བདེ་མཆོག་གི་བཀྲ་ཤིས།

༼ཕ༽

༄༅། །བདེ་མཆོག་གི་བཀྲ་ཤིས་བཞུགས།།

༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་འབར་བའི་སྐུ་མངའ་བ། །ཧ་ཧའི་གད་མོས་ས་གསུམ་གཡོ་མཛད་ཅིང༌། །ཧཱུྃ་ཧཱུྃ་ཕཊ་ཀྱིས་བདུད་དཔུང་ངེས་འཇོམས་པའི། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །ཨེ་བྃ་མཉམ་པར་སྦྱོར་བ་བདེ་བའི་སྐུ། །ཨཱ་ལི་ཀཱི་ལི་རོལ་པའི་གསུང་མངའ་ཞིང༌། །ཧཱུྃ་གི་ངོ་བོར་སོན་པའི་ཐུགས་ལྡན་པ། །ཧེ་རུ་ཀ་དཔལ་བཀྲ་ཤིས་སྦྱིན་གྱུར་ཅིག །སྤྲུལ་པ་དུ་མའི་རྣམ་འཕྲུལ་མཐའ་ཡས་པ། །སྤྲོ་དང་བསྡུ་དང་ཡོངས་སུ་སྒྱུར་མཛད་ཅིང༌། །སྤྲོས་དང་སྤྲོས་མེད་བདག་ཉིད་རྒྱལ་བ་ཡིས། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །རྒྱལ་བུ་ཛིམ་གྱིམ་ལའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*