བསྲུང་བ་ལྔའི་དབང་ཆོག་གི་སྐོར།

༼ཕ༽

༄༅། །བསྲུང་བ་ལྔའི་དབང་ཆོག་གི་སྐོར་རྣམས་བཞུགས་སོ།།

༄༅། །དེ་ནས་ཕྱོགས་ཀྱི་གཏོར་མ་གཏང་བའི་ཕྱིར། ཤར་ཕྱོགས་ནས་ཡུལ་འཁོར་སྲུང་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱདྱ་ཐེ་དན། དྷ་རི་ཎི་དྷ་རི་ཎི། པྲ་སནྡྷ་དྷ་རི་ཎི། བྷཉྫ་ནི་པྲ་བྷཉྫ་ནི། བི་ད་མ་ནི་ཀིཾ་པུ་རུ་ཥེ། ཤ་ཀ་ལེ་སཱ་ར་ཏི་ཤུ་ལ་དྷ་རེ། ཤུདྡྷ་ཙ་ར་ནི་གྷོ་ཥ་ཝ་ཏི། ས་ར་གྲ་ཧེ། ཤཱནྟི་ཆེ་གེ་མོ། །ཤར་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ཤར་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱདྱ་ཐེ་དན། ཨ་ཁེ་མ་ཁེ། བི་ན་ཁེ། བནྡྷེ། བ་ར་དྷེ། ཙ་པ་ལེ། བ་ཁེ་བ་ཁ་ནེ་ཨ་ཁི་ལི། བ་ཧུ་ལེ། བྷ་གན་དྷ་ལེ། བ་ཤེ་བ་ཤ་བ་ཏི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་མིང་དང༌། སྟོབས་དང་དབང་ཕྱུག་དང་བྱིན་གྱིས་ཆེ་གེ་མོའི་གདོན་ཐམས་ཅད་དང༌། གནོད་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག་སྭཱ་ཧཱ། ལྷོ་ཕྱོགས་ནས་འཕགས་སྐྱེས་པོ་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱདྱ་ཐེ་དན། ཤཱནྟི་ས་ར་ཏི་ཀཱནྟི། ཀ་ར་ཏི་ཀིངྐ་སི། ཀི་རནྟ་ཀི་ར་ཏི། བ་ར་ཌི་དྷ་ར་ནི། ཨརྡྷི་ནི། བྷཱུ་མཱི་དྷ་རི་ཎི་ཧི་མ་བ་ཏི་ཛྱོ་ཏི་ཙ་ར་ནེ་བ་ལ་ཨ་གྲེ་ཆེ་གེ་མོ་ལྷོ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ལྷོ་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག །སྭཱ་ཧཱ། དེ་ནས་འདི་སྐད་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱདྱ་ཐེ་དན། ཁ་ཁ་ཁ་མེ་ཁ་ལ་ནེ་ཁ་ལོ་མེ་ཁ་ར་ལི་ཁ་ར་ལེ། ཁ་ར་ཁེ་ཀ་ཤི་ནི་ཀ་ར་ཏེ། ཀ་ལེ་ཀ་མཱི་ནི་བི་མ་ལེ་བི་དྷེ་ཡ་ཤ་ཝ་ཏི་ཤ་མི་ཤ་མ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་མིང་དང༌། སྟོབས་དང་དབང་ཕྱུག་དང་བྱིན་གྱིས་ཆེ་གེ་མོའི་གདོན་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་ནུབ་ཕྱོགས་སུ་མིག་མི་བཟང་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱདྱ་ཐེ་དན། བ་ར་མི་བ་ར། ཨ་གྲེ་བ་ལ་བ་ཏི་བ་ལི་ནི། བི་ཤ་བེ་བི་མ་སི། སཱ་ག་རེ་ཁ་རི་ཀ་པི་ལེ་ཙནྡྷ་ལི་བ་ལོ་ཏི་རི་ནི། ནི་ར་ཛཱ་ནི་བི་དྷ་རི་ཎི་བ་ར་ན་བ་ཏི་ཨ་ཙ་ལི། ནུབ་ཕྱོགས་སུ་ཆེ་གེ་མོ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ནུབ་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱདྱ་ཐེ་དན། ཀྲ་ག་ཡེ་ཀྲ་ག་ཤེ། ཀྲ་ག་སེ་ཀྲུ་ཤ་མེ། ཀྲུ་ཀེ་ཀྲུག་ཁ་མེ་ཀྲུ་གེ ཨ་ག་ལེ། ན་ག་ལེ། ས་མ་ག་ལེ། ཀུ་ཧུ་མེ། ཨ་ལ་ཀེ ཀ་ལ་ཀེ ཨ་ར་མི་རེ་དྷི་རེ་ཨ་རུ་ག་བ་ཏི། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་མིང་དང་སྟོབས་དང་དབང་ཕྱུག་དང་བྱིན་གྱིས་ཆེ་གེ་མོ་དགེ་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་བྱང་ཕྱོགས་སུ་རྣམ་ཐོས་སྲས་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱདྱ་ཐེ་དན། ཁད་ག་གརྦྷེ་བིཀྩ་ཀྵེ། ཙཀྵ་རཱ་ཛ་ནེ། ཙནྟྲེ་པ་ཏ་ལེ་བྷཱི་མ་པ་ར་པ་ཏེ། ཁ་ར་ཨ་གྲེ་བྷྲྀ་ཀུ་ཊི། ཀ་ར་ཨ་གྲེ་ཨེ་ཀ་ཨ་གྲེ། བརྐ་བ་ཏི་ས་རངྒ་བ་ཏི། ཙི་ཏ་ཏྲ་ཀཱནྟི་ཆེ་གེ་མོ་བྱང་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་བྱང་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱདྱ་ཐེ་དན། སིདྡྷེ་སུ་སིདྡྷི། ཨ་རེ་ཨ་ར་ཎེ། བ་ལེ་མ་ཧཱ་བ་ལེ། ཛམྦྷེ་ཛ་ཊི་ལེ། ཨ་ཁ་ནེ་མུ་ཁ་ནེ་ཁ་ཁ་ནེ་ཁ་རཊྚེ། ཧ་རི་པིངྒ་ལེ། ཏི་མིངྒི་ལེ། ཏི་མིངྒི་ལི་ནི་སྭཱ་ཧཱ། བདག་གི་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མིང་དང་སྟོབས་དང་དབང་ཕྱུག་དང༌། བྱིན་གྱིས་ཆེ་གེ་མོ་དགེ་བར་གྱུར་ཅིག་སྭཱ་ཧཱ། སྱཱདྱ་ཐེ་དན། བྲཧྨེ་བྲཧྨེ་གྷོ་ཥེ་བྲཧྨེ་སཱ་རེ། བཛྲེ་བཛྲེ་གྷོ་ཥེ་སྠི་རི་སྠི་རི་སཱ་རེ་ཨ་ཙ་ལེ། ཨ་ར་ཎེ། བི་ཤ་ནི། རཏྣ་ནེ། ཨ་ར་ནེ། ར་ཤཱུ་རེ་པ་ར་ཨ་གྲ་པྲ་བ་ཏེ། མཱ་ར་བྷ་ཏེ་ཆེ་གེ་མོ་ཕྱོགས་མཚམས་ཐམས་ཅད་དང་སྟེང་དང་འོག་རྣམས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ཕྱོགས་མཚམས་ཐམས་ཅད་དང་སྟེང་དང་འོག་རྣམས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱདྱ་ཐེ་དན། ཨ་སཾ་གེ་ཁཌྒ་བ་ཏེ་བ་ལ་ནིརྒྷོ་ཥེ་ཤཱུ་རེ་ཤཱུ་ར་དྷ་རེ། བཛྲ་ག་མེ་བཛྲ་དྷ་རེ་སྟཾ་བྷེ་དྲྀ་ཌྷ་སཱ་རེ་བི་ར་ཛེ་བི་གྷ་སེ་བཱ་ར་གྲ་པཱར་བ་ཏེ་ཨ་ར་ཎེ་དྷརྨ་ཡུཀྟེ་དེ་ཤི་བི་གྷུཥྚ། དེ་བཞིན་གཤེགས་པའི་མཚན་དང་སྟོབས་དང༌། དབང་ཕྱུག་དང་བྱིན་གྱིས་ཆེ་གེ་མོ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱོགས་ཕྱོགས་ནས་རོལ་མོའི་སྒྲ་ཡང་བྱའོ། །ཕྱོགས་ཀྱི་གཏོར་མའོ།།  །།གཟའ་དང་རྒྱུ་སྐར་ལ་མཆོད་ཅིང་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །གཟའ་གང་དག་རྒྱུ་སྐར་རྣམས་ཀྱི་ཁྲོད་ན་རྒྱུ་ཞིང་འགྲིབ་པ་དང་འཕེལ་བ་དང་བདེ་བ་དང་སྡུག་བསྔལ་བ་དང༌། ལོ་ལེགས་པ་དང་ལོ་ཉེས་པ་དག་ཀྱང་སྟོན་པ་རྣམས་འདི་ལྟ་སྟེ། གཟའ་ཉི་མ་དང༌། གཟའ་ཟླ་བ་དང༌། གཟའ་ཕུར་བུ་དང༌། གཟའ་པ་སངས་དང༌། གཟའ་སྤེན་པ་དང༌། གཟའ་མིག་དམར་དང༌། གཟའ་ལྷག་པ་དང༌། གཟའ་ལྷ་མིན་དབང་པོ་སྒྲ་གཅན་དང༌། གཟའ་དུ་བ་མཇུག་རིངས་སོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། དེ་ལྟར་ཕྱོགས་ཕྱོགས་ན་བདུན་བདུན་ནོ། །སྐར་མ་གཟའ་བདུན་དེ་བཞིན་ཏེ། །རྫུ་འཕྲུལ་ཆེ་ཞིང་དཀའ་ཐུབ་ཆེ། །ཉི་མ་དང་ནི་ཟླ་བ་དང༌། །སུམ་ཅུ་རྩ་བདུན་ཚང་བ་དག །འཆར་བ་དང་ནི་ནུབ་པ་ན། །འཁོར་ལོ་མཚོན་ཆ་བཞིན་དུ་རྒྱུ། །འཇིག་རྟེན་དུ་ནི་ཟད་འཕེལ་བྱེད། །གཟི་ཆེ་རྫུ་འཕྲུལ་ཆེན་པོ་དག །རབ་ཏུ་དང་བའི་སེམས་ཀྱིས་སུ། །རིག་སྔགས་རྗེས་སུ་ཡི་རང་བྱོས། །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཤིག །རྒྱུ་སྐར་གང་དག་ནམ་མཁའ་ལ་རྒྱུ་ཞིང་སྣང་བར་བྱེད་པ་རྣམས་འདི་ལྟ་སྟེ། སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་དང་ལག་དང་ནམ་སོ་དང༌། །རྒྱལ་ནི་བཀྲ་ཤིས་ཕུན་སུམ་ཚོགས། །དེ་བཞིན་སྐག་སྟེ་བདུན་པ་ཡིན། །འདི་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། ཤར་གྱི་སྒོ་ན་གནས་པ་དག་སྟེ། གང་དག་ཤར་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག མཆུ་ནི་མི་མཛའ་འཇོམས་པ་དང༌། །དེ་བཞིན་གྲེ་དང་དབོ་གཉིས་དང༌། །མེ་བཞིན་ནག་པ་ས་རི་དང༌། །ས་ག་སྟེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། ལྷོ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ལྷོ་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག ལྷ་མཚམས་གཟི་བརྗིད་ཆེན་མོ་དང༌། དེ་བཞིན་སྣོད་དང་སྣྲུབས་དང་ནི། །ཆུ་སྟོད་དང་ནི་ཆུ་སྨད་དང༌། །དེ་ལྟར་བྱི་བཞིན་གྲོ་བཞིན་ནོ། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི་ནུབ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ནུབ་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག མོན་གྲུ་དང་ནི་མོན་གྲེ་དང༌། །དེ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང༌། །ནམ་གྲུ་དང་ནི་ཐ་སྐར་དང༌། །བྲ་ཉེ་སྟེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི་བྱང་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་བྱང་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཤིག །གཟའ་སྐར་གྱི་གཏོར་མ་དང་གསོལ་བ་གདབ་པ་སྟེ་དྲུག་པའོ།།  །།དེ་ནས་སྨན་དང་འབྲས་བུས་བརྒྱན་པའི་དཀར་གཏོར་གཉིས་དང༌། དམར་གཏོར་ལྔ་བཤམས་ནས་དཀར་གཏོར་དང་པོ་བྱིན་གྱིས་བརླབས་ལ་འདི་སྐད་བརྗོད་དོ། །རྒྱལ་པོ་ཆེན་པོ་བཞིའི་ལམ་དང༌། ལམ་མ་ཡིན་པ་ན་གནས་པ་བཞི་ཡོད་དེ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བཀྲ་ཤིས་ལྡན་དང༌། ཀུན་བཤེས་དང༌། གང་པོ་དང༌། དགའ་བའི་དཔལ་རྣམས་ཏེ་གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་རྒྱལ་པོའི་འཇིགས་པ་མི་འབྱུང་ངོ༌། །ཆོམ་རྐུན་གྱི