གསར་འགྱུར།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་སྐུ་འཁོར་ལྷན་རྒྱས་ཨ་རིར་ཆིབས་བསྒྱུར།

2021 ལོའི་ཟླ 9 ཚེས 16 ཉིན། གདོང་མཁན། 0

འདི་ཟླ་བའི་ཚེས་༡༤ ཉིན་༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་རྒྱལ་ཡུམ་ཆེན་མོ་སྐུ་འཁོར་བཅས་ཕོ་བྲང་ནས་ལྡི་ལིར་ཕེབས་ནས་ལྡི་ལི་ནས་ཨ་རི་ལ་ཆིབས་བསྒྱུར་བསྐྱངས་གནང་བར་དང་། ༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཕོ་བྲང་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་བ་མ་ཟད། དེའི་རྗེས་སུ་ཀ་ལི་སྤུངས་ཕྱོགས་སུ་ཕེབས་འཆར་ཡོད་འདུག དེ་བཞིན་དུ་༧ སྐྱབས་རྗེ་འཁོན་ དེ་ལས་མང་་་

བཅད་རྩོམ།

རྫོང་རྒྱབ་ཀླུ་ཁང་།

2021 ལོའི་ཟླ 9 ཚེས 16 ཉིན། ཕར་ནང་དཀོན་རྒྱས་ 0

ལྷ་མོའི་མེ་ལོང་བཞིན་དྭངས་པའི་མཚོ་ངོགས་སུ
མཐིང་མདོག་གི་ནམ་མཁའ་དང་སྤྲིན་དཀར
ཕོ་བྲང་གི་གསེར་ཏོག་དང་ཁང་མིག་རེ་རེ
བསིལ་འཇམ་གྱི་རླུང་བུ་དང་འགྲོགས་ནས་འགུལ་གྱིན་འདུག
མི་ཚོགས་ཀྱི་ཁ་རླངས་འཐུལ་བའི་བར་སྐོར
སྐད་གདངས་མི་གཅིག་པའི་འགྲུལ་བ་དེ་དག
པར་ཆས་ཀྱི་སྣེ་མོ་རུ་མཛེས་སྡུག་འཚོལ་གྱིན་འདུག
ཚ་གདུགས་ཀྱིས་གདུང་བའི་བར་སྐོར་དུ
བོད་ལྭ་གྱོན་མཁན་ནི་བོད་པ་མིན་ལ
མ་ཎི་འཛིན་མཁན་ཡང་དད་པས་མིན
ཇོ་བོའི་འཛུམ་མདངས་དང་བཞུགས་ཁྲིར་ དེ་ལས་མང་་་

བཅད་རྩོམ།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ།

2021 ལོའི་ཟླ 9 ཚེས 15 ཉིན། སྟག་ལྗོངས་འཆི་མེད། 0

ན་མོ་གུ་རུ་བཛྲ་ཡོ་གཱི་ནཱི་ཡེ། ཐབས་མཆོག་བདེ་ཆེན་ལྷན་སྐྱེས་དཔའ་བོ་མཆོག །སྟོང་ཆེན་ཤེས་རབ་དབྱིངས་དང་མཉམ་སྦྱོར་བའི།།འཁོར་ལོའི་མགོན་པོ་ཧེ་རུ་ཀཿ་དཔལ་དང་།།དབྱེར་མེད་དྲིན་ཅན་བླ་མས་འབྲལ་མེད་སྐྱོངས།།རྗེས་ཆགས་ཉམས་བརྒྱའི་རོལ་པ་སྣ་ཚོགས་ཀྱིས།།བདེ་སྟོང་ལྷན་སྐྱེས་དགའ་བ་མཆོག་སྩོལ་བའི།། དེ་ལས་མང་་་

བཅད་རྩོམ།

ཞེ་འདང་གི་དྲ་བ།(སྨད་ཆ)

