ན་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས།

༼ཉ༽

༄༅། །ན་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བཞུགས།།

༄༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྟོང་པ་རྣལ་འབྱོར«་་་་་»་«ཏིང་ངེ་འཛིན་དང་ལྡན་པ་ནི་»མའི་«མོ་རྟགས་འཛིན་པ།» སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་«དང་པོ་བདག་ཉིད་ལྷའི་རྣལ་འབྱོར་ནི་»རྣལ་འབྱོར་པས། «།དད་པ་ཐུན་ཐ་མ་ལ་ཉལ་ལུགས་གང་ཡང་རུང་བའི་ཉལ་བའི་རྣལ་འབྱོར་བྱ། དེ་ནས་གཉིས་པ་ཐོ་རངས་ཌཱ་མ་རུའི་སྒྲས་བསྐུལ་ཏེ་ལྡང་བའི་རྣལ་འབྱོར་བྱ། དེ་ནས་གསུམ་པ་བདུད་རྩི་མྱང་བའི་རྣལ་འབྱོར་བྱས་ལ་ཕྱི་རོལ་གྱི་མཆོད་པ་དང་འབྲེལ་བའི་དུས་སུ་རྣལ་འབྱོར་པའི་མདུན་དུ་མཎྜལ་བྱ། འདི་ཕྱི་མཆོད་དང་འབྲེལ་པས་འདིར་མི་དགོས་སོ། །བཞི་པ་ཚད་མེད་པའི་རྣལ་འབྱོར་ནི་»སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ལ་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་ལ་དགོད་པར་བྱའོ།«་་་་་སེམས་བསྐྱེད་གཅིག་ལ་བཞི་ཀ་ཚང༌།» །ཞེས་ཚད་མེད་པའི་རྣལ་འབྱོར་སྔོན་དུ་བྱའོ། །དེ་ནས་«ལྔ་པ་བླ་མའི་རྣལ་འབྱོར་ནི་»རང་གི་བླ་མ་སྤྱི་བོར་བསྒོམ་པར་བྱའོ། །དེའི་རྗེས་ལ་«དྲུག་པ་བདག་ཉིད་ལྷར་བསྐྱེད་པའི་རྣལ་འབྱོར་ནི་»རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་འོད་ཟེར་སྣ་ཚོགས་འཕྲོ་བ་ལུགས་ལས་བཟློག་པ་བསམ་མོ། །དབུས་ནི་བྃ་ཡིག་གོ«་་་་་དམར་པོ། »དེའི་འོད་ཟེར་གྱིས་རང་གི་ལུས་ཁྱབ་པ་«རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་»ཡོངས་སུ་དག་པ་ན། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྐུ་«དེ་བཞིན་ཉིད་ཀྱི་རྟགས་»ཞལ་གཅིག་«བདེན་པ་གཉིས་ཀྱི་རྟགས་»ཕྱག་གཉིས་མ་སྐུ་མདོག་«ཐུགས་རྗེའི་རྟགས་»དམར་མོ་«གཡོན་སྐོར་དུ་»བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། «རིགས་ལྔའི་རྟེན་»ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པ་«ཆོས་འབྱུང་གི་ནང་དུ་འཁོར་བ་ལ་མི་གནས་པའི་རྟགས་»སྣ་ཚོགས་པདྨ་དང་«ཁྲོ་མོ་མ་ཆོན་པས་»ཉི་མའི་གདན་ལ་«གཡོན་བསྐུམ་པ་»འཇིག་བྱེད་དང༌། «གཡས་བརྐྱང་བས་»དུས་མཚན་ཞབས་ཀྱིས་མནན་པ། གཡས་ན་རྡོ་རྗེ་«པདྨས་མཚན་པའམ་འདམ་ཀ་ཡིན་གསུངས་ཏེ་ཌཱ་མ་རུ་དང་བཅས་པ་གང་རུང་འཛིན་པར་བསམ་»དང་གྲི་གུག