༸སྐྱབས་རྗེ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་བལ་ཡུལ་དུ་ཁ་རྩང་ཆིབས་བསྒྱུར་གནང་འདུག

ཁ་རྩང་སྤྱི་ཟླ་༡༠ པའི་ཚེས་༡ ་ཉིན་ཞོགས་པར་༸སྐྱབས་རྗེ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་བལ་ཡུལ་དུ་ཆིབས་བསྒྱུར་གནང་འདུག།    དེ་ཡང་བལ་ཡུལ་ཕྱོགས་སུ་ཟླ་བ་༡༠ པའི་ཚེས་ནས་ཚེས་ ༡༣ བར་དུ་མཛད་རིམ་གྲུབ་མཚམས་རྗེས་སུ་རྒྱལ་གར་དུ་ཕེབས་རྒྱུའི་སྔོན་བརྡ་གསལ་བསྒྲགས་ལྟར་ཁ་རྩང་ཞོགས་པར་སྐུ་འཁོར་ལྷན་རྒྱས་བལ་ཡུལ་ལ་ཞབས་སོར་བདེ་བར་འཁོད་མ་ཐག་གནམ་ཐང་ནས་སྒེར་གཉེར་བ་ཡོ་མ་ཀུ་སུ་མའི་ནང་པའི་བསྟི་གནས་ནས་(Byoma Kusuma Buddhadharma Center)་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕེབས་བསུ་ཟབ་རྒྱས་དང་འབྲེལ་དཔལ་ཡི་དམ་རྡོ་རྗེ་གཞོན་ནུའི་གཏོར་དབང་གནང་།  དེ་གའི་ཚོགས་མི་རྣམས་ལ་བྱིན་འབེབས་གནང་བ་དང་སྦྲགས་ཕྱི་དྲོར་ཕེབས་ལམ་བརྒྱུད་བལ་ཡུལ་གྲོང་ཁྱེར་ཆེན་ཤོས་གཉིས་པ་ཧེ་ཊའུ་ཌར་ཆིབས་ཞལ་བསྒྱུར་གནང་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*