བྱང་ཨ་རིར་༧སྐྱབས་མགོན་འཁོན་གདུང་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་འདུག


དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པའི་གཙུག་ནོར་༸སྐྱབས་མགོན་འཁོན་གདུང་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་ད་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཁུལ་དེའི་བརྩེ་ཆེན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྔ་དྲོའི་ཕྱག་ཚོད་ ༡༡ ཐོག་བོད་རིགས་ཚོགས་པའི་སྤྱི་ཁང་དུ་ཞབས་སོར་འཁོད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དང་༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་གཙོས་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཕྱིར་དང་། བོད་མིའི་སྤྱི་མཐུན་བསོད་ནམས་བསགས་སླད་མང་ཚོགས་དང་ལྷན་དུ་སྒྲོལ་ཆོག་གསུངས་གནང་མཛད་པའི་ཚོགས་མགོན་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་བ་དང་། ཕྱི་དྲོར་མི་མང་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ལ་སྒྲོལ་དཀར་ཚེ་དབང་དང་བླང་དོར་བཀའ་སློབ་གསུང་གནང་བར་བཅས་ལེགས་པར་གྲུབ།  


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*