དབང་བསྐུར་བའི་ཆོ་གའི་སྡོམ་ཚིག

༼ཕ༽

༄༅། །དབང་བསྐུར་བའི་ཆོ་གའི་སྡོམ་ཚིག་བཞུགས།།

༄༅། །རིགས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས། །སྔོན་འགྲོ་སྦྱངས་ནས་མཚམས་གཅད་བྱ། །གནས་དང་མཆོད་པ་བྱིན་ཕབ་ནས། །བདག་བསྐྱེད་མཆོད་ནས་བཟླས་པ་བྱ། །བུམ་པ་གསལ་གདབ་མཆོད་ནས་བཟླ། །དཀྱིལ་འཁོར་བསྒྲུབས་ནས་བྱིན་གྱིས་བརླབ། །མཆོད་བསྟོད་གཏོར་མ་རྣམས་བདུན་གཏང༌། །གཙོ་མོའི་བུམ་སྟེང་མཆོད་རྟེན་ནི། །མིང་བྱང་བཅས་ལ་ཀུན་ཏུ་དང༌། །དཱུར་བ་སྔགས་དང་བཅས་པས་མཆོད། །ཕྱོགས་བཞིའི་གཏོར་མ་ཕྱོགས་ནས་གཏང༌། །སོ་སོའི་གཏོར་བཅས་ལྷ་གཞན་ལ། །གསོལ་བ་བཏབ་ནས་སླར་ཡང་མཆོད། །བྱུར་བསལ་དུག་དབྱུང་རྣམ་གཉིས་བྱ། །རྒྱལ་བར་བྱེད་པས་བསླངས་ནས་ནི། །གོས་སར་རྒྱན་གྱིས་བརྒྱན་བྱས་ནས། །དབང་བསྐུར་དོན་དུ་གསོལ་བ་གདབ། །སྤྱི་བོར་བུམ་བཞག་སོར་འབྲང་གི །གཟུངས་རིངས་གཉིས་དང་སྔགས་གཞན་གྱིས། །དབང་བསྐུར་ནས་ནི་སྔགས་ཀྱིས་བསྲུང༌། །བསྲུང་འཁོར་གདགས་ཤིང་རྡོ་རྗེས་བསྲུང༌། །བདེན་པའི་སྟོབས་ཀྱིས་བསྲུང་བྱས་ནས། །སྨན་ནམ་ཟས་ལ་བདེན་པའི་སྟོབས། །བརྗོད་ནས་མངའ་དབུལ་ཤིས་པ་བརྗོད། །ཡོན་བླང་མཆོད་བསྟོད་གཤེགས་སུ་གསོལ། །དམ་པས་བསྐུལ་ནས་འཕགས་པས་སྦྱར།།  །།དེ་ནས་ཡོན་གྱི་བདག་པོས་མཎྜལ་ཕུལ་ལ་མེ་ཏོག་བཟུང་ནས་འདི་སྐད་ཅེས། ཨོཾ་མུ་ནི་མུ་ནི་བ་རེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིག་པའི་དབང་བསྐུར་བ་རྡོ་རྗེའི་གོ་ཆ་ཆེན་པོའི་ཕྱག་རྒྱས་བཏབ་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷི་ཥྛི་ཏེ་བཛྲ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས་ཀྱང་མེ་ཏོག་དང་སྤོས་ཐོགས་ལ་འདི་ལ་དབང་བསྐུར་དུ་གསོལ། ཞེས་འདོན་པ་བསྒྱུར་ལ་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སྤྱི་བོར་བུམ་པ་བཞག་ནས་འདི་སྐད་ཅེས། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མོ་ན་མཿསརྦ་བུདྡྷ་བོ་དྷི་སཏྭ་དྷརྨ་སཾ་གྷེ་བྷྱཿ ཏདྱ་ཐཱ། ཨོཾ་བི་པུ་ལ་གརྦྷེ་བི་པུ་ལ་བི་མ་ལེ། ཨོཾ་བི་མ་ལེ་གརྦྷེ། བི་མ་ལེ་ཛ་ཡ་གརྦྷེ། བཛྲ་ཛྭ་ལ་གརྦྷེ། ག་ཏི་ག་ཧ་ནི་ག་ག་ནེ་བི་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཨོཾ་གུ་ཎ་པ་ཏི་ག་ག་ན་བི་ཙཱ་རི་ནི། ག་ག་རི་ཎི་ག་ག་རི་ཎི། གི་རི་གི་རི། གི་རི་ཎི་གི་རི་ཎི། ག་མ་རི་ག་མ་རི། ག་མ་ནི་ར་ག་མ་ནི་ར། ག་ཧ་རི་ག་ཧ་རི། ག་ཧ་ག་ཧ། གརྒ་རི་གརྒ་རི། ག་ག་རི་ག་ག་རི། གམྦྷ་རི་གམྦྷི་རི། ག་བྷི་ག་བྷི། ག་ཧི་ག་ཧི། ག་ཧ་ག་ཧ། ག་མ་ནི་ག་མ་ནི། ག་རེ་ག་རེ། གུ་རུ་གུ་རུ། གུ་བྷ་གུ་བྷ། གུ་ཧ་གུ་ཧ། གུ་རུ་གུ་རུ། གུ་རུ་ཎི་གུ་རུ་ཎི། ཙུ་ལུ་ཙུ་ལུ། ཙ་ལེ་ཙ་ལེ། གུ་ཧ་ཎི་གུ་ཧ་ཎི། གུ་རུ་ཎི་གུ་རུ་ཎི། ཙུ་ལུ་ཙུ་ལུ། ཙ་ལེ་ཙ་ལེ། ས་མུ་ཙ་ལེ། ཛ་ཡེ་བི་ཛ་ཡཻ། ཛ་ཡེ་བ་ཏི། ཨ་པ་རཱ་ཛི་ཏེ། སརྦ་བྷ་ཡ་བི་ག་ཏེ། གརྦྷ་སཾ་བྷ་ར་ཎི། སི་རི་སི་རི། བི་རི་བི་རི། མི་རི་མི་རི། པི་རི་པི་རི། ཥི་རི་ཥི་རི། བྷ་ག་ཝ་ཏི་ས་མནྟ། ཨཱ་ཀརྵ་ཎི། སརྦ་ཤ་ཏྲཱུཾ་པྲ་མརྡ་ནི། རཀྵ་རཀྵ་མཱཾ། སརྦ་སཏྭཱ་ནཱཉྩ་སརྦ་དཱ། སརྦ་བྷ་ཡེ་བྷྱཿ སརྦ་ཨུ་པ་དྲ་བེ་བྷྱཿ སརྦ་བྱཱ་དྷི་བྷྱཱཿ ཙི་རི་ཙི་རི། བི་རི་བི་རི། དྷི་རི་དྷི་རི། བི་ག་ཏ་ཨ་ཝརྞི་བི་ཤོ་དྷ་ནི། བི་བི་དྷ་ཨ་བ་ར་ཎ་བི་ནཱ་ཤ་ནི་མུ་ནི་མུ་ནི། མུ་ཙི་མུ་ཙི། མུ་ལི་མུ་ལི། ཙི་ལི་ཙི་ལི། ཀ་མ་ལེ་བི་མ་ལེ་ན། ཛ་ཡ་བི་ཛ་ཡ། ཛ་ཡ་བ་ཧེ་ཛ་ཡ་བ་ཏི། བི་ཤེ་ཥ་བ་ཏི་བྷ་ག་ཝཱ་ཏཱི། རཏྣ་མ་ཀུ་ཊ། མ་ལ་དྷ་རི་བ་ཧུ་བི་བི་དྷ། བི་ཙི་ཏྲ་བེ་ཤ་དྷ་རི་ཎི། བྷ་ག་ཝ་ཏཱི་མ་ཧཱ་བིདྱཱ་དེ་བཱི་རཀྵ་རཀྵ་མཱཾ། ས་པ་རི་ཝཱ་ར་སརྦ་ས་ཏྭཱཉྩ་ས་མནྟ་ད་སརྦ་ཏྲ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཧུ་རུ་ཧུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། རཀྵ་རཀྵ་མཱཾ། སརྦ་ས་ཏྭཱཉྩ་ཨ་ནཱ་ཐ། ན་ཏྲཱ་ནཱ་ན་ལ་ཡ་ན། ནཱ་ག་ཤཱ་ར་ཎ་པ་ར་ཡ་ཎཱ་ན། པ་རི་མོ་ཙ་ཡ་སརྦ་དུཿཁེ་བྷྱཿཙཎྜི་ཙཎྜི། ཙཎྚེ་ཙཎྚེ། ཙཎྜི་ནི་ཙཎྜི་ནི། བེ་ག་ཝ་ཏི་སརྦ་དུཥྚ་ནི་ཝཱ་རི་ཎི། བི་ཛ་ཡ་བཱ་ཧི་ནི། ཧུ་རུ་ཧུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། ཏུ་རུ་ཏུ་རུ། ཨཱ་ཡུཿཔཱ་ལ་ནི། སུ་ར་བ་རི། པྲ་མ་ཐ་ནི། སརྦ་དེ་ཝ་ག་ཎ་པཱུ་ཛི་ཏི། ཙི་རི་ཙི་རི། དྷི་རི་དྷི་རི། ས་མནྟ་ཨ་བ་ལོ་ཀི་ཏེ། པྲ་བྷེ་པྲ་བྷེ། སུ་པྲ་བྷ་ཝ་བི་ཤུདྡྷེ། སརྦ་པཱ་པཾ་བི་ཤོ་དྷ་ནི། དྷུ་རུ་དྷུ་རུ། དྷ་ར་ཎི། དྷ་རེ་དྷ་ར་དྷ་ར། སུ་མུ་སུ་མུ། མུ་སུ་མུ་སུ། སུ་མུ་རུ་སུ་མུ་རུ། རུ་རུ་ཙ་ལེ་ཙ་ལ་ཡ། སརྦ་དུཥྚཱ་ན་པཱུ་ར་ཡ། ཨ་ཤཾ་མཱཾ། ཤྲཱི་ཝ་སུ་དྷཱ་རེ། ཛ་ཡ་ཀ་མ་ལེ། ཀྵི་ཎི་ཀྵི་ཎི། བ་ར་ད་ཨཾ་ཀུ་ཤེ ཨོཾ་པདྨ་བི་ཤུདྡྷེ། ཤོ་དྷ་ཡ་ཤོ་དྡྷ་ཡ། ཤུདྡྷེ་ཤུདྡྷེ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། མཾ་ག་ལ་བི་ཤུདྡྷེ། པ་ཝི་ཏྲ་མུ་ཁི། ཁཌྒི་ནི་ཁཌྒི་ནི། ཁ་ར་ཁ་ར། ཛ་ལི་ཏ་ཤི་ཏ་ཤི་ཁ་རེ། ས་མནྟ་ཨ་བ་ལོ་ཀི་ཏེ་པྲ་བྷེ་སུ་པྲ་བི་ཤུདྡྷེ། ས་མནྟ་པྲ་ཤཱ་རི་ཏ་ཨ་བ་བྷཱ་ཥི་ཏ་ཤུདྡྷེ། ཛྭ་ལ་ཛྭ་ལ། སརྦ་དེ་ཝ་ག་ཎ་གྲ་ཧ་ན་ཀྵ་ཏྲ། ས་མ་ཨཱ་ཀརྵ་ནི། ས་དྱ་པྲ་ཏེ། ཨོཾ་ཧྲཱི་ཏྲཱཾ་ཏཱ་ར་ཏཱ་ར། ཏཱ་ར་ཡ་ཏཱ་ར་ཡ་མཱཾ། བྷ་ག་བ་ཏི་སརྦ་སཏྭཱཉྩ། ནཱ་ག་བི་ལོ་ཀི་ཏེ། ལ་ཧུ་ལ་ཧུ། ཧུ་ལུ་ཧུ་ལུ། ཧུ་རུ་ཧུ་རུ། ལགྷུ་ལ་གྷུ། ཏུ་ཧུ་ཏུ་ཧུ། ཏུ་རུ་ཏུ་རུ། ཀི་ཎི་ཀི་ཎི། ཀྵི་ཎི་ཀྵི་ཎི། ཧུ་ཎི་ཧུ་ཎི། སརྦ་གྲ་ཧ་བྷ་ཀྵ་ཎི། པིཾ་ག་ལི་པིཾ་ག་ལི། མུ་ཙུ་མུ་ཙུ། སུ་མུ་སུ་མུ། སུ་བི་ཙ་རི། ཏ་ར་ཏ་ར། ནཱ་ག་བི་ལོ་ཀི་ཏཱ་ར་ཡ་མཱཾ། སརྦ་སཏྭཱཉྩ་སནྶཱ་རཱ། ཨརྞཎ་ཏཱ། བྷ་ག་ཝ་ཏཱི་ཨཥྚ་མ་ཧཱ་དཱ་རུ་ཎ། བྷ་ཡེ་བྷྱཿ སརྦ་ཏྲ་ས་མནྟེ་ན་དི་ཤ་བནྡྷེ་ན། བཛྲ་པྲཱ་ཀཱ་ར། བཛྲ་པཱ་ཤ་བནྡྷེ་ན་ཙ། བཛྲ་ཛྭ་ལཱ་བི་ཤུདྡྷེ། བྷུ་རི་བྷུ་རི། བྷ་ག་ཝ་ཏཱི་གརྦྷ་བི་ཤོ་དྷ་ནི། ཀུ་ཀྵི་སཾ་པཱུ་ར་ཎི། ཛྭ་ལ་ཛྭ་ལ། ཙ་ལ་ཙ་ལ། ཛྭ་ལ་ནི་ཛྭ་ལ་ནི། བརྵ་ཏུ་ཏེ་ཝ་ས་མནྟེ་ན་ད་བྱི་ཨུ་ད་ཀེ་ན། ཨ་མྲྀ་ཏེ་བརྵ་ཎི། དེ་ཝ་ཏཱ་ཨ་ཝ་ཏཱ་ར་ཎི་ཨ་བྷི་ཥིཉྩ་ཏུ་མཱཾ། སུ་ག་ཏ་བ་ར་བ་ཙ་ན་ཨ་མྲྀ་ཏ་པ་ར་སུ་ཥེ་རཀྵ་རཀྵ་བྷ་ག་བ་ཏཱི་མཱཾ། སརྦ་ཏྲ་སརྦ་དཱ། སརྦ་བྷ་ཡེ་བྷྱཿ སརྦ་ཨུ་པ་དྲ་བེ་བྷྱཿ སརྦ་ཨུ་པ་སརྒེག་བྷྱཿ སརྦ་བྱཱ་དྷི་བྷྱཿ སརྦ་དུཥྚ་བྷ་ཡ་བྷཱི་ཏེ་བྷྱཿ སརྦ་ཀི་ལི་ཀ་ལ་ཧ། བི་གྲ་ཧ་བི་བཱ་དཱ་དུརྶཝཔྣ་དུརྨིཏྟ། ཨ་མཾ་ག་ལ་པཱ་པཾ་བི་ཤོ་དྷ་ནི། སརྦ་ཡཀྵ་རཀྵ་ས་ན་ག་བཱི་དཱ་ར་ཎ། ཙ་ལ་ཙ་ལ། བ་ལ་བ་ལ། བ་ལ་ཝ་ཏི་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་ཏུ་མཱཾ། སརྦ་ཏྲ་སརྦ་ཀ་ལི་སིདྡྷྱནྟུ་མེ་ཨི་མ་མ་མ་ཧཱ་བིདྱཱ་སཱ་དྷ་ཡ་མཎྜ་ལཾ་སཱ་དྷ་ཡ་ས་མནྟ་ན། གྷཱ་ཏ་ཡ་བིགྷྣཱན། ཛ་ཡ་ཛ་ཡ། སིདྡྷྱེ་སིདྡྷྱེ། བུདྡྷྱ་བུདྡྷྱ། སིདྡྷ་སིདྡྷ། པཱུ་ར་ཡ་པཱུ་ར་ཡ། པཱུ་ར་ཎི་པཱུ་ར་ཎི། སཱུ་ར་ཡ་མེ་ཨཱ་ཤཱན། སརྦ་བི་དྱཱ་ཨུངྒ་ཏ་མཱུརྟི། ཛ་ཡོརྞ་ཏེ་ཛ་ཡ་བ་ཧི་ནི་ཛ་ཡ་བ་ཏི། ཏིཥྛ་ཏིཥྛ། བྷ་ག་བ་ཏཱི། ས་མ་ཡ་མ་ནུ་པཱ་ལ་ཡ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཤུདྡྷེ་བྱ་བ་ལོ་ཀ་ཡ་མཱཾ་ས་པ་རི་ཝཱ་རཾ་སརྦ་སཏྭཱཉྩ་ཨཥྚ་མ་ཧཱ་དཱ་ར་ཎ་བྷ་ཡེ་ཤུ་སརྦ་ཨ་ཤི་པ་རི་པཱུ་ར་ཡ། ཏྲ་ཡ་སྭ་མ་ཧཱ་བ་ཡ་བྷྱཿ ས་ར་ས་ར། པྲ་ས་ར་པྲ་ས་ར། སརྦ་ཨ་བ་ར་ཎ་བི་ཤོ་དྷ་ནི། ས་མནྟ་ཨཱ་ཀ་ར་མཎྜ་ལ་བི་ཤུདྡྷེ། བི་ག་ཏེ་བི་ག་ཏེ་མ་ལེ། སརྦ་མ་ལ་བི་ཤོ་དྷ་ནི། སརྦ་མཾ་ག་ལ་བི་ཤུདྡྷེ། སརྦ་ཨ་མཾ་ག་ལི་བི་ཤོ་དྷ་ནི། ཀྵི་ཎི་ཀྵི་ནི། སརྦ་པཱ་པཾ་བི་ཤུདྡྷེ་མ་ལ་བི་ག་ཏི། ཛ་ཡ་བ་ཏི་ཏེ་ཛོ་བ་ཏི། བཛྲེ་བཛྲ་བ་ཏི་ཏྲཻ་ལོ་ཀྱ་ཨ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མཱུརྡྷ་ཨ་བྷི་ཥེ་ཀཻཿསྭཱ་ཧཱ། སརྦ་བུདྡྷ་བོ་དྷི་སཏྭ་ཨ་བྷི་ཥེ་ཀཻཿསྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཤུདྡྷེ་སྭཱ་ཧཱ། སརྦ་དེ་ཝ་ཏཱ་ཨ་བྷི་ཥེ་ཀཻཿསྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛི་ཏེ་ཧྲྀ་ད་ཡ་སྭཱ་ཧཱ། སརྦ་ཐཱ་ག་ཏ་ཧྲྀ་ད་ཡ་སིདྡྷེ་སྭཱ་ཧཱ། ཨིནྡྲེ་ཨིནྡྲ་བ་ཏི་ཨིནྡྲ་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ། བྲཧྨེ་བྲཧྨ་དྷུ་ཥི་ཏེ་སྭཱ་ཧཱ། བིཥྞུ་ན་མསྐྲྀ་ཏཱ་ཡ་སྭཱ་ཧཱ། མ་ཧེ་ཤྭ་ར་བནྡི་ཏ་པཱུ་ཛི་ཏ་ཡེ་སྭཱ་ཧཱ། བཛྲ་དྷ་ར་ཡ་བཛྲ་པཱ་ཎི་པ་ལ་བིདྱཱ་ཨ་དྷིཥྛི་ཏེ་སྭཱ་ཧཱ། དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། བི་རཱུ་ཊ་ཀཱ་ཡ་སྭཱ་ཧཱ། བི་རཱུ་པཀྵ་ཡེ་སྭཱ་ཧཱ། བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། ཙ་ཏུརྨ་ཧཱ་རཱ་ཛ་ན་མསྐྲི་ཏཱ་ཡ་སྭཱ་ཧཱ། ཡ་མཱ་ཡ་སྭཱ་ཧཱ། ཡ་མ་པཱུ་ཛི་ཏ་ན་མསྐྲི་ཏཱ་ཡ་སྭཱ་ཧཱ། བ་རུ་ཎཱ་ཡ་སྭཱ་ཧཱ། མ་རུ་ཏཱ་ཡ་སྭཱ་ཧཱ། མ་ཧཱ་མ་རུ་ཏཱ་ཡ་སྭཱ་ཧཱ། ཨགྣ་ཡེ་སྭཱ་ཧཱ། ཝཱ་ཡ་བེ་སྭཱ་ཧཱ། ནཱ་ག་བི་ལོ་ཀི་ཏཱ་ཡ་སྭཱ་ཧཱ། དེ་ཝ་ག་ཎེ་བྷྱཿསྭཱ་ཧཱ། ནཱ་ག་ག་ཎེ་བྷྱཿསྭཱ་ཧཱ། ཡཀྵ་ག་ཎེ་བྷྱཿསྭཱ་ཧཱ། རཀྵ་ས་ག་ཎེ་བྷྱཿསྭཱ་ཧཱ། གནྡྷརྦ་ག་ཎེ་བྷྱཿསྭཱ་ཧཱ། ཨ་པ་སཱ་ར་ག་ཎེ་བྷྱཿསྭཱ་ཧཱ། ཨ་སུ་ར་ག་ཎེ་བྷྱཿསྭཱ་ཧཱ། ག་རུ་ཌ་ག་ཎེ་བྷྱཿསྭཱ་ཧཱ། ཀིནྣ་ར་ག་ཎེ་བྷྱཿསྭཱ་ཧཱ། མ་ཧོ་ར་ག་ག་ཎེ་བྷྱཿསྭཱ་ཧཱ། མ་ནུ་ཥྱ་ག་ཎེ་བྷྱཿསྭཱ་ཧཱ། ཨ་མ་ནུ་ཥྱ་ག་ཎེ་བྷྱཿསྭཱ་ཧཱ། སརྦ་གྲ་ཧེ་བྷྱཿསྭཱ་ཧཱ། སརྦ་བྷཱུ་ཏེ་བྷྱཿསྭཱ་ཧཱ། སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། སརྦ་པི་ཤཱ་ཙེ་བྷྱཿསྭཱ་ཧཱ། སརྦ་ཨུནྨཱ་དེ་བྷྱཿསྭཱ་ཧཱ། སརྦ་ཨ་པ་སྨཱ་རེ་བྷྱཿསྭཱ་ཧཱ། །སརྦ་ཀུམྦྷཎྜི་བྷྱཿསྭཱ་ཧཱ། སརྦ་པཱུ་ཏ་ནེ་བྷྱཿསྭཱ་ཧཱ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿསྭཱ་ཧཱ། སརྦ་དུཥྚ་པྲ་དུཥྚེ་བྷྱཿསྭཱ་ཧཱ། ཨོཾ་དྷུ་རུ་དྷུ་རུ་སྭཱ་ཧཱ། ཨོཾ་ཏུ་རུ་ཏུ་རུ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙུ་རུ་ཙུ་རུ་སྭཱ་ཧཱ། ཨོཾ་མུ་རུ་མུ་རུ་སྭཱ་ཧཱ། ཨོཾ་ཧ་ན་ཧ་ན་སརྦ་ཤ་ཏྲཱུཾ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་དུཥྚཱ་ན་སྭཱ་ཧཱ། ཨོཾ་པ་ཙ་པ་ཙ་སརྦ་པྲ་ཏྱཾ་ཨརྠི་ཀཱ་པྲ་ཏྱ་ཨ་མི་ཏྲཱ་ན་སྭཱ་ཧཱ། ཡེ་མ་མ་ཨ་ཧི་ཏ་ཨེ་ཥཱ་ན་སརྦ་ཏེ་ཥ་ན་ཤཱི་རི་རཾ་ཛྭ་ལ་ཡ་ཛྭ་ལ་ཡ་སྭཱ་ཧཱ། སརྦ་དུཥྚཱཾ་ཙིཏྟ་ནཱ་ན་སྭཱ་ཧཱ། ཛྭ་ལི་ཏ་ཡེ་སྭཱ་ཧཱ། པྲ་ཛྭ་ལི་ཏཱ་ཡ་སྭཱ་ཧཱ། དཱི་པ་ཛྭ་ལཱ་ཡ་སྭཱ་ཧཱ། བཛྲ་ཛྭ་ལཱ་ཡ་སྭཱ་ཧཱ། ཨགྣ་ཡེ་ཛྭ་ལཱ་ཡ་སྭཱ་ཧཱ། ས་མནྟ་ཛྭ་ལཱ་ཡ་སྭཱ་ཧཱ། མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། པཱུརྞཎ་བྷ་དྲཱ་ཡ་སྭཱ་ཧཱ། ས་མནྟ་བྷ་དྲཱ་ཡ་སྭཱ་ཧཱ། མ་ཧཱ་ས་མནྟ་བྷ་དྲཱ་ཡ་སྭཱ་ཧཱ། ཀཱ་ལཱ་ཡ་སྭཱ་ཧཱ། མཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། མ་ཏྲཱི་ག་ཎཱ་ཡ་སྭཱ་ཧཱ། ཡཀྵ་ཎཱི་ནཱཾ་སྭཱ་ཧཱ། རཀྵ་ས་ནཱི་ནཱཾ་སྭཱ་ཧཱ། པྲེ་ཏ་པི་ཤཱ་ཙ་ཌཱ་ཀི་ནཱི་ནཱཾ་སྭཱ་ཧཱ། ཨཱ་ཀཱ་ཤཱ་མ་ཏྲཱི་ནཱཾ་སྭཱ་ཧཱ། ས་མུ་དྲ་ག་མི་ནཱི་ནཱཾ་སྭཱ་ཧཱ། ས་མུ་དྲ་བཱ་སི་ཎཱི་ནཱཾ་སྭཱ་ཧཱ། རཱ་ཏྲི་ཙ་རཱ་ཎཱཾ་སྭཱ་ཧཱ། དི་ཝཱ་པ་ཙ་རཱ་ཎཱཾ་སྭཱ་ཧཱ། ཏྲཱ་སནྡྷྱ་ཙ་རཱ་ཎཱཾ་སྭཱ་ཧཱ། བེ་ལཱ་ཙ་རཱ་ཎཱཾ་སྭཱ་ཧཱ། ཨི་བེ་ལ་ཙ་རཱ་ཎཱཾ་སྭཱ་ཧཱ། གརྦ་ཧ་རེ་བྷྱཿསྭཱ་ཧཱ། གརྦ་ཧི་རི་ཎཱི་བྷྱཿསྭཱ་ཧཱ། གརྦ་སནྡྷ་ར་ཎཱི་སྭཱ་ཧཱ། ཧུ་ལུ་ཧུ་ལུ་སྭཱ་ཧཱ། ཙུ་ལུ་ཙུ་ལུ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། སྭ་སྭཱ་ཧཱ། བྷུ་སྭཱ་ཧཱ། བྷུ་ཝ་སྭཱ་ཧཱ། ཨོཾ་བྷུརྦྷུ་ཝ་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། ཙི་ཊི་ཙི་ཊི་སྭཱ་ཧཱ། བི་ཊི་བི་ཊི་སྭཱ་ཧཱ། དྷཱ་རི་ཎི་སྭཱ་ཧཱ། ཨགྣི་སྭཱ་ཧཱ། ཏེ་ཛྭ་ཝ་པཱུ་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། མི་ལི་མི་ལི་སྭཱ་ཧཱ། སི་ལི་སི་ལི་སྭཱ་ཧཱ། བུདྡྷྱ་བུདྡྷྱ་སྭཱ་ཧཱ། སིདྡྷྱ་སིདྡྷྱ་སྭཱ་ཧཱ། མཎྜ་ལ་བནྡྷེ་སྭཱ་ཧཱ། སི་མཱ་བནྡྷེ་སྭཱ་ཧཱ། སརྦ་ཤ་ཏྲཱུཾ་བྷཉྫ་ཡ་བྷཉྫ་ཡ་སྭཱ་ཧཱ། ཛམྦྷ་ཡ་ཛམྦྷ་ཡ་སྭཱ་ཧཱ། སྟྭམྦྷ་ཡ་སྟྭམྦྷ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ་སྭཱ་ཧཱ། བྷིནྡ་བྷིནྡ་སྭཱ་ཧཱ། བྷཉྫ་བྷཉྫ་སྭཱ་ཧཱ། ཛམྦྷ་ཡ་ཛམྦྷ་ཡ་སྭཱ་ཧཱ། སྟྭམྦྷ་ཡ་སྟྭམྦྷ་ཡ་སྭཱ་ཧཱ། བནྡྷ་བནྡྷ་སྭཱ་ཧཱ། མོ་ཧ་ཡ་མོ་ཧ་ཡ་སྭཱ་ཧཱ། མོ་ཙ་ཡ་མོ་ཙ་ཡ་སྭཱ་ཧཱ། མ་ཎི་བི་ཤུདྡྷེ་སྭཱ་ཧཱ། སཱུརྻ་སཱུརྻ་བི་ཤུདྡྷེ་སྭཱ་ཧཱ། ཤོ་དྷ་ནི་བི་ཤོ་དྷ་ནི་སྭཱ་ཧཱ། ཙནྡྲེ་ཙནྡྲེ་སྭཱ་ཧཱ། པཱུརྞཎ་ཙནྡྲེ་སྭཱ་ཧཱ། གྲ་ཧེ་བྷྱཿསྭཱ་ཧཱ། ནཀྵ་ཏྲེ་བྷྱཿསྭཱ་ཧཱ། པི་ཤཱ་ཙེ་བྷྱཿསྭཱ་ཧཱ། བི་ཤྭ་བྷྱཿསྭཱ་ཧཱ། ཤི་བེབྷྱཿསྭཱ་ཧཱ། ཤཱནྟི་བྷྱཿསྭཱ་ཧཱ། པུཥྚི་བྷྱཿསྭཱ་ཧཱ། སྭསྟྱ་ནི་བྷྱཿསྭཱ་ཧཱ། ཤི་བཾ་ཀ་རི་སྭཱ་ཧཱ། ཤཾ་ཀ་རི་སྭཱ་ཧཱ། ཤཱནྟི་ཀ་རི་སྭཱ་ཧཱ། པུཥྚི་ཀ་རི་སྭཱ་ཧཱ། བ་ལ་བརྟཱ་ནི་སྭཱ་ཧཱ། བ་ལ་བརྦྷི་ནི་ཀ་རི་སྭཱ་ཧཱ། ཤྲཱི་ཀ་རི་སྭཱ་ཧཱ། ཤྲཱི་བརྡྷ་ནི་སྭཱ་ཧཱ། ཤྲཱི་ཛྭ་ལ་ནི་སྭཱ་ཧཱ། མུ་ཙི་སྭཱ་ཧཱ། ན་མུ་ཙི་སྭཱ་ཧཱ། མ་རུ་ཙི་སྭཱ་ཧཱ། བེ་ག་བ་ཏི་སྭཱ་ཧཱ། ཨོཾ་ཏ་ཐཱ་ག་ཏེ་མཱུརྟི། པྲ་བ་རི་བི་ག་ཏ་བྷ་ཡེ་སྭ་མ་ཡེ་སྭ་མེ་བྷ་ག་བ་ཏཱི། སརྦ་སཱ་སྟི་ར་བྷ་ཝ་ཏུ་མ་མ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི། བི་མུ་ནི་བི་མུ་ནི། བ་རི་ཙི་རི་ཙ་ལོ་ནི། བྷ་ག་བ་ཏི་ཛ་ཡ་བི་ག་ཏི་བྷ་ཡ་ཧ་རི་ཎི། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། བུདྡྷི་ལི་བུདྡྷི་ལི། ཙུམྦྷི་ལི་ཙུམྦྷི་ལི། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཛུཥྛི་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི། མུ་ནི་ཝ་རེ་ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏ་སརྦ་བིདྱཱ་ཨ་བྷི་ཥེ་ཀཻརྨ་ཧཱ་བཛྲ་ཀ་པ་ཙ། མུ་དྲི་མུ་དྲི་ཏཱི། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛི་ཏེ་བཛྲཱ་ཡ་སྭཱ་ཧཱ། དབང་བསྐུར་བ་སྟེ་བཅུ་གཉིས་པའོ།།  །།ཏདྱ་ཐཱ། ཨོཾ་གི་རི་གི་རི། གི་རི་ཎི་གི་རི་བ་ཏི། གུ་ཎ་བ་ཏེ། ཨཱ་ཀཱ་ཤ་བ་ཏི། ཨཱ་ཀཱ་ཤ་བི་ཤུདྡྷེ། སརྦ་པཱ་པཾ་བི་ག་ཏེ། ཨཱ་ཀཱ་ཤེ་ག་ག་ན་ཏ་ལེ། ཨཱ་ཀཱ་ཤ་བི་ཙ་ར་ཎི་ཛྭ་ལི་ཏ་ཤི་ཁ་རེ། མ་ཎི་མུཀྟེ་ཁ་ཙི་ཏ་མཽ་ལི་དྷ་རེ། སུ་ཀེ་ཤེ། སུ་བཀྟྲེ། སུ་ནེ་ཏྲེ་སུ་བརྞ་གཽ་རཱི་ཨ་ཏཱི་ཏེ། ཨ་ནུཏྤནྣེ། ཨ་ནཱ་ག་ཏེ། པྲ་ཏཏྱཱུཏྤནྣེ། ན་མཿསརྦ་ཥཱ་ན་བུདྡྷཱ་ནཱ་ན། ཛྭ་ལི་ཏ་ཏེ་ཙ་སཱ་ན། བུདྡྷེ་སུ་བུདྡྷེ། བྷ་ག་ཝ་ཏཱི། སུ་རཀྵ་ནི་སུ་ཀྵ་མེ། སུ་པྲ་བྷེ། སུ་དྷ་མེ། སུ་དཱནྟེ། བ་རེ་བྷ་ག་ཝ་ཏཱི། བྷ་དྲ་བ་ཏི། བྷ་དྲེ། སུ་བྷ་དྲེ། བི་མ་ལེ། ཛ་ཡ་བྷ་དྲེ། ཙཎྜེ་ཙཎྜེ། པྲ་ཙཎྜེ་པྲ་ཙཎྜེ། བཛྲ་ཙཎྜེ། མ་ཧཱ་ཙཎྜེ། གཽ་རཱི། གནྡྷ་རཱི། གཽ་རཱི། ཙཽ་རཱི། ཙཎྜཱ་ལཱི། མཱ་ཏངྒི། བ་ཙ་སི། པུཀྐ་སི། སུ་མ་ཏི། ཤ་བ་རཱི། ཤངྐ་རི། དྲཱ་མི་ཌི། རཽ་ཏྲི་ནི། སརྦ་ཨརྠ་སཱ་དྷ་ནི། ཧ་ན་ཧ་ན། སརྦ་ཤ་ཏྲཱུཾ། ད་ཧ་ད་ཧ། སརྦ་དུཥྚཱན། པྲེ་ཏ་པི་ཤཱ་ཙ། ཌཱ་ཀི་ནཱི་ནཱ་ན། མ་ནུ་ཥྱ། ཨ་མ་ནུ་ཥྱ་ནཱཉྩ། པ་ཙ་པ་ཙ་ཧྲྀ་ད་ཡན། གདོན་མ་རུངས་པ་རྣམས་ཀྱི་སྲོག་གཞོམ་དུ་གསོལ། བཅོམ་ལྡན་འདས་མ་བདག་གི་སྡིག་པ་ཐམས་ཅད་གཞིག་ཏུ་གསོལ། གཞིག་ཏུ་གསོལ། ཐམས་ཅད་དུ་འཇིགས་པ་དང༌། གདོན་ཐམས་ཅད་ལས་བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། མ་རུངས་པ་ཐམས་ཅད་བཅིང་དུ་གསོལ། སརྦ་ཀི་ལ་བི་ཥ་ནཱ་ཤ་ནི། མརྟ་དཎྜི། མཱ་ནི་ནི་མཱ་ནི་ནི། ཙ་ལེ་ཙ་ལེ། ཙི་ཏི་ཙི་ཏི། ཏི་ཊི་ཏི་ཊི། ཏི་ཊི་ནི། ཏུ་ཊེ། གཽ་རཱི་ནི། བཱིརྻ་ནི། པྲ་བ་ར་ས་མ་རེ། ཙནྡྲཱ་ལཱི། མ་ཏངྒི། རུ་དྷ་སི། བརྩ་སི། སུ་མ་ཏི། ཨ་མ་རི། སུ་མུ་རི། པུཀྐ་སཱི། ཤ་བ་རཱི། ཤ་མ་རི། ཤངྐ་རི། དྲཱ་མི་ཌི། ད་ཧ་ནི། པ་ཙ་ནི། མ་ཐ་ནི། མརྡ་ནི། ས་ར་ལེ་ས་ར་ལེ། ས་ར་ལཾ་བྷ་བྷི་ན་མ་དྱོཏྐྲིཥྚ། བི་དྷཱ་ར་ཎི། མ་ཧི་ལི། མ་ཧོ་མ་ཧི་ལི་ནི་ག་ཌེ། ནི་ག་ཌ། བྷཉྫེ། མཏྟི་མཏྟི། ནི་མཏྟེ། ཙཀྲ་བཱ་གི་ནི། ཛྭ་ལ་ཛྭ་ལེ། ཛྭ་ལེ་ཛུ་ལེ། ཤ་བ་རི་ཤ་བ་རི། ཤཱ་བ་རི་ཤཱ་བ་རི། སརྦ་བྱཱ་དྷི་ཧ་ར་ཎི། ཙཱུ་ཌི་ཙཱུ་ཌི་ཙཱུ་ཌི་ནི། ཙཱུ་ཌ་མ་ཎི། ནི་མི་ནི་མི། ནི་མིནྡྷ་རི། ཏྲི་ལོ་ཀ ཛ་ཧི་ནི། ཏྲི་ལོ་ཀ ཨཱ་ལོ་ཀ་ཀཱ་རི། ཏྲཻ་དྷཱ་ཏུ་ཀ་བྱ་བ་ལོ་ཀི་ནི། བཛྲ་པཱ་ར་ཤུ། པཱ་ཤ་མུཏྐ་ར། ཁཌྒ་ཤངྑ་ཙཀྲ་ཏྲི་ཤཱུ་ལ། ཙིནྟཱ་མ་ཎི། མ་ཧཱ་བིདྱཱ་དྷ་རི་ཎི། བདག་ཐམས་ཅད་དུ་གནས་ཐམས་ཅད་ན་གནས་པ་ན་མ་རུངས་པའི་འཇིགས་པ་ཐམས་ཅད་དང༌། མི་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་དང༌། ནད་ཐམས་ཅད་དང༌། འཇིགས་པ་ཐམས་ཅད་ལས་བསྲུང་དུ་གསོལ། བསྲུང་དུ་གསོལ་ལོ། །བཛྲ་བཛྲ་བ་ཏི། བཛྲ་པཱ་ཎི་དྷ་རེ། ཧི་ལི་ཧི་ལི། མི་ལི་མི་ལི། ཙི་ལི་ཙི་ལི། ཙི་མི་ལི་ཙི་མི་ལི། སི་ལི་སི་ལི། པི་ལི་པི་ལི། བ་ར་བ་ར་བ་ར་དེ། སརྦ་ཏྲ་ཛ་ཡ། ལབྡྷེ་སྭཱ་ཧཱ། སརྦ་པཱ་པ་བི་དཱ་རི་ཎི་སྭཱ་ཧཱ། སརྦ་ཏྲ་སརྦ་བྱཱ་དྷི་ཧ་ར་ཎི་སྭཱ་ཧཱ། སརྦ་ཏྲ་སརྦ་བྷ་ཡ་ཧ་ར་ཎི་སྭཱ་ཧཱ། སམྦྷ་ར་ཎི་སྭཱ་ཧཱ། སྭསྟིར་བྷ་བ་ཏུ་མཱཾ་སྭཱ་ཧཱ། ཤཱནྟི་སྭཱ་ཧཱ། པུཥྚི་སྭཱ་ཧཱ། ཛ་ཡ་ཏུ་ཛ་ཡེ་ཛ་ཡེ་སྭཱ་ཧཱ། ཛ་ཡ་བ་ཏི། ཛ་ཡ་བི་མ་ལེ། བི་པུ་ལེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུརྟི་སྭཱ་ཧཱ། ཨོཾ་བྷུ་རི་བྷུ་རི་བཛྲ་པ་ཏི། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། པཱུ་རི་ཎི། སནྡྷ་རི་ཎི། བ་ལ་བ་ལ། ཛ་ཡ་བཱིརྻེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དབང་བསྐུར་བའི་གཟུངས་ཕྱི་མ་སྟེ་བཅུ་གསུམ་པའོ།།  །།བདེན་པ་དང་བདེན་པའི་མཆོག་གང་གིས། ཕྱིར་མི་ལྡོག་པའི་ས་ལ་གནས་པའི་ཚིག་བདེན་པ་རྣམས་དང༌། འཇིག་རྟེན་གྱི་ཚིག་གི་མཆོག་དང༌། དགེ་སྦྱོང་རྣམས་ཀྱི་ནང་ན་དགེ་སྦྱོང་སྐྱིད་དེ་བ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིགས་པ་མི་མངའ་བ། བག་ཚ་བ་མི་མངའ་བ་སྟེ། མི་སྐྲག་མི་འབྲོས་ལ་འཇིགས་པ་མེད་ཅིང༌། འཇིགས་པ་དང༌། འཇིགས་པར་བྱེད་པ་དང་བྲལ་བ། འཇིགས་པ་དང༌། འཇིགས་པར་བྱེད་པ་སྤངས་པ། སྐྱི་བུར་ཞེས་བྱེད་པ་མེད་པའོ། །ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི། དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ། བདེན་པ་དང༌། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག བདེན་པ་དང༌། བདེན་པའི་ཚིག་གང་གིས་ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་དང༌། ཚངས་པར་སྤྱོད་པ་ལ་གནས་པ་གང་ཅི་ཡང་རུང་བ་དེ་དག་གི་ནང་ན་ནི། འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཅེས་བྱ་སྟེ། བདེན་པ་དང༌། བདེན་པའི་ཚིག་དེས། མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག གནས་བརྟན་རྒྱལ་པོའི་བུ་ཐུ་བོ་དང་འདྲ་བ་རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཚངས་པར་སྤྱོད་པ་མངོན་པར་སྤྱད་པ་རྣམས་ཀྱི་མཆོག་འདི་ལྟ་སྟེ། དགེ་སློང་ཀུན་ཤེས་ཀཽཎྜི་ནྱ་དང༌། འདོད་པ་ཉུང་བ་དང༌། སྦྱངས་པའི་ཡོན་ཏན་ལ་གནས་པ་དང༌། ཆོག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུངས་ཆེན་པོ་དང༌། ཤེས་རབ་ཆེ་བ་དང༌། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤ་ར་དྭ་ཏིའི་བུ་དང༌། རྫུ་འཕྲུལ་ཆེ་བ་དང༌། མཐུ་ཆེ་བ་རྣམས་ཀྱི་མཆོག་མཽང་གལ་གྱི་བུ་ཆེན་པོ་དང༌། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང༌། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང༌། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བ་འཁོར་དང༌། ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་མའི་བུ་གང་པོ་དང༌། བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་འཛིན་དང༌། མལ་ཆ་དང་སྟན་བསྐོ་བ་རྣམས་ཀྱི་མཆོག་གྱད་བུ་ནོར་དང༌། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་མཆོག་བ་ར་དྷྭ་ཛ་བསོད་སྙོམས་ལེན་དང༌། ཁྱིམ་བདག་དང་དད་པ་བསྐྱེད་པ་རྣམས་ཀྱི་མཆོག་ནག་པོ་ཆེན་པོ་འཆར་ཀ་དང༌། ལྷ་དང་མིས་མཆོད་པ་རྣམས་ཀྱི་མཆོག་ལེགས་མཐོང་གི་བདེན་པ་དང༌། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་བྱའོ། །རྒྱལ་པོའམ། ཆོམ་རྐུན་ནམ། མེའམ། ཆུའམ། དགྲའམ། མི་མཛའ་བའམ། ལམ་དུ་འགྲོ་བའམ། ལམ་ལོག་པར་འགྲོ་བའམ། གཉིད་ལོག་པའམ། ར་རོ་བའམ། བག་མེད་པ་ཐམས་ཅད་ལས་བསྲུང་བར་བྱའོ། །བདེན་པ་དང༌། བདེན་པའི་ཚིག་གང་གིས་སེམས་ཅན་རྐང་པ་མེད་པའམ། རྐང་གཉིས་པའམ། རྐང་བཞི་པའམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི། དེ་བཞིན་གཤེགས་པ་མཆོག་ཅེས་བྱ་སྟེ། བདེན་པ་དང༌། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་བྱའོ། །བདེན་པ་དང༌། བདེན་པའི་ཚིག་གང་གིས་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བ་མཆོག་ཅེས་བྱ་སྟེ། བདེན་པ་དང༌། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་བྱའོ། །བདེན་པ་དང༌། བདེན་པའི་ཚིག་གང་གིས། ཚོགས་སམ། འདུས་པའམ། མང་པོའམ། འཁོར་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ། བདེན་པ་དང༌། བདེན་པའི་ཚིག་དེས། རྒྱལ་ཁམས་སམ། ཡུལ་འཁོར་རམ། གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་རམ། ཁྱིམ་མམ། ནགས་སམ། ཞིང་ངམ། ནད་པ་འདི་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། མཚམས་གཅད་པར་བྱའོ། །འབྱུང་པོ་ཐམས་ཅད་བཟློག་པར་བྱའོ། །གཟི་བྱིན་འཕྲོག་པ་རྣམས་བཟློག་པར་བྱའོ། །བདེན་པ་དང༌། བདེན་པའི་ཚིག་གང་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཟད་པར་བྱ་བའི་ཕྱིར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དང༌། བཤད་པ་དང༌། བརྗོད་པའི་བདེན་པ་དང༌། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བའི་ནད་བཞི་བརྒྱ་རྩ་བཞི་ཟད་པར་གྱུར་ཅིག མེད་པར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། བདེན་པའི་སྟོབས་ཀྱིས་བསྲུང་བ་སྟེ་བཅུ་བཞི་པའོ། །ནད་པའི་ཟས་དང༌། སྐོམ་དང༌། སྨན་རྣམས་ཀྱང་རེག་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ། །རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང༌། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཅིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང༌། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང༌། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང༌། །ལོག་དད་སེལ་གྱི་ཏིང་འཛིན་དང༌། །གསེར་ཞེས་བྱ་བའི་ཡེ་ཤེས་དང༌། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང༌། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །ནད་པ་ཤར་ཕྱོགས་ཁ་བསྟན་ལ། །སྨན་རྣམས་ཉེ་བར་སྩལ་བར་བགྱི། །དེ་ཡི་ཚེ་ན་རིག་སྔགས་འདི། །ལག་མཐིལ་བཞག་སྟེ་བཀླག་པར་བགྱི། །སྱཱདྱ་ཐེ་དན། ཁ་ཊེ་ཁ་ཊེ། ཁ་ཊ་བི་ཁ་ཊེ། ཙ་ལེ་བི་ཙ་ལེ། བི་ལཾ་བེ། བ་ལེ་བ་ལ་བ་ཏེ། ཙནྟྲི། ཙ་ར་ཎེ། ཨ་མྲྀ་ཏ་ནིརྒྷོ་ཥེ་སྭཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །བདག་ལ་རྟག་ཏུ་བདེ་ལེགས་ཤོག །བྲམ་ཟེ་རྣམས་ཀྱིས་བསླུས་ནས་སུ། །ཤཱཀྱ་སེང་གེ་སྐྱོབ་པ་ལ། །དཔལ་སྦས་ཀྱིས་ནི་དུག་ཅན་གྱི། །བསོད་སྙོམས་དག་ནི་ཕུལ་བ་དང༌། །དེ་ལས་དེ་ནི་བླངས་ནས་སུ། །སྟོན་པས་དུག་ནི་བསད་ནས་གསོལ། །བདེན་པའི་ཚིག་ནི་འདི་ཡིས་སུ། །ཟས་ནི་བདུད་རྩིར་འགྱུར་བར་ཤོག །རྣམ་པར་གཟིགས་དང་ལྷ་གང་དང༌། །གཙུག་ཏོར་ཅན་དང་ཀུན་སྐྱོབ་དང༌། །ལོག་པར་དད་པ་སེལ་བ་དང༌། །སྟོབས་ཆེན་ལྷ་གང་དད་པ་དང༌། །གསེར་དང་དཔལ་ལྡན་འོད་སྲུངས་དང༌། །ཤཱཀྱ་ཡི་ནི་སེང་གེ་ལ། །རབ་དད་ལྷ་ཡི་དབང་པོ་དང༌། །ཚངས་དབང་སུམ་ཅུའི་དབང་ཕྱུག་དང༌། །འཇིག་རྟེན་སྐྱོང་བ་བཞི་དག་དང༌། །ནོར་བུ་བཟང་དང་དབང་ཕྱུག་ཆེ། །སྲིན་མོ་ནག་མོ་ཆེན་མོ་དང༌། །དེ་བཞིན་གདོལ་མོ་གཏུམ་མོ་དག །མེ་ཏོག་དང་ནི་བདུག་པ་དང༌། །བདག་གི་སྦྱིན་སྲེག་འདི་བཞེས་ཤིག །དེ་དག་ཚིམ་ཞིང་མཆོད་གྱུར་ནས། །བདག་གི་ཁ་ཟས་བྱང་བར་མཛོད། །ཟས་ལྔ་དག་དང་འདྲེས་པ་ཡང༌། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཁ་ཟས་ལྔ་དང་འདྲེས་པ་ཡང༌། །ཟས་དེ་ཀུན་ནི་བཟའ་བར་བགྱི། །ས་བོན་དག་གི་ཚོགས་ཀུན་ལ། །ས་ཡི་བཅུད་ནི་ཞུགས་པ་ཡི། །ཁ་ཟས་འདྲེས་པ་ཐམས་ཅད་ཀྱང༌། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཇི་ལྟར་སྐུད་པ་བཅད་བསྲེགས་ཀྱང༌། །དེ་ལྟ་བུར་ཡང་སླར་འབྱོར་པ། །དེ་ལྟར་ཟས་རྣམས་འདྲེས་པ་ཡང༌། །མ་འདྲེས་པར་ནི་བདག་ལ་མཛོད། །སྱཱདྱ་ཐེ་དན། ཁ་ཁ་མེ། ཁ་ཁ། ཁ་ཁ། ཁུ་མེ། ཤི་ཤི་མེ། ཤི་ཧུ་མེ། ཤི་མ་ཤི་མེ། སྭ་སྟི། སྭ་སྟི། སྭ་སྟི། སྭ་སྟི། མ་མ་ཤཱནྟི། ཤཱནྟ། ཤ་ར་གྲི། ཁ་ཟས་ལྔ་དང་འདྲེས་པ་ཡང༌། །ཇི་ལྟར་མ་འདྲེས་ཟས་བཞིན་དུ། །བདག་གིས་ཇི་ལྟར་སྐུད་བསྲེགས་པ། །དེ་འདྲའི་བདེན་པ་མཛད་དུ་གསོལ། །སྱཱདྱ་ཐེ་དན། ཀ་ལ་ལི། ཀ་ལ་ལེ། ཀ་ལ་ལེ། ཁུ་ཁུ་མེ། ཨགྣི། སཾ་གྲ་མ་ནི་སྭཱ་ཧཱ། སངས་རྒྱས་རྣམ་པར་གཟིགས་དང་སངས་རྒྱས་གཙུག་ཏོར་ཅན། །བདེ་གཤེགས་ཀུན་སྐྱོབ་སངས་རྒྱས་ལོག་པར་དད་སེལ་དང༌། །གསེར་ཐུབ་འོད་སྲུངས་ཤཱཀྱ་ཐུབ་པ་གཽ་ཏ་མྱ། །བསྙེངས་པ་མི་མངའ་བ་ལ་སྐྱབས་སུ་མཆི་བར་བགྱི། །མི་མཆོག་བདུན་པོ་དེ་དག་གི་ནི་སྐུ་རྣམས་ལ། །མེ་ཏོག་དག་དང་སྤོས་རྣམས་ཀྱིས་ནི་མཆོད་པར་བགྱི། །ལུས་དང་ཡིད་ཀྱང་རབ་ཏུ་དང་བའི་སེམས་ཀྱིས་ནི། །དེ་དག་རྣམས་ལ་སྐྱབས་སུ་ཉེ་བར་མཆི་བར་བགྱི། །སངས་རྒྱས་རྫུ་འཕྲུལ་ཆེ་དང་ལྡན་པ་དེ་དག་ལ། །ལྷ་གང་མངོན་པར་རབ་ཏུ་དང་བ་ཡོད་པ་ཡི། །ལྷ་དེ་མགུ་ཞིང་ཡིད་ནི་རབ་ཏུ་དགའ་འགྱུར་ནས། །རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་བསྲུང་དུ་གསོལ། །འཇིག་རྟེན་འདིའམ་ཡང་ན་འདས་པ་དང༌། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པའང༌། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེ་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་བསྒྲུབ་པ། །རྡོ་རྗེ་ལྟ་བུ་མི་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང༌། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འབྱུང་སྟེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང༌། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་མཆོག་ཐོབ་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང༌། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང༌། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡིས། །འཕགས་པའི་བདེན་པ་སུ་དག་རྣམ་བསྒོམ་ཞིང༌། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་དུ་སྦྱོར་བ་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་ལྷ་དང་མི་ཡིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུངས་ཤིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག་སྭཱ་ཧཱ། ཤིས་པ་བརྗོད་པ་སྟེ་བཅོ་ལྔ་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*