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། མིའི་འཇིགས་པ་དང༌། མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ༌། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། བཀྲ་ཤིས་ལྡན་དང༌། ཀུན་བཤེས་དང༌། གང་པོ་དང༌། དགའ་བའི་དཔལ་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ན་མཿསརྦ་ཏ་ཐཱ་ག་ཏས་ཕུལ་ལ། ཡང་འདི་སྐད་ཅེས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ། བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག དཀར་གཏོར་གཉིས་པ་བྱིན་གྱིས་བརླབས་ལ། འདི་སྐད་ཅེས། ལག་ན་རྡོ་རྗེའི་བུ་ཕོ་ལག་མྱུར་ཞེས་བྱ་བ། གྲོང་ཁྱེར་ཁོར་ཡུག་ཅེས་བྱ་བ་ན་གནས་པ་ཡོད་དེ། གང་དེའི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེས་བསྲུང་བར་བྱེད། ཡོངས་སུ་སྐྱོབ་པར་བྱེད། ཡོངས་སུ་འཛིན་པར་བྱེད། ཆད་པ་ཟློག་པར་བྱེད། ཞི་བ་དང༌། བདེ་ལེགས་སུ་འགྱུར་བར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། ལག་ན་རྡོ་རྗེའི་བུ་ཕོ་ལག་མྱུར་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག དམར་གཏོར་གཅིག་བྱིན་གྱིས་བརླབས་ལ། འདི་སྐད་ཅེས་སྲིན་མོ་ཆེན་མོ་བཅུ་བཞི་ཡོད་དེ། དེ་དག་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པ་ན་ཡང་སྲུང་སྲུང༌། བལྟམས་པའི་ཚེ་ན་ཡང་སྲུང་སྲུང༌། བལྟམས་ཟིན་པའི་འོག་ཏུ་སྲུང་སྲུང༌། སྐུ་འཁྲུངས་པ་ན་ཡང་སྲུང་སྲུང་ངོ༌། །བཅུ་བཞི་གང་ཞེ་ན། འདི་ལྟ་སྟེ། སྟོབས་ལྡན་དང༌། དྲི་མ་མེད་དང༌། སྒྲ་གཅན་དང༌། རབ་མཉེན་དང༌། འཇིགས་བྱེད་མ་དང༌། འཛམ་བུ་མགྲིན་དང༌། མཆོག་ལེན་དང༌། བླ་མ་དང༌། གྲགས་མ་དང༌། འཐབ་དགའ་མ་དང༌། རྨད་གྲགས་དང༌། རྩེད་མོ་དགའ་དང༌། ས་འཛིན་དང༌། འཐབ་འཇུག་གོ །གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པར་བྱེད། ཞི་བ་དང༌། བདེ་ལེགས་སུ་འགྱུར་བར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ། འདི་སྐད་ཅེས་བརྗོད་དོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱུར་ཅིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ། འདི་སྐད་ཅེས་སྲིན་མོ་བརྒྱད་ཡོད་དེ། དེ་དག་ནི་སྐྱེས་པ་དང་བུད་མེད་དེ་དག་གཉིད་ལོག་ཀྱང་རུང་མ་ལོག་ཀྱང་རུང་སྟེ། གཟི་བརྗིད་འཕྲོག་པར་བྱེད་དོ། །དེ་དག་གང་ཞེ་ན་འདི་ལྟ་སྟེ། རྭ་དང༌། ཐུབ་མེད་དང༌། ངན་སློབ་དང༌། ཕྲ་མ་ཅན་དང༌། བྲན་མོ་དམར་མོ་དང༌། རབ་བྱེད་དང༌། མིག་བཟངས་དང༌། བརྒྱད་པ་སྟེ་འཇིགས་མེད་དོ། །གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ། འདི་སྐད་ཅེས་བརྗོད་དོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱུར་ཅིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ། འདི་སྐད་ཅེས་སྲིན་མོ་བདུན་ཡོད་དེ། དེ་དག་གི་ཁྲག་གི་དྲི་མནམ་ནས་དཔག་ཚད་བརྒྱར་ཡང་རྒྱུག་གོ །དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། གཟི་བརྗིད་མཆོག་དང༌། དགའ་བརྩེགས་དང༌། སྣ་ཚོགས་སྦྱིན་སྤོང་དང༌། བྲན་མོ་དཀར་མོ་བཟང་དང༌། འཇུག་འདོད་དང༌། གྲོང་ཁྱེར་ཁོར་ཡུག་དང༌། བདུན་པ་སྟེ་རི་སྲུང་ངོ༌། །གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ། འདི་སྐད་ཅེས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ། སྲིན་པོ་ཆེན་པོ་ནག་མོ་ཞེས་བྱ་བ་བུ་སྟོང་ཡོད་པ། རྒྱ་མཚོའི་འགྲམ་ན་གནས་པ། མཚན་གཅིག་གིས་དཔག་ཚད་ཁྲིར་ཕྱིན་པ་ཞིག་ཡོད་དེ། གང་དེའི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ། འདི་སྐད་ཅེས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ། འདི་སྐད་ཅེས། སྲིན་མོ་ཆེན་མོ་ལྔ་གནོད་སྦྱིན་འབུམ་ཕྲག་ཉི་ཤུ་རྩ་བདུན་དང་ལྷན་ཅིག་ཏུ་འཛམ་བུའི་གླིང་གི་མི་རྣམས་བསྲུང་ཞིང་སྐྱོབ་པར་བྱེད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རྟག་ཏུ་མྱོས་དང༌། རྗེས་སུ་མྱོས་དང༌། སྟོབས་ཀྱིས་རྒྱགས་དང༌། འོད་མའི་སྦུབས་དང༌། ལྔ་པ་སྟེ་འབྱོར་ལྡན་ནོ། །གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། སྲིན་མོ་ལྔ་པོ་གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་བཅས་པ་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ། འདི་སྐད་ཅེས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག ཏདྱ་ཐཱ། བི་མུ་དེ་བིཏྟི་དེ། བི་ཙ་རི་དེ་བི་ཀ་ར་ཏི་ཀ་ར་ཌི་ཀ་ར་བཱི་ར་སྭ་རེ། མ་ཏུ་ར་གྷོ་ཥེ་ཤ་ཏ་ཧ་ན་ན་ཏི། བི་ཤི་ཏ་གྷེ་ཨ་ག་གེ ནག་ཀེ་བི་ཀ་ཏཱི་ཀེ་ཏེ་བི་ཀུ་ཊཱི་ཊཱི་དྷེ། བི་ར་ཛཻ་བི་ཀྵུ་བི་ཏེ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་ནས་རོལ་མོའི་སྒྲ་བྱའོ། །གསང་སྔགས་རྗེས་སུ་འཛིན་མའི་གཏོར་མ་སྟེ་བདུན་པའོ།།  །།དེ་ནས་དབང་བསྐུར་བའི་སྔོན་དུ་བྱུར་བསལ་བའི་ཕྱིར་སྐྱེས་པའམ་བུ་མེད་གདུགས་གཅིག་སྨྱུང་བར་བགྱིས་པ་རབ་ཏུ་བཀྲུས་པ། ཤིན་ཏུ་བརྒྱན་པ་དེས་དོག་ས་ལ་མེ་ཏོག་གི་སིལ་མ་བཀྲམ་སྟེ་སྤོས་སྣ་ཚོགས་ཀྱིས་བདུགས་ལ། སེང་ལྡེང་དང་རྒྱ་ཤུག་རིགས་གཉིས་ཀྱི་ཞུགས་བུས་ལ། ས་བོན་ཐམས་ཅད་ཕྱོགས་བཞིར་གཏོར་བར་བགྱི། ཞུགས་ཀྱི་ནང་དུ་ཡང་གཏོར་བར་བགྱི། རྩ་བ་ཐམས་ཅད་དང༌། མེ་ཏོག་ཐམས་ཅད་ཚོན་སྐུད་སྣ་ཚོགས་ལ་བརྒྱུས་ཏེ། རལ་གྲིའམ། མདུང་རྩེ་གསུམ་པའམ། མདུང་ངམ། མདའ་ལ་གདགས་པར་བགྱིའོ། །སྤོས་ཆབ་སྣ་ཚོགས་སྦྱར་ཏེ་བུམ་པ་ཆེན་པོའི་ནང་དུ་བླུགས་ལ་གང་ལ་བྱད་ཀྱིས་ཕོག་པ་དེ་སྐུད་པ་དེས་བཅིངས་ཏེ་བུམ་པའི་ཆུས་བཀྲུ་བར་བགྱིའོ། །སྐུད་པ་ཡང་ཚོན་གྱིས་བཅད་དེ་ཞུགས་ཀྱི་ནང་དུ་དོར་རོ། །སྟོང་ཆེན་པོ་རབ་ཏུ་འཇོམས་པའི་གཟུངས་འདི་ཡང་བརྗོད་པར་བགྱིའོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང༌། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང༌། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང༌། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང༌། །འཕྲོག་མ་བུ་དང་བཅས་པ་དང༌། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །ཆེ་གེ་མོ་ཡི་བྱད་སྟེམས་ལས། །རྣམ་པ་ཐམས་ཅད་ཆད་གྱུར་ཅིག །ཅེས་བརྗོད་ཅིང༌། བཅིངས་པའི་ཚོན་སྐུད་རྣམས་གཅད་པར་བྱའོ། །དེ་ནས་བྱིན་གྱིས་བརླབས་པའི་མེས་བསྲེག་ཅིང༌། རྡོ་རྗེས་རིན་ཆེན་ཕུག་པ་དང༌། །མེ་ཡིས་བུད་ཤིང་བསྲེག་པ་དང༌། །རླུང་གིས་སྤྲིན་ནི་གཏོར་བ་དང༌། །ཉི་མས་ནགས་ཚལ་སྐེམས་བྱེད་པ། །བདེན་པའི་ཚིག་ནི་འདི་དག་གིས། །བྱད་སྟེམས་ལས་རྣམས་ཚིག་གྱུར་ཅིག །སྤོས་དང་མེ་ཏོག་སྣ་ཚོགས་ཀྱིས། །སྡིག་པ་ཐམས་ཅད་ངེས་པར་བསལ། །ཏདྱ་ཐཱ། ཧུ་མེ་ཧུ་མེ། ཀ་ཁ་ལི་ཀ་ཁ་ལི། ཁ་ར་ལི། ཛུ་ཧྭི་ནི། ཛ་བ་ལེ། ག་ར་གེ ཧ་ར་གེ ཧ་ར་གི ཤ་བ་རི་ཤཱནྟི། པྲ་ཤཱནྟི་སྭཱ་ཧཱ། དྷཱ་བ་ནི་སྭཱ་ཧཱ། པྲ་དྷཱ་བ་ནི་སྭཱ་ཧཱ། གནྡྷེརྦེ་སྭཱ་ཧཱ། པ་ལཾ་ག་ནི་སྭཱ་ཧཱ། སརྦ་ཀ་ཁོ་རྡ་བེ་ཏ་ཌ་ཙྪེ་ད་ནི་སྭཱ་ཧཱ། ཨི་མཻརྻནྟྲ་ས་དཻར། མ་མ་སརྦ་ས་ཏྭཱ་ནཱཉྩ་སརྦ་ཀ་ཁོ་རྡ་བེ་ད་དོ་ཥ་དྷི། མནྟྲ་བི་ཥ་པྲ་ཡོ་ག་སརྦ་དཻ་རྦཻ་ཤྪེ་དི་ཏཱ་པེ་དི་ཏཱ་ཛི་ཏཱ་པ་ར་ཛི་ཏ་སྭཱ་ཧཱ། ཞེས་བརྗོད་ཅིང་བསྲེག་པ་ཉི་ཤུ་རྩ་གཅིག་ལ་སོགས་པ་བྱས་ནས་ཐལ་བ་ལམ་གྱི་བཞི་མདོར་དོར་རོ། །བྱུར་གསལ་བ་སྟེ་བརྒྱད་པའོ།།  །།སངས་རྒྱས་ཀུན་གྱི་གཟི་བརྗིད་དང༌། །རང་རྒྱལ་དག་གི་གཟི་བརྗིད་དང༌། །དགྲ་བཅོམ་དག་གི་མཐུ་དག་དང༌། །གསང་སྔགས་འཛིན་པ་ཐམས་ཅད་དང༌། །ཤཱ་རིའི་བུ་ཡི་ཤེས་རབ་དང༌། །མཽང་གལ་བུ་ཡི་རྫུ་འཕྲུལ་དང༌། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང༌། །ཀཽཎྜི་ནྱའི་སྔར་ཐོབ་དང༌། །ཀུན་དགའ་བོ་ཡི་ཐོས་པ་དང༌། །ཚངས་པ་ལྷ་ཡི་བྱམས་པ་དང༌། །བརྒྱ་བྱིན་གྱི་ནི་དབང་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང༌། །དབང་ཕྱུག་ཆེན་པོའི་སྟོབས་དག་དང༌། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང༌། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང༌། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །དུག་མེད་དུག་རྣམས་འཇིག་བྱེད་ཤོག །སྱཱདྱ་ཐེ་དན། ཧེ་རི་ཀེ་ཤི་ན་ཀི་ལི། ཨེ་ཧི་རེ། ཨ་མ་རེ། ཨཎྜ་རེ། པཎྜ་རེ། ཀ་ཊ་ཀེ ཀེ་ཡཱུ་རེ། ཧ་སེ་ཧ་སེ་ཧ་སེ། ཁ་སེ་ཁ་སེ་ཁ་སེ། ཁ་རཾ་གེ ག་རུ་ག་ཎེ་སྭཱ་ཧཱ། མུ་མུ་ཀྵུ་སྭཱ་ཧཱ། ཧེ་ལེ་སྭཱ་ཧཱ། མེ་ལེ་སྭཱ་ཧཱ། འབྲས་དང་རྨ་དང་ཤུ་བ་དང༌། །གཡན་པ་དང་ནི་འབྲུམ་བུ་དང༌། །ལྷོག་པ་དང་ནི་གཡའ་བ་ནི། །བདུན་པ་ལགས་ཏེ་རབ་ཏུ་བཅོམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མི་མངའ། །ཆོས་ཀྱི་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་གཟི་ཡིས་དུག་བཅོམ་མོ། །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །ཆུ་ནི་དུག་གི་མ་ཡིན་ཏེ། །ཆུ་ནི་དུག་གི་ཕ་ཡང་ཡིན། །མེ་ནི་དུག་གི་མ་ཡིན་ཏེ། །མེ་ནི་དུག་གི་ཕ་ཡང་ཡིན། །རླུང་ནི་དུག་གི་མ་ཡིན་ཏེ། །རླུང་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་དེ་དག་གིས། །བདག་གི་དུག་ནི་དུག་མེད་ཤོག །དུག་ནི་འབྱུང་བའི་ནང་དུ་སོང༌། །གང་བའི་སྣོད་དུ་དུག་སོང་ཤིག་སྭཱ་ཧཱ། དུག་དབྱུང་བ་སྟེ་དགུ་པའོ།།  །།ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿསུ་ཝརྞ་ཨ་ཝ་བྷ་ས་སྱ་མ་ཡཱུ་ར་རཱ་ཛྙེ། ན་མོ་མ་ཧཱ་མ་ཡཱུརྻཻ་བིདྱཱ་རཱ་ཛྙཻ། ཏདྱ་ཐཱ། སིདྡྷེ་སུ་སིདྡྷེ། མོ་ཙ་ནི། མོ་ཀྵ་ནི། མུཀྟེ། བི་མུཀྟེ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཨཎྜ་རེ། པཎྜ་རེ། མངྒ་ལྱེ། ཧི་ར་ཎྱེ་གརྦྷེ། རཏྣ་གརྦྷེ། བྷ་དྲེ་སུ་བྷ་དྲེ། ས་མནྟ་བྷ་དྲེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མ་ཨརྠ་སཱ་དྷ་ནི། སརྦ་ཨ་ནརྠ་པྲ་བྷ་ཧ་ནི། སརྦ་མཾ་ག་ལྱེ་སཱ་དྷ་ནི་ཡ་ཤོ་དྷ་ཏི། མ་ན་སཱི་མ་ཧཱ་མ་ནི་སཱི། ཨདྦྷཱུ་ཏེ་ཨ་ཏྱདྦྷཱུ་ཏེ། མུཀྟེ། བི་མུཀྟེ། མོ་ཙ་ནི། མོ་ཀྵ་ནི། ཨ་ཙྱུ་ཏེ། ཨ་ར་ཛེ། བི་ར་ཛེ། བི་མ་ལེ། ཨ་མྲྀ་ཏ། ཨ་མ་རེ། ཨ་མ་ར་ཎི། བྲཧྨེ་བྲཧྨ་སྭ་ར་པཱུརྞཻཎ་སཱུརྞཎ་མ་ནོ་ར་ཐེ། མྲྀ་ཏ་སཉྫཱི་ཝ་ནི་ཤྲཱི་བྷ་དྲེ། ཙནྟྲེ་ཙནྟྲ་པྲ་བྷེ། སུརྻེ་སཱུརྻཱ་ཀཱནྟེ། བི་དྷེ་བྷ་ཡེ། སུ་ཝརྞེ། པྲཧྨ་གྷོ་ཥེ། པྲཧྨ་ཛུཥྚི། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་དགེ་བ་དང་བདག་ལ་བསྲུང་བ་མཛད་དུ་གསོལ། བདག་ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱུར་ཅིག