ལྷ་རྒྱལ་ལོ། ཡང་ས་སྐྱ་པ་སྔོན་ལ་ཤོར་འདུག

ལྷ་རྒྱལ་ལོ། ཡང་ས་སྐྱ་པ་སྔོན་ལ་ཤོར་འདུག

རྩོམ་པ་པོ། ཆབ་མདོ་ཤེས་རབ། 

དྲ་ཐོག་གི་དཔེ་མཛོད་འདིའི་ནང་དུ་ས་སྐྱའི་མཁས་པ་རྣམས་ཀྱི་གསུང་འབུམ་དང་། རྣམ་ཐར་ཁག །ད་དུང་གྲགས་ཆེ་བའི་རྒྱ་གཞུང་ཡང་མང་པོ་ཞིག་བཞུགས་འདུག །དེ་དག་ཚང་མ་PDFདང་DOCགཉིས་ནང་བཟོས་འདུག་པས་ཀློག་མཁན་ཚོས་གདམ་ག་རྒྱག་ཆོག །དེབ་ལྟར་ཀློག་དགོས་ན་PDFའདི་ཧ་ཅང་བཟང་ཞིང་DOCལ་པར་བཤུས་(COPY)རྒྱག་ཆོག་པ་དང་འཚོལ་བདེ་བའི་ཁྱད་ཆོས་ཡོད།

ཀརྨ་པ་མཆོག་གིས་ཀུན་གསལ་མེ་ལོང་(ADARSHA)བསྐྲུན་ནས་མི་རེའི་ལག་ན་བཀའ་བསྟན་ཚར་རེ་གནང་བའི་རྗེས་ནས་ས་སྐྱའི་ཌི་ཇི་ཊལ་དཔེ་ཚོགས་འདི་མཐོང་བ་ནི་ཧང་སང་ཤོས་བྱུང་། མ་གཞི་འདི་སྔར་ནས་ཡོད་འདྲ་ཡང་དེ་རིང་བར་མཇལ་མ་ཐུབ་པས་ཕངས་པོ་བྱུང་སྟབས་མཐོང་མ་ཐག་ནས་གཞན་ལ་ངོ་སྤྲོད་འདི་བྱས་པ་ཡིན། 

ཡང་ས་སྐྱ་པ་སྔོན་ལ་ཤོར་འདུག་ཅེས་ཡང་སྒྲའི་དོན་བཤད་ན། བོད་བཙན་པོའི་རྒྱལ་ཁྲིམས་ཉམས་པ་ལས་ཆོས་བརྒྱུད་མང་པོ་ཞིག་སྤང་ལ་ཤ་མོང་རྡོལ་བ་ལྟར་བྱུང་། གལ་སྲིད་བོད་བཙན་པོའི་རྒྱལ་རབས་དེ་མུ་མཐུད་གནས་ཡོད་ཚེ་ཆོས་བརྒྱུད་མང་པོ་དེ་འདྲ་ཡོང་མེད་པ་ཁག་ཐེག །ལྷག་པར་གླང་དར་མ་སྐུ་ཚེ་བརྟན་ཡོད་ན་ཆོས་ཀྱི་མིང་ཙམ་ཡང་མེད་པ་ཞིག་བཟོས་ཡོད་ན་ཐང་། ཧཧཧ ཀུ་རེ་ཡིན། གང་ལྟར་ཆོས་བརྒྱུད་དེ་དག་གིས་བོད་བསིལ་བུའི་དུས་རབས་ལོ་སུམ་བརྒྱ་ཙམ་བརྒྱུད་རྗེས་ཐེངས་དང་པོ་ས་སྐྱ་པ་ཆོས་སྲིད་གཉིས་ཀའི་སྔོན་ལ་ཤོར། དེའི་རྗེ་ལ་བཀའ་བརྒྱུད་པ་དར་བཙན་ཆེ་ཤོས་བྱུང་བ་དང་། དགེ་ལུགས་པ་ནི་མཇུག་ཤོས་ཀྱི་ཉི་མ་ལ་ཁའི་དྲོད་ཙམ་ཞིག་ལས་མ་བྱུང་། དུས་རབས་འདི་ལ་མཚོན་ནའང་ས་སྐྱ་དང་བཀའ་བརྒྱུད་གཉིས་པོ་སྔོན་ལ་ཤོར་བཞིན་འདུག་པ་དེ་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*