ཞི་གཤེགས་མཁན་ཆེན་མིག་དམར་ཚེ་རིང་མཆོག་གི་དགོངས་རྫོགས།

ཁ་རྩང་སྤྱི་ཟླ ༡ པའི་ཚེས ༥ ཉིན་༧དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་མཁན་རབས་གསུམ་པ། བདེ་བར་གཤེགས་པ་མཁན་ཆེན་མིག་དམར་ཚེ་རིང་ངམ་མཁན་ཆེན་ལེགས་བཤད་ཀུན་དགའ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཉེར་ལྔར་འཁོར་གྱི་ཡོད་སྟབས་དུས་ཆེན་འདི་དང་སྟབས་བསྟུན་ནས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་༤༢ པའི་བཀའ་དགོངས་བཞིན། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭས་གོ་སྒྲིག་ཞུས་ཏེ། གནས་མཆོག་རྡོ་རྗེ་གདན་ས་སྐྱའི་དགོན་དུ། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། སྐྱབས་མགོན་གོང་མ་ཁྲི་འཛིན་རྣམ་གཉིས་དབུ་བཞུགས་ཐོག་ཆོས་སྡེ་སོ་སོའི་བསྟན་བདག་བླ་ཆེན་རྣམ་པ། དགེ་འདུན་འདུས་ཚོགས་ནས་འདས་མཆོད་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*