བོད་ཕྱི་ནང་གཉིས་ནས་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ།

ཁ་རྩང་སྤྱི་ཚེས ༢༣ ཉིན་ཆོས་སྒར་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་༸འཁོན་གདུན་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་དང་༸འཁོན་འདུང་ཨ་ཀཱ་ཤ་བཛྲ་རིན་པོ་ཆེ་མཆོག་༸རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་༸རྗེ་མ་ཀུན་དགའ་འཆི་ཆེད་དབང་མོ་སོགས་ལ་དཔལ་ཆེན་རྡོ་རྗེ་ཕུར་པའི་གཏོར་དབང་བཀའ་དྲིན་བསྩལ་གནང་འདུག

དེ་བཞིན་དུ་ཁ་རྩང་༧ སྐྱབས་མགོན་༧ ས་སྐྱ་ ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧ སྐྱབས་རྗེ་༧ འཁོན་གདུང་སྐུ་གཞོན་རིན་པོ་ཆེ་རྣམ་གཉིས་ཆོས་སྒར་ལྡ་ར་ལྡུང་ནས་གནམ་གྲུ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་བ་དང་དེ་ཡང་དཔལ་ས་སྐྱ་པའི་ས་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས་པ་དང་།  འདི་ལོ་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་ལྗོན་ཤིང་འགྲམ་དུ་སྤྱི་ཚེས ༢༥ ནས་དབུ་ཚུགས་གནང་ནས་ཉིན་གྲངས་བདུན་གྱི་རིང་དུ་སྨོན་ལམ་འཚོགས་འཆར་དང་གདན་རྡོར་བསྟན་སྒར་དགོན་དུ་ཉིན་གྲངས་གསུམ་འཚོགས་འཆར་རེད་འདུག  ཁྱོན་ཉིན་གྲངས་བཅུའི་རིང་དུ་མཁན་སྤྲུལ་དང་གྲྭ་བཙུན་སྔགས་གསུམ་བཞུགས་གནས་དང་ཞལ་ལག་ཆ་ཚང་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ངོས་ནས་གནང་འཆར་རེད་འདུག  

དེ་བཞུན་དུ་འདི་ལོ་ཁ་བ་གངས་ཅན་ནས་དཔལ་ས་སྐྱའི་སྨོན་ལམ་ཐེངས་ ༢༠ པ་འཚོགས་བཞིན་པ་རེད་འདུག  དེ་ཡང་ཁམས་སྐྱེ་དགུ་མདོ་རྒྱ་ནག་མཎིའི་འགྲམ་དུ་ལོ་ལྟར་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཚོགས་པ།  ཚོགས་མགོན་དུ་དཔལ་ས་སྐྱ་གོང་གི་མཁན་ཆེན་དང་ངོར་མཁན་ཆེན་སོགས་རེ་མོས་གདན་ཞུས་གནང་མུས་དང་འདི་ལོ་རྫོང་གསར་ལྔ་རིག་ཐུབ་བསྟན་སློབ་གླིང་གི་ལས་ཐོག་མཁན་པོ་གཞན་ཕན་སྙིང་པོ་མཆོག་༧དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་དབུ་བཞུགས་ཚོགས་མགོན་དུ་ཆིབས་བསྒྱུར་གནང་བ་དང་།  མཁན་སྤྲུལ་བརྒྱ་ཟིན་ལ་ཉེ་བ་དང་།  དགེ་འདུན་གྲངས་ལྔ་སྟོང་བདུན་བརྒྱ་ལྷག་དང་།  ཡུལ་མི་དང་མཆོད་མཇལ་བ་སོགས་ཁྲི་ཚོ་བརྒལ་བའི་མི་འབོར་ཕོན་ཆེ་པོ་འཛོམས་ནས་དགེ་སྒྲུབ་སྡིག་སྤོང་ལས་ལ་བརྩོན་བཞིན་རེད་འདུག  སྤྱིར་བཏང་དཔལ་ས་སྐྱའི་སྨོན་ལམ་འདིར་ས་དགེ་བཀའ་རྙིང་སོགས་ཀྱི་དགེ་འདུན་གདན་ཞུས་ཞུ་མུས་རེད་འདུག  སྨོན་ལམ་ཆོས་སྦྱིན་པ་ཆེན་ཤོས་ཚེ་རིང་མཐུ་སྟོབས་ཡིན་པ་ཡིན་པ་བཅས་ས་གནས་འབྲེལ་ཡོད་པ་ཞིག་གིས་ངོ་སྤྲོད་གནང་སོང་།  ༢༠༡༨/༡༢/༡༤

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*