ཐེག་ཆེན་ལམ་གྱི་རྣམ་གཞག་མདོར་བསྡུས།

༼ན༽

༄༅། །ཐེག་ཆེན་ལམ་གྱི་རྣམ་གཞག་མདོར་བསྡུས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཐུབ་པས་ཆོས་རྣམས་གང་གསུངས་པ། །ཇི་བཞིན་བསྒོམས་པས་ཉམས་སུ་ལེན། །དེ་ལ་དམིགས་པ་མེད་པ་ཡི། །ཡིད་ཀྱིས་ཐལ་མོ་སྦྱར་ཏེ་བསྟོད། །གང་གིས་སྡིག་པ་ཅི་བྱས་པ། །དེ་དག་ཀྱང་ནི་འདུས་བྱས་པ། །དེ་ཕྱིར་དེ་མི་རྟག་ཆོས་ཅན། །དེས་ན་དེ་ལ་གདུང་མི་བྱ། །གལ་ཏེ་དམིགས་པར་འཛིན་བཅས་པས། །བསྐལ་བ་བྱེ་བ་དཔག་ཡས་སུ། །དཀོན་མཆོག་གསུམ་པོ་མངོན་བསྟེན་ཀྱང༌། །གྲོལ་བ་མིན་ཞེས་རྒྱལ་བས་གསུང༌། །དམིགས་པ་ཀུན་ལས་རྣམ་གྲོལ་བློ། །དེ་ལའང་གལ་ཏེ་མི་འཛིན་ན། །འདི་ཡིས་སྟོང་ཉིད་སྙིང་རྗེ་ཡི། །བྱང་ཆུབ་དམ་པར་བླ་མེད་རྙེད། །བདག་ཉིད་གཅིག་པུ་གྲོལ་འགྱུར་བའི། །ལམ་དེ་བཟང་པོ་མ་ལགས་པར། །གཅིག་ཏུ་གཞན་ལ་ཕན་དགོངས་པའི། །ཐམས་ཅད་མཁྱེན་པ་ཁོ་ནས་གསུངས། །དེ་ལ་བསམས་ནས་མི་ཤེས་པ། །བདག་གིས་དང་པོར་རང་དོན་དོར། །བདག་དོན་ཞེན་པའི་མདུད་པ་ཅན། །སེམས་ཁྱོད་གཞན་དོན་གཡེང་གྱུར་ན། །ཁྱོད་ནི་ཕྱི་ནས་རང་གཞན་གྱི། །དོན་མེད་གཅིག་པུ་འཁོར་བར་འཁྱམས། །དེ་ལྟར་འབད་པས་རྣམ་ཀུན་དུ། །བདག་གི་དོན་ལ་མི་ལྟ་བར། །གཅིག་ཏུ་བརྩེ་བའི་ངང་ཚུལ་ཅན། །གཞན་གྱི་དོན་ལ་གཞོལ་བར་བྱ། །གཞན་དོན་གྲུབ་པས་བདག་གི་དོན། །ལྷུན་གྱིས་གྲུབ་པ་ཆོས་ཉིད་པས། །གཉིས་ཀའི་དོན་ཀུན་ཕུན་ཚོགས་པའི། །བདག་ཉིད་ཆེན་པོར་དེ་ནས་འགྱུར། །ཐེག་པ་ཆེན་པོའི་ལམ་གྱི་རྣམ་གཞག་མདོར་བསྡུས་པ། དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*