2021 ལོའི་ཟླ 9 ཚེས 14 ཉིན། ཕར་ནང་དཀོན་རྒྱས་ 0

ང་ནི་ཁྱེད་ཉིད་ལ་དགའ་ཡང
ཁྱེད་ནི་གཞོན་ནུ་མས་བཏང་བའི་ཤོག་བྱ་ལ་དགའ
ཤོག་བྱ་ནི་སྐུད་པ་རིང་པོ་དང་མེ་ཏོག་སྣ་མང་ལ་དགའ་སོང
ཁྱེད་རང་བོང་བུ་ལ་དགའ་དུས
མེ་ཏོག་གི་སྐྱེད་ཚལ་འབྲི་ཤེས་པའི་རི་མོ་པ་ཞིག་ཡིན
ཁྱེད་རང་རྟ་མཆོག་ལ་དགའ་དུས
མྱ་ངམ་གྱི་ཐང་སྟོང་ན་ལུས་པའི་གླུ་པ་ཞིག་ཡིན
མེ་ཏོག་གིས་དབེན་པའི་རི་ཁྲོད་ནས་ཆུ་ཡི་ཟིལ་པ་འཐུང་བཞིན
ཁུ་སིམ་གྱི་མཚན་མོར་རང་སེམས་བྲན་དུ་བཀོལ་ཤེས
འུར་ཟིང་གི་ དེ་ལས་མང་་་

བཅད་རྩོམ།

ཞེ་འདང་གི་དྲ་བ། (སྟོད་ཆ)

2021 ལོའི་ཟླ 9 ཚེས 14 ཉིན། ཕར་ནང་དཀོན་རྒྱས་ 0

མེ་ཏོག་གིས་སྤྲིན་པར་ཨ་མ་ཞེས་འབོད་ན་འདོད་ཀྱང
རང་ཉིད་ཀྱི་ལྷུམས་སུ་ཆར་གྱི་ཐིགས་པ་སྦྲུམ་ཡོད་པ་དྲན་པས
སྨྲ་མི་ཤེས་པའི་བསམ་བློ་པ་ཞིག་ཏུ་གྱུར
བྱ་དེ་ཕོ་ཞིག་དང་འདྲ་བའི་ཁོ་ཚོས
གནམ་གྱི་སྐར་མ་དག་མེ་ཏོག་གི་བུམ་པའི་ནང་དུ་འཚོས་འདུག
སྐར་མས་དབུགས་རྟ་རྔ་ཙམ་ཡང་གཏོང་མི་ཕོད་པར
རང་གི་འཕར་རྩ་ལྷེམ་ཙམ་ལྷེམ་ཙམ་བྱེད་ཞོར་ཉི་འོད་སྒུག་ཡོད
མེ་ཏོག་གཉིད་ལས་སད་དུས
རྩི་ཤིང་དག་གིས་གད་མོ་སེང་སེང་སྟེག
མེ དེ་ལས་མང་་་

བཅད་རྩོམ།

ང་ཡི་ལག་པ་སྟོང་པ།

2021 ལོའི་ཟླ 9 ཚེས 13 ཉིན། ཕར་ནང་དཀོན་རྒྱས་ 0

༈ ང་ཡི་ལག་པ་སྟོང་པ། (སྙན་ངག)
གྲོག་མས་བརྩམས། (ཆབ་མདོ)

འཕྲིན་ཞིག་འབྲི་དགོས་བསམ་བྱུང་།།
གླུ་ཞིག་ལེན་དགོས་བསམ་བྱུང་།།
རི་མགོ་མཐོན་པོའི་སྟེང་དུ།།
གཅིག་པུར་འགྲོ་དགོས་བསམ་བྱུང་།།

ཨ་མ་བྱིའུ་ཆུང་འཇོལ་མོས།།
བདག་ལ་སྐྱེས་སུ་གནང་བའི།།
རང་སེམས་གཡུ་ཡི་སྒོ་ང་།།
སྐྱེ་འགག་སྐྱོན་གྱིས་གོས་འདུག།
གྲིམ་ལྷོད་ཤེས་ས་མི་འདུག།

དྲི་མ་མེད་པའི་གདོང་པ།།
མི་ལ་བཙོང་དགོས་བྱུང་སོང་།།
ཡང་ནས་ཡང་དུ་བཀྲུས་ཀྱང་།།
འདག་རྒྱུ་མེད་པའི་གདོང་པ།།
རིན་གྱིས་ཉོ་དགོས་བྱུང་སོང་།།
དེ་ལས་མང་་་

