མི་གཡོ་བའི་འཁོར་ལོ།

༼ཅ༽

༄༅། །མི་གཡོ་བའི་འཁོར་ལོ་བཞུགས།།

  ༄༅། །རྒྱ་གར་སྐད་དུ། ཨ་ཙ་ལ་ཙཀྲ། བོད་སྐད་དུ། མི་གཡོ་བའི་འཁོར་ལོ། །གཏུམ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སོར་བཞི་པའི་འཕར་མའི་དབུས་སུ་རལ་གྲིའི་ཕྲེང་བ་བྲི་བར་བྱ་སྟེ། དེའི་དབུས་སུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ཀ་ར་སྱ། རཀྵཾ་ཤཱནྟིཾ་པུཥྚིཾ་ཏྲོ་ཊི་ཀུ་རུ་ཧཱུྃ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨཾ་ཨ་ཙ་ལེ་ཙེཊྚ་བཛྲཱ་ཎཱཾ། ཨཾ་ཨ་ཙ་ལེ་ཙེཊྚ་ཀ་ན། ནཊྚ་ནཊྚ། པཊྚ་པཊྚ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ། ས་ཧ་ས་ཧ། མདྷ་རཱ་ཊ། གརྫཛ་གརྫཛ། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ཨ་བེ་ཤ་ཡ། མ་ཧཱ་མ་གྲ་བ་ལ་ཀ དྷུ་ན་དྷུ་ན། ཊི་ནི་ཊི་ནི། ལ་ད་ལ་ད། བིགྷྣཱ་ན། མཱ་ར་ཡ་མཱ་ར་ཡ། དུཥྚཱན་བྷཀྵ་ཡ། སརྦཾ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཤ་བཛྲེ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཨཾ་ཨཾ་ཨཾ། ཧཾ་ཧཾ་ཧཾ། ཨ་ཙ་ལ་ཙེ་ཏ། སྥོ་ཊ་ཡ། སྥོ་ཊ་ཡ། ཧཱུྃ་ཧཱུྃ། ཨ་ས་མ་ནི་ཏ་ཀ་རཱ་ཊ། མ་ཧཱ་པ་ལ་ཤ་ཏཱ་ཡ། ཙེཊྚ་ཡ། པ་ར་མནྟྲ་ན། ཨཾ་ཧཾ་ཨཾ་ཤུ། དྷྱཻ་ཏུ་ལོ་ཀ་དུཥྚཱ་ཏུ། བཛྲི་ཨ་པྲ་ཏི་བ་ལེ། བྷོ་ན་མི་ཏུ་ཛྭ་ཡ་ཏྲ་ཏ་ཨ་སྭཱ་ཧཱ། ན་མོ་དྷ་ར་ཀ་སྱེ། རཀྵཾ་ཤཱནྟིཾ་པུཥྚིཾ་དྷི་ཏིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། ཨི་ན་ཏྱ། བི་དྱཱ་ལ་ཏྲཾ་ཙྪེ་ད་ཡ་ཧཱུྃ་ཕཊ། དེའི་ཕྱི་རོལ་ཏུ་སོར་ཕྱེད་པའི་འཕར་མ་ལ། ཨོཾ་ཨ་ཙ་ལེ་ཙེཊྚ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ། དཀྵི་ཤཱནྟིཾ་པུཥྚིཾ་དྷིཾ་ཏཾ་ཀུ་རུ་སྭཱ་ཧཱ། ཏྲཻ་ལོ་ཀྱ་སྱ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ་སོར་གསུམ་པའི་དབུས་སུ། རེ་ཁ་གཉིས་པའི་པདྨ་འདབ་མ་བརྒྱད་པ་བྲི་བར་བྱ་སྟེ། དེའི་ཕྱོགས་ཀྱི་འདབ་མ་རྣམས་སུ་རལ་གྲི། མཚམས་ཀྱི་འདབ་མའི་ནང་དུ། རྡོ་རྗེ་ཞགས་པ་གཉིས་ཀྱི་དབུས་སུ། ཧཱུྃ་གཉིས་ཕྱོགས་རྣམས་ཀྱི་རེ་ཁ་གཉིས་ཀྱི་བར་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། ཨི་ན་ཏྱ་བི་དྱཱ་ལ་ཏྲཾ་ཙྪེ་ད་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། ད་མཛྫ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། མནྶ་རགྷོ་ར་ཊ། བི་ས་ཊ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། པྲི་དུ་ལ་དུ་ཁ་ལ་ཏྲཾ་ཙྪེ་ད་ཡ་ཧཱུྃ་ཕཊ། མཚམས་རྣམས་སུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། སརྦ་དུཥྚཱན་ཛྭཱ་ལཱ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། སརྦ་སྨཻ་ནཻ་རདྨི་ཊ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། མེ་སརྦ་བྷ་མཱ་ནཱཾ་ཤ་ཏཱ་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དྷ་ར་ཀ་སྱེ། མ་ཧཱ་ཎི་ཛྫཱ་ནཱཾ་པརྵ་ཧཱུྃ་ཕཊ། དེའི་ཕྱི་རོལ་ཏུ་སོར་ཕྱེད་པའི་འཕར་མའི་དབུས་སུ་ཐུག་པར་བྱས་ལ། ཧཱུྃ་གི་ཕྲེང་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་རེ་ཁ་གཉིས་དང་འབྲེལ་པའི་སོར་ཕྱེད་པའི་འཕར་མའི་བར་དུ། ཨོཾ་ཨ་ཙ་ལཾ་ཙེཊྚ་ཧཱུྃ་ཕཊ། ཨོཾ་ཀཱ་མ་ནཱ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་མནྡྷ་པ་ལ་ཀཱ་ཡ་ཧཱུྃ་ཕཊ། ཨོཾ་བིགྷྣཱན་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ས་མ་ཡཱནྡྷ་ན་བ་ཏ་ས་ཧཱུྃ་ཕཊ། ཨོཾ་མ་ཧཱ་བི་ཤྭ་བཛྲ་སྥོ་ཊ་ཡ་བྷ་ཧཱུྃ་ཕཊ། ཨོཾ་ཏྲི་པ་ལི་ཏི་ལ་རཾ་ཀ་ན་རྟ་ཀ་ཧཱུྃ་ཕཊ། ཨོཾ་ས་མནྟི་ཀ་ཏ་ཧཱུྃ་ཕཊ། ཨོཾ་མ་ཧཱ་མ་ལ་ཤ་ཏཱ་ཡ་སརྦ་བིགྷྣཱན། བི་ནཱ་ཡ་ཀ་དྱ་བྱ་ད། ཨོཾ་དྷ་ར་ཀ་སྱེ། རཀྵཾ། དི་ཀཾ་ཀུར་ཝནྟུ་ཕཊ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ་སོར་ཕྱེད་པའི་འཕར་མའི་དབུས་སུ་རི་མོ་གསུམ་པ། ཉི་ཤུ་རྩ་བཞིས་བསྐོར་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་འོད་ཟེར་བྲི་བར་བྱའོ། །མི་གཡོ་བའི་འཁོར་ལོ་རྫོགས་སོ།།  །།པཎྜི་ཏ་ཆོས་ཀྱི་རྡོ་རྗེ་དང༌། ལོ་ཙཱ་བ་དགེ་ཚུལ་ནམ་མཁའི་རྡོ་རྗེས་བསྒྱུར་བའོ།།  །།སངས་རྒྱས་ཀུན་གྱི་ཐུགས་གཙོ་བོའི། །རྟོག་མེད་ཡེ་ཤེས་དཔའ་བོ་ཆེ། །གཉིས་མེད་རྡོ་རྗེ་མཉམ་འཇུག་ལས། །ཁྲོ་རྒྱལ་མི་གཡོ་མགོན་ལ་བསྟོད། །སྡུག་བསྔལ་སྐྱེས་དངོས་ལེགས་རྟོགས་ལ། །ཡང་དག་ལྟ་བ་སྐྱེད་མཛད་ཅིང༌། །གཏུམ་ཆེན་མི་བཟད་འཇིགས་གཟུགས་ཅན། །སྲེག་བྱེད་ཚར་གཅོད་ཁྲོ་ལ་བསྟོད། །ཤེས་རབ་རལ་གྲི་འོད་འབར་བས། །ཉོན་མོངས་རྩད་ནས་གཅོད་མཛད་ཅིང༌། །ལྷ་དང་ལྷ་མིན་སོགས་འཇིགས་མཛད། །འཆིང་བ་གཅོད་ལ་ཕྱག་འཚལ་བསྟོད། །ཐབས་མཁས་ཐུགས་རྗེ་གསང་བའི་བདག །སྲིད་མཚོར་འཁྱམས་པའི་སེམས་ཅན་རྣམས། །བླ་མེད་གནས་སུ་འདྲེན་མཛད་ཅིང༌། །འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །འོད་ཟེར་ཉི་མ་འབུམ་པས་ལྷག །འཇིག་དུས་བསྐལ་པའི་མེ་ལྟར་འབར། །རབ་འཁྲུགས་འུར་ཆེན་སྐད་འབྱིན་པ། །ཉོན་མོངས་གཅོད་ལ་ཕྱག་འཚལ་བསྟོད། །མི་གཡོ་ཞེས་བྱའི་ཁྲོ་བོ་ནི། །རལ་གྲི་ཞགས་པ་ལེགས་པར་བསྣམས། །སྤྱི་བོའི་ཟུར་ཕུད་གཡོན་དུ་འཕྱང༌། །རང་གི་དཀྱིལ་འཁོར་ལ་བཞུགས་པ། །ཀླུ་ཆེན་ལ་སོགས་ཐམས་ཅད་པ། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །བྱིས་པའི་གཟུགས་ཅན་ཕྲེང་བ་ཅན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ནང་ནས་ཐུགས་རྗེའི་རང་བཞིན་ལས། །གདུག་པ་འདུལ་ཕྱིར་ཁྲོ་ཚུལ་སྟོན་མཛད་ཅིང༌། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་སྔོ། །བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །འཕགས་པ་མི་གཡོ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུད་ནས་འབྱུང་བ་རྫོགས་སོ།།  ༄། །ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*