ཏདྱ་ཐཱ། ཧུ་ཙི་གུ་ཙི་གུ་ཙི་མུ་ཙི་སྭཱ་ཧཱ། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །རང་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །དགྲ་བཅོམ་པའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཕྱིར་མི་འོང་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ལན་ཅིག་ཕྱིར་འོང་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །རྒྱུན་ཏུ་ཞུགས་པའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །བདེན་པར་སྨྲ་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཚངས་པའི་བེ་ཅོན་གྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །དབང་པོའི་རྡོ་རྗེའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཁྱབ་འཇུག་གི་འཁོར་ལོས་དུག་བཅོམ་མོ། །མེ་ལྷའི་མེ་དབལ་གྱིས་དུག་བཅོམ་མོ། །ཆུ་ལྷའི་ཞགས་པས་དུག་བཅོམ་མོ། །ལྷ་མ་ཡིན་གྱི་སྒྱུས་དུག་བཅོམ་མོ། །ཀླུའི་རིག་སྔགས་ཀྱིས་དུག་བཅོམ་མོ། །དྲག་པོའི་མདུང་རྩེས་དུག་བཅོམ་མོ། །སྐེམས་བྱེད་ཀྱི་མདུང་ཐུང་གིས་དུག་བཅོམ་མོ། །རིག་སྔགས་ཀྱི་རྒྱ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ། །དུག་སའི་ནང་དུ་སོང་ཤིག བདག་དུག་ཐམས་ཅད་དང༌། བེའུ་ལྟ་བུའི་དུག་དང༌། ཧ་ལ་ཧ་ལའི་དུག་དང༌། ནག་པོ་བརྩེགས་པའི་དུག་དང༌། མཆེ་བའི་དུག་དང༌། རྩ་བའི་དུག་དང༌། ཕྱེ་མའི་དུག་དང༌། ལྟ་བའི་དུག་དང༌། གློག་གི་དུག་དང༌། སྤྲིན་གྱི་དུག་དང༌། སྦྲུལ་དང༌། བྱི་བ་དང༌། སྲིན་བུ་ཀི་ཏ་དང༌། ལུ་ཏ་དང༌། ཀ་ན་བྷ་དང༌། སྦལ་པ་དང༌། སྦྲང་བུ་དང༌། བུང་བ་དང༌། བ་ཏ་རི་དང༌། ཏྲེ་མ་བུ་ཀ་དང༌། ཏྲེ་ལ་ཏའི་དུག་དང༌། མིའི་དུག་དང༌། སྡིག་པའི་དུག་དང༌། མི་མ་ཡིན་པའི་དུག་དང༌། དོགས་པའི་དུག་དང༌། སྨན་གྱི་དུག་དང༌། རིག་སྔགས་ཀྱི་ལས་བདེ་ལེགས་སུ་གྱུར་ཅིག དུག་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། དུག་དབྱུང་བ་གཉིས་པ་སྟེ་བཅུ་པའོ།།  །།སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་སོ། །དགེ་འདུན་མུ་སྟེགས་བྱེད་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་ལས་ནི་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྤྲིན་ལས་རབ་ཏུ་རྒྱལ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་འགྱུར་བརྫུན་མ་ལགས། །སྱཱདྱ་ཐེ་དན། ཨ་མྲྀ་ཏེ། ཨ་གྲ་པུཥྤེ། བ་ཧུ་ཕ་ལ། ནི་བཱ་ར་ཎི། སརྦ་ཨརྠ་སཱ་དྷ་ནི། ཨ་པ་རཱ་ཛི་ཏེ་བ་ར་དྷ་ར་ཎི། གུ་ཧྱ་བ་རཏྟ། གཽ་ཏ་མེ་གུཔྟ་མ་ཏི་ཛམྦྷ་ནི་སྭཱ་ཧཱ། པྲ་ཛམྦྷ་ནི་སྭཱ་ཧཱ། བ་ལ་པྲ་བྷཉྫ་ནི་སྭཱ་ཧཱ། ཛ་ཡེ་སྭཱ་ཧཱ། བི་ཛ་ཡེ་སྭཱ་ཧཱ། ཛ་ཡ་བི་ཛ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད་རབ་ཏུ་ཕམ། །ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ་སྭཱ་ཧཱ། རྒྱལ་བར་བྱེད་པ་སྟེ་བཅུ་གཅིག་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*