བཅད་རྩོམ།

བདུད་ཀྱི་ཕོ་ཉ།

2021 ལོའི་ཟླ 9 ཚེས 13 ཉིན། ཕར་ནང་དཀོན་རྒྱས་ 0

བདུད་ཀྱི་ཕོ་ཉ།
རེབ་གོང་། གློག་སྨྱུག
ལོ་ནས་ཟླ་ལ་རིང་དུ་མ་འཕྲད་ཅིང་།།
སུ་ཡིན་གང་ལ་མ་ལས་རྒྱུས་ལོན་ཡོད།།
གྱོད་གཞི་གཏམ་གྱི་སྒོ་མོ་དབྱེན་པ་བ།།
ཁ་ཐག་རིང་བར་གྱེས་ན་སེམས་ཁམས་དྭངས།།
གནས་ལྔ་རིག་པའི་ཐེམ་སྐས་བགྲོད་པ་ལ།།
བློ་དང་ཐབས་ཀྱི་རྐྱེན་གྱིས་མ་བསྒྱུར་ཅིང་།།
མིག་ཟུང་བསླུ་བར་བྱེད་པའི་ཆོ་འཕྲུལ་དེས།།
དབང་པོ་ལྔ་ལ་ལྕགས་ཀྱི་ཟྭ་ཞིག་བརྒྱབས།།
ལོ་རྒྱུས་ཁུངས་མེད་འགའ་ཡི་རྩ་བ་ཞིག།
ཡིད་ལ་བཟུང་ནས་མཁས་པར་རྟགས་གསལ་གཏོང་།།
རིགས་ལམ་ དེ་ལས་མང་་་

བཅད་རྩོམ།

དྲན་པ།

2021 ལོའི་ཟླ 9 ཚེས 13 ཉིན། ཕར་ནང་དཀོན་རྒྱས་ 0

ནང་སེམས་ཀྱི་ཉེ་སར་གཅར་བའི་མི
མཚན་གུང་འདིའི་དྲན་པ་ཁྱོད་ལ་དབང
དྲན་པ་དེའི་སྣེ་རུ་བཅང་བའི་ཞེན་ཆགས་དེ
ལས་དབང་གིས་ང་ལ་གནང་བའི་ཁུར་བོ་ཞིག་ཡིན་ནམ
ཡང་ན མི་ཚེའི་འོད་སྣང་དེ་ཡིན
ཡོད་ཚད་ནས་ཡོད་ཚད་དྲན་པ་དེ་ཡིན་པས
སྙིང་ཉེ ངའི་ཕྱོགས་སུ་འཁོར་དང
དྲན་པའི་རི་མོ་ཁྱོད་སར་འཁྱིལ་ཡོད2021.9.7 མཚན་མོར།
རྟོག་བཏགས།
མི་ཚོགས་དང་གཏན་དུ་གྱེས་རྗེས
ཁུ་སིམ་པའི་ཕྱི་དྲོ་དེར
སྒེའུ་ཁུང་གམ་གྱི་མེ་ཏོག་དེ་ལ་ཚེ་སྲོག་གསར་ དེ་ལས་མང་་་

བཅད་རྩོམ།

སེམས་གཅོང་།

2021 ལོའི་ཟླ 9 ཚེས 13 ཉིན། ཕར་ནང་དཀོན་རྒྱས་ 0

སྣ་ཚོགས་འཁྲུལ་གྱིས་སྦྲིད་པའི་འཁོར་བའི་པང་ནས།།
འདོད་པའི་མེ་ཆེན་འབར་བའི་ཕལ་བའི་རང་གཤིས།།
ཡིན་སྣང་ཚོན་གྱིས་གཡོགས་པའི་ཟླུམ་གཟུཊ་འོག་ཏུ།།
ལྐོག་གྱུར་ལམ་འབྲས་མེ་ཏོག་བཞད་པར་བདེ་འམ།།

དྲིལ་ཆུང་རླུང་གིས་བདས་པའི་སློབ་རའི་ཚལ་ནས།།
གླེགས་བམ་འཕྲེད་ཀྱིས་ཁུར་བའི་དམར་སེར་ཁྱེ་འུ།།
གཞུང་ལུཊ་གཏིང་ཟབ་ཉིན་སྲིབ་ཅེར་ཅེར་དེ་གས།།
ཡི་ལོག་འཁྲིས་པའི་ནད་གཞིའི་ལྗིད་ཚད་ཁྱོག་གམ།།

སྐྱ་རེངས་སྟོང་དབྱིངས་བུ་མོའི་ཕྱི་ཤམ་ངོོགས་སུ།།
འཁྱ་འཁྱོར་མལ་ལས་ལྡང་སྟེ་བྲེལ་འཚུབ་ཀློང་དུ།། དེ་ལས་མང་་་

