བཀྲ་ཤིས།

༼ཕ༽

༄༅། །ཡང་བཀྲ་ཤིས་བཞུགས།།

༄༅། །བླ་མ་ལ་ན་མོ། དཔལ་མཆོག་བདེ་ཆེན་འགྱུར་མེད་རྟག་པའི་སྐུ། །དཔལ་ཆེན་རྡོ་རྗེ་ཕག་མོས་ཉེར་འཁྲིལ་བའི། །དཔལ་ལྡན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས། །དཔལ་མོ་ཁྱོད་ནི་རྟག་ཏུ་སྐྱོང་གྱུར་ཅིག །གོ་གོ་ཅན་ལའོ།།  །།ཨ་བྷི་དྷ་ནའི་ལེའུ་ཉི་ཤུ་རྩ་ལྔ་པ་ལས། ཐོག་མ་བར་དང་ཐ་མར་ནི། །དམ་ཚིག་ཉམས་པ་བསྐང་བ་དང༌། །དཔའ་བོ་དང་ནི་རྣལ་འབྱོར་མ། །འཁོར་ལོ་དག་ནི་བསྟན་པའི་ཕྱིར། །ཡི་གེ་བརྒྱ་པའི་གསང་སྔགས་བཟླས། །ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱ་ཧཱུྃ་ཕཊ། ཅེས་འབྱུང་ངོ༌།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*