གཡོན་«བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངོ་བོ་»ཐོད་པ་དང་«ཆན་ཁུང་དུ་»ཁ་ཊྭཱཾ་ག་ཕྲག་«པར་བཀལ་བའི་ཚུལ་དུ་གསུངས་»འཛིན་པ། དེ་ནས་སླར་ཡང་«བརྒྱད་པ་དཔའ་བོ་དང་རྣལ་འབྱོར་མའི་བྱིན་གྱིས་བརླབས་པའི་རྣལ་འབྱོར་»ཡིག་འབྲུའི་ཚོགས་ཀྱི་འོད་ཟེར་གྱིས་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་«དང་སེམས་ཅན་ཐམས་ཅད་རྣལ་འབྱོར་མའི་སྐུར་བྱས་ལ་»སྤྱན་དྲངས་ཏེ་བདག་ཉིད་ལ་གཞུག་པར་བྱའོ། །«བདུན་པ་»ཡང་དེའི་འོད་ཟེར་གྱིས་འགྲོ་བ་«འདི་སྔོན་ལ་བྱས་ལ་དེ་ནས་དུས་གཅིག་ཏུ་བསྡུ་གསུང༌།» ཐམས་ཅད་དག་པར་བྱས་ནས། «རྫེ་བཙུན་མའི་སྐུར་བསྐྱེད་ལ་»སླར་ལོག་སྟེ་སྔགས་ཀྱི་ཕྲེང་བ་ཉིད་ལ་ཞུགས་པ་དང༌། «དགུ་པ་བཟླས་པའི་རྣལ་འབྱོར་»ཡིད་ངག་གི་དབྱེ་བས་བཟླས་པ་བྱའོ། །«དེ་ལྟར་ཡིད་བཟླས་བྱེད་ན་འདོམ་དུ་ཆོས་འབྱུང་བསམ། དེ་ལ་སྔགས་ཀྱིས་བསྐོར་བར་བསམ། དེ་ནས་རླུང་བསྡོམས་ཏེ་དེ་ལ་དམིགས་པ་བདུན་བྱ། རྒོད་ན་ཡིད་བཟླས་བྱ། དེ་ལས་སྐྱོ་ན་ངག་བཟླས་བྱ། ངག་གི་བཟླས་པ་འབའ་ཞིག་བྱེད་ན་སྙིང་གར་གཏོང་བར་བྱ་གསུངས་སོ། །དེ་ནས་བཅུ་པ་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་»བྃ་ཡིག་གི་འོད་ཟེར་གྱིས་ས་གསུམ་དང་ལུས་«ནཱ་ད་»དང་ཡི་གེའི་རིམ་གྱིས་«ནཱ་ད་སྟོང་པར་བསམ།» བསམ་གྱིས་མི་ཁྱབ་པ་ལ་བཞུགས་པ་སྔོན་དུ་འགྲོ་བས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། «།བཅུ་གཅིག་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི་ཐུན་མཚམས་སུ་རྒྱན་དང་ཕྱག་མཚན་མེད་པར་བྱས་ལ་བྱ་བ་ཐམས་ཅད་རྣལ་འབྱོར་མའི་ང་རྒྱལ་གྱིས་བྱའོ། །ཕྱི་མཆོད་ཀྱང་བྱའོ། །ཐུན་ཐ་མ་ལ་སེང་གེའི་ཁྲིའི་སྟེང་དུ་ཉལ་བར་བསམས་ལ་བླ་མ་སྟེང་གི་ཐད་ཀར་བལྟས་ཏེ་ཕྱག་བྱེད་པར་བསམས་ལ་ཉལ། བསྐྱེད་རིམ་ལ་མོས་པ་ཆེ་ན་དེ་ལྟར་བྱ། དེ་ལྟ་མི་ནབསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ་ལོ།» །ལས་དང་པོ་པའི་བསྒོམ་པ་མདོར་བསྡུས་པ་སློབ་དཔོན་ནཱ་རོ་ཏ་པའི་ཞལ་གྱི་གདམས་ངག་བརྒྱུད་པའི་རྗེས་སུ་གནང་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་མ་ཏིའི་ཞལ་སྔ་ནས་དང༌། དགེ་བསྙེན་པྲཛྙཱ་ཀཱིརྟིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*