བསོད་ནམས་ཆུ་གཏེར་མ།

༼པ༽

༄༅། །བསོད་ནམས་ཆུ་གཏེར་མ་བཞུགས།།

༄༅། །བསོད་ནམས་ཆུ་གཏེར་དབུས་སུ་ལེགས་འཁྲུངས། །ཡེ་ཤེས་བཞི་ཡི་རིན་ཆེན་ལས་གྲུབ། །སྲིད་ཞིའི་རླུང་གིས་རྣམ་པར་མི་གཡོ། །ཕྲིན་ལས་དཔག་བསམ་ཤིང་གིས་ལེགས་བརྒྱན། །ཆོས་རྗེ་ལྷུན་པོའི་རྒྱལ་ལ་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་རིན་ཆེན་ལས་གྲུབ། །ལེགས་པར་བཤད་པའི་འོད་ཟེར་ཆེས་འཕྲོ། །མ་རིག་མུན་ནག་ཚང་ཚིང་རབ་འཇོམས། །གདུལ་བྱའི་བློ་གྲོས་པད་ཚལ་རྒྱས་མཛད། །རྫོགས་པའི་སངས་རྒྱས་ཉི་མ་ལ་འདུད། །རྒྱལ་བའི་ཡེ་ཤེས་ཆུ་ཤེལ་ལས་གྲུབ། །ཉོན་མོངས་དྲི་མ་ཀུན་ལས་རྣམ་འདས། །རྣམ་པར་རྟོག་པའི་རབ་རིབ་རབ་འཕྲོག །སྲིད་པའི་གདུང་བ་ཀུན་ནས་རྣམ་སེལ། །བསིལ་བའི་འོད་འཕྲོ་དམ་ཆོས་ཟླ་རྒྱས། །བློ་གྲོས་དབྱིབས་མཛེས་ཚུལ་ཁྲིམས་མདངས་གསལ། །ཡོན་ཏན་གཟི་ལྡན་འདོད་དགུའི་དཔག་འབྱུང༌། །ལྷར་བཅས་འཇིག་རྟེན་གཙུག་གི་རྒྱན་གྱུར། །བློ་གསལ་རྣམས་ཀྱི་རེ་བ་རྫོགས་མཛད། །ཚོགས་ཀྱི་མཆོག་རབ་བསོད་ནམས་ཞིང་མཆོག །དགེ་འདུན་རིན་ཆེན་ཕྲེང་བ་རྟག་མཆོད། །ཅེས་འཕགས་པས་སྦྱར་རོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*