ཆོས་རྗེ་པའི་མཚན་སྤེལ་བའི་བསྟོད་པ།

༼པ༽

༄༅། །ཆོས་རྗེ་པའི་མཚན་སྤེལ་བའི་བསྟོད་པ་བཞུགས།།

༄༅། །འགྲོ་ཀུན་གང་ལ་དགའ་བའི་ལམ་བསྟན་ནས། །ཐར་པའི་རྒྱལ་མཚན་རྩེ་མོར་འཇོག་པར་མཛད། །དཔལ་འབྱོར་ལྷུན་གྲུབ་ཕྲིན་ལས་བཟང་པོ་ཅན། །སྐྱོབ་པ་མཚུངས་མེད་ཆོས་རྗེའི་ཞབས་ལ་འདུད། །ཀུན་དགའ་རིན་ཆེན་ལས་གྲུབ་པའི། །ཡོན་ཏན་རྒྱལ་མཚན་རབ་གསལ་བ། །འགྲོ་བའི་དཔལ་འབྱོར་འབྱུང་བའི་གཞི། །ཕྲིན་ལས་བཟང་པོ་ལ་ཕྱག་འཚལ། །ཀུན་མཁྱེན་རྒྱལ་པོ་ཐུགས་རྗེའི་དབང་གིས་གཞན་གྱིས་དོན་ལ་དགའ་མགུར་སྤྱོད། །སངས་རྒྱས་ཀུན་དངོས་རྒྱལ་སྲས་ཀུན་བསྐྱེད་མཚན་དང་དཔེ་བྱད་འབར་བའི་སྐུ། །སྲིད་ཞིའི་དཔལ་གྱུར་ཕྲིན་ལས་བཟང་པོས་གདུལ་བྱ་རྣམས་ལ་མཆོག་སྩོལ་བ། །སྐྱོབ་པ་མཚུངས་མེད་འགྲོ་བའི་བླ་མ་ཆོས་རྗེའི་ཞབས་ལ་སྤྱི་བོས་འདུད། །ཀུན་དགའི་ཆོས་ཀྱི་རྔ་ཡི་སྒྲ་དབྱངས་དང༌། །ཐུགས་རྗེ་ཆེན་པོའི་རྒྱལ་མཚན་ལེགས་བསྒྲེང་བས། །གདུལ་བྱ་དཔལ་འབྱོར་བཟང་པོར་ལེགས་བསྒྲུབ་ཅིང༌། །བདུད་སྡེ་ལྷ་མིན་དཔུང་འཇོམས་བླ་མ་རྒྱལ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*