ས་སྐྱ་མཁན་པོ་བློ་གྲོས་བསྟན་འཛིན་མཆོག་ནས་མཆིམས་མཛོད་ལུང་གནང་བ།

དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་གོ་སྒྲིག་འོག་༢༠༡༧ / ༤ / ༣༠ ནས་བཟུང་དཔལ་ས་སྐྱའི་མཁན་པོ་བློ་གྲོས་བསྟན་འཛིན་མཆོག་གི་ཞལ་སྔ་ནས་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ཡོངས་གྲགས་སུ་མཆིམས་མཛོད་དེ་ཉིད་བཤད་ལུང་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང་། ལུང་གནང་སྐབས་མཁན་རིན་པོ་ཆེ་མཆོག་ནས་གསུང་དོན་ངས་ལུང་རྒྱུན་ཞུ་ས་དེ་ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན་མཆོག་རེད་ཁོང་ནི་སྦག་ས་ལ་ཕེབས་ཤིང་སྦག་སའི་སློབ་དཔོན་གནང་མྱོང་ཞིང་སྐབས་དེར་མཆིམས་མཛོད་ཀྱི་ཕྱག་དཔེ་འདི་རིན་པོ་ཆེ་ཁོང་གིས་བོད་ནས་ཁུར་ཡོང་བ་གཅིག་པུ་དེ་མ་གཏོགས་གཞན་ལ་མི་འདུག་གསུང་བྱུང་དེ་རྗེས་སྦག་ས་རྡོ་དཔར་དང་། དེ་རྗེས་རིམ་གྱིས་ལྡི་ལིའི་པར་ཁང་ནས་པར་བཏབ་པ་སོགས་གཞི་ནས་ཕྱག་དཔེ་ཅུང་ཟད་མང་པོ་ཆགས་པ་རེད། ངས་རིན་པོ་ཆེ་ཁོང་གི་ཞབས་ཞུ་བསྒྲུབས་ནས་སྡོད་སྐབས་རིན་པོ་ཆེ་ལ་མཆིམས་མཛོད་ཀྱི་ལུང་ཞིག་གནང་རོགས་ཞུས་པ་ཡིན། ཡིན་ནའང་རིན་པོ་ཆེས་དང་ཐོག་ཞལ་བཞེས་གནང་མ་སོང་ལུང་ཞུ་བ་དེ་ཕྱག་དཔེ་ལྟ་འདོད་མེད་པ་རེད་གསུང་བྱུང་། དེ་ནས་མུ་མཐུད་དུ་ཡང་ཡང་ཞུས་པས་མཐར་ཞལ་བཞེས་གནང་སྟེ་ཟླ་བ་གཉིས་ལྷག་ཙམ་ལུང་གནང་ཞིང་མཐར་མཆིམས་མཛོད་ཀྱི་ཕྱག་དཔེ་དེ་ཡང་བདག་ལ་གནང་སོང་། ད་རེས་ཁྱེད་རྣམ་པ་ལའང་ཕྱག་དཔེ་འདིའི་ཐོག་ནས་ལུང་འདོན་གྱི་ཡིན་ཞེས་གསུངས་ཏེ་ལུང་རྒྱུན་དཀོན་རིགས་འདི་དག་ཞུ་རྒྱའི་སྐལ་བཟང་ཐོབ། སྐུ་པར་དང་པོ་དེ་ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན་མཆོག་དང་། གཉིས་པ་དེ་ས་སྐྱའི་མཁན་པོ་བློ་གྲོས་བསྟན་འཛིན་མཆོག་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*