བུ་མོ་མེ་ཏོག་ལྷ་མོ།

དབྱངས་ཞི་བ།(སི་ཁྲོན།)

མེ་ཏོག་དཀར་དམར་བཞད་པའི་དབྱར་དུས་ལ། །
སྤྲིན་པ་རླུང་གིས་བསྐྱོད་པའི་ནམ་ཟླའི་འོག །
རྫི་གླུ་ངག་གིས་ཕྱུག་པའི་འབྲོག་ཐང་གི །
བརྩེ་བའི་ཟུར་མིག་མདའ་མོས་སྙིང་ཕུག་པའི། །
འབྲོག་གི་བུ་མོ་སེམས་ཀྱི་ལྷ་མོ་ལགས། །
སྙིང་གི་ཕྱེད་ཀ་ཡིན། བརྩེ་བའི་སྐྱ་ཡ་ཡིན།
ཚེ་ཡི་གཅེས་ནོར་ཡིན། འཛུམ་པའི་མེ་ཏོག་ལྷ་མོ།

སྦྲ་ནག་གཞིས་ཁྱིམ་དྲོད་མོའི་ཐབ་རྒྱུད་ཀྱི། །
འཛུམ་མདངས་ལྡན་ལེ་སོ་ཕྲེང་དཀར་མདངས་ཅན། །
ཞལ་རས་དྭངས་ལ་ཁུར་མཚོན་དམར་པོའི་མདངས་། །
དུང་སེམས་གཙང་ལེ་ཡ་ཆུང་སྙིང་གི་དཀྱིལ། །
ཤར་བའི་གཅེས་ནོར་སེམས་ཀྱི་མེ་ཏོག་ལགས། །
སྙིང་གི་ཕྱེད་ཀ་ཡིན། བརྩེ་བའི་སྐྱ་ཡ་ཡིན།
ཚེ་ཡི་གཅེས་ནོར་ཡིན། འཛུམ་པའི་མེ་ཏོག་ལྷ་མོ།

དགོ་དགོ་བཞོ་དབྱངས་འཐེན་པའི་བཅོས་མེད་ཀྱི། །
སྙིང་ལ་སྡུག་གོ་མཚར་སྡུག་ལྷ་མོ་ལགས། །
ཁྱོད་ལས་གཞན་ཞིག་ཡོད་ན་གནམ་སྔོན་པོ། །
དུང་བ་དམར་པོ་ཐིམ་པའི་ཚེ་ཡི་ནོར། །
སྙིང་གི་ཕྱེད་ཀ་ཡིན། བརྩེ་བའི་སྐྱ་ཡ་ཡིན།
ཚེ་ཡི་གཅེས་ནོར། འཛུམ་པའི་མེ་ཏོག་ལྷ་མོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*