གསར་འགྱུར།

ས་སྐྱ་༸གོང་མའི་འཁྲུངས་སྐར་བསུ།

2021 ལོའི་ཟླ 9 ཚེས 11 ཉིན། ཕར་ནང་དཀོན་རྒྱས་ 0

བོད་ཟླ་ ༨ ཚེས་ ༡ དང་ཕྱི་ཟླ་ ༩ ཚེས་ ༧ དཔལ་ས་སྐྱའི་་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བོད་ལུགས་དང་ཕྱི་ལུགས་འཁྲུངས་སྐར་དུས་སྟོན་གཉིས་ཉིན་གཅིག་སྟབས་འཁེལ་གྱི་དུས་བཟང་ངོ་མཚར་ཅན་གྱི་ཉིན་ས་སྐྱ་ཆོས་སྒར་དུ་༸གོང་མ་ཁྲི་འཛིན་ཞེ་གཉིས་པས་རྡོ་རྗེ་སློབ་དཔོན་མཛད་དེ་ཆོས་སྒར་དགེ་འདུན་པ་རྣམས་ཀྱིས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་སྒོ་ནས་བརྟན་བཞུགས་སྒྲུབ་པ་ཉིན་གསུམ་སྔོན་དུ་འགྲོ་བས་མགོན་པོ་མཆོག་ལ་བརྟན་བཞུགས་གཟབ་ དེ་ལས་མང་་་

བཅད་རྩོམ།

མིང་མེད།

2021 ལོའི་ཟླ 9 ཚེས 11 ཉིན། ཕར་ནང་དཀོན་རྒྱས་ 0

ཐོབ་འདོད་ལ་དེ་དག་ཐོབ་ཟིན་པས
འུ་གཉིས་ལ་སླར་ཡང
དུས་ཚོད་ཀྱི་སྙིང་བོ་ཡོད་སྲིད
དྭངས་ཤིང་གཙང་བའི་མུན་པའི་གསེབ་ཏུ
སུ་ཡང་འཆར་ཐབས་བྲལ་མོད
གཏན་ཏུ་མེད་མི་སྲིད་པ་ནི
ཁྱོད་རང་ངའི་སེམས་ཀྱི་སྒོ་འགྲམ་དུ
མེ་ཏོག་ལྟར་བཞད་སྟངས་དེའོ
༢༠༢༡-༩-༦མཚན་མོར།
ཟླ་ཚེས།

ཆུ་ནང་དུ་ལྷུང་བའི་སྨིན་མ
ཁྱོད་ཀྱི་རྒྱབ་གཟུགས་སུ་དོད་པའི་རི་མོ
ངས་མིག་ཆུ་དང་འདྲ་བའི སྙན་ངག་དང་འདྲ་བའི
མཚན་མོ་ཁོ་ནར་ཁྱོད་ཀྱི་མིང་ཡིག་འདི་མུན་པ་ཁོ་ནར་བཅོལ་ དེ་ལས་མང་་་

བཅད་རྩོམ།

རྒྱལ་དབང་ཀརྨ་པ་བསྟོད་པ།

2021 ལོའི་ཟླ 9 ཚེས 11 ཉིན། ཕར་ནང་དཀོན་རྒྱས་ 0

ཀ་དག་གནས་ལུགས་ཇི་བཞིན་རྟོགས་ཤིང་ཀ་མ་ལ་ལྟར་ལྷག་བསམ་དཀར།།
ཁ་བ་ཅན་ནས་ཆིབ་ཁར་བསྒྱུར་ཏེ་ཁ་ཐག་རིང་བའི་འཕགས་ཡུལ་བྱོན།།
ག་བུར་མདངས་བཞིན་མཛད་འཕྲིན་སྙན་གྲགས་ག་ས་གང་དུ་ནུབ་མེད་འབར།།
ང་ཅག་འགྲོ་བའི་མགོན་པོ་གང་ཉིད་ང་ཚོས་སེམས་ནས་ལྷང་ལྷང་དྲན།།

ཅ་ལག་ནོར་ལ་ཆགས་ཞེན་བྲལ་ཅིང་ཅ་ཅོའི་འདུ་འཛི་རིང་དུ་སྤངས།།
ཆ་བྱད་མཛེས་ཤིང་བརྗིད་པའི་སྐུ་ལ་ཆ་ལུགས་དམར་སེར་གོས་ཀྱིས་སྤྲས།།
ཇ་ཡུན་ཙམ་ལ་བསྟན་འགྲོའི་དོན་དུ་ཇ་ཟས་ དེ་ལས་མང་་་

བཅད་རྩོམ།

གྱེས་སྟངས་གཞན་ཞིག

2021 ལོའི་ཟླ 9 ཚེས 11 ཉིན། ཕར་ནང་དཀོན་རྒྱས་ 0

ཁྱམས་རའི་ཕྱི་ནང་ཀུན་ཏུ་རླུང་ཡང་ལྡང་ངོ་།།
རླུང་བུ་གཡུག་སྟངས་དེ་ལ་ཁ་ཕྱོགས་མེད་དོ།།
རབ་གསལ་ནང་ལ་ཉི་མའི་འཛུམ་ཞལ་བསྟན་ཡང་།།
དྲོ་གྲང་རེས་ཀྱིས་འཁོར་བ་འགྲོ་ཕྱོགས་ཤིག་རེད།།

