དྷཱ་ར་ཎི། གུ་ཧྱཱ་བརྟ་ཏེ། གཽ་ཏ་མེ། གུ་གུ་ཏ་མ་ཏི། ཛམྦྷ་ནི་སྭཱ་ཧཱ། པྲ་ཛམྦྷ་ནི་སྭཱ་ཧཱ། བ་ལ་པྲ་བྷ་ཉྫ་ནི་སྭཱ་ཧཱ། ཛ་ཡེ་སྭཱ་ཧཱ། བི་ཛ་ཡེ་སྭཱ་ཧཱ། ཛ་ཡ་བི་ཛ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད་རབ་ཏུ་ཕམ། །ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ་སྭཱ་ཧཱ། རྒྱལ་བར་བྱེད་པ་སྟེ་བཅུ་གཅིག་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*