ཉིན་མཚན་རེས་སུ་འཁོར་བ་དུས་ཀྱི་ཚོད་དོ།།
འགྱུར་བའི་རང་བཞིན་དངོས་པོའི་གཤིས་སུ་གྲུབ་བོ།།
དྭངས་པའི་མཁའ་རུ་ཟླ་བའི་དཀྱིལ་འཁོར་མཐོང་ཡང་།།
ནམ་ཟླ་འགྱུར་བ་དུས་ཀྱི་འཁོར་ཕྱོགས་ཤིག་རེད།།

རླུང་བུ་ངེས་མེད་ཅིག་ཀྱང་དལ་གྱིས་ལྡང་ངོ་།།
ལོ་མ་ཁེར་འཐོར་རེ་རེས་གདུང་ཉམས་སྟོན་ནོ།། དེ་ལས་མང་་་

བཅད་རྩོམ།

༈ གྲོགས་ལ་སྤྲིངས་བའི་འཕྲིན།

2021 ལོའི་ཟླ 9 ཚེས 11 ཉིན། ཕར་ནང་དཀོན་རྒྱས་ 0

གསེར་མདོག་རྡུལ་གྱི་སྲིད་གསུམ་ཁབ་ཏུ་བཞེས་པའི།།
དཔྱིད་དཔལ་དུས་ཀྱི་འགྱུར་བག་སྙིང་དུ་སྡུག་དུས།།
ཁྱུང་ཆེན་གཤོགས་ལ་བརྒྱུས་ཏེ་བས་མཐར་འཕུར་བའི།།
གྲོགས་ཁྱེད་བདེ་བའི་འཕྲིན་བཟང་རྣ་བར་འཇེབ་ཨང་།།

ཁ་ཐག་རི་ཆུའི་བཅད་དེ་ལོ་ངོ་གསུམ་ལགས།།
བར་ཐག་གཏམ་གྱི་ཆོད་དེ་ཉིན་ཞག་སྟོང་ཕྲག།
དྲན་གདུངས་སྙིང་ཁར་གཙེག་དེ་ཟླ་བ་སུམ་ཅུ།།
བདག་སེམས་མུན་པའི་རི་མོ་འདི་ལྟར་འཚུབས་སོང་།། ་

སྐྱོ་གདུངས་ལས་ཀྱི་མིག་ཆུ་སེམས་སུ་མུད་དེ།།
ངལ་བ་དགུའི་བརྒྱའི་གྲུབ་པའི་ལོ་དང་ཟླ་བར།། དེ་ལས་མང་་་

བཅད་རྩོམ།

གཡོ་རྒྱུས་བསླུས་པའི་ཐམ་ག

2021 ལོའི་ཟླ 9 ཚེས 9 ཉིན། ཕར་ནང་དཀོན་རྒྱས་ 0

དྲང་མོའི་མདའ་ལ་གཞུ་ཡི་གཤིས་ལུགས་ཐོགས། །
དྭངས་བའི་ཆུ་ལ་སྙོག་མའི་གོམ་ཁ་ཤོར། །
བསིལ་བའི་ལྗོན་པ་མེ་ཡི་ཟས་སུ་གྱུར། །
མཛེས་པའི་མེ་ཏོག་དུས་ཀྱིས་ཞིག་རུལ་སོང་། །

ཡངས་བའི་ལྷ་ལམ་སྲིན་བྱའི་གྲོང་དུ་བསྐྲུན། །
སྲིད་པའི་ས་ཆེན་འབྱུང་བཞིའི་འཇིགས་པས་སློང་། །
མཛེས་པའི་དབྱར་གཞུང་མྱ་ངན་ཐང་དུ་འཁུ། །
ད་ནི་བདེན་པའི་ཡུས་ཀྱི་ཚིག་མདུད་བོར། །

དཔྱོད་ལྡན་སྙེ་མ་ཁྱི་ཡི་ཟས་སུ་གྱུར། །
བདེན་པའི་ཤིང་རྟ་བཀོལ་མེད་རྡུལ་ལ་འདྲེས། །
ལེགས་བཤད་བདུད་རྩི་དུག་གི་གཞུང་ལ་བབས། ། དེ་ལས་མང་་་

1 2 3 4