དཔལ་གསང་བ་འདུས་པའི་རྣམ་བཤད། ཁ༽
༈ །དཔལ་གསང་བ་འདུས་པའི་རྣམ་བཤད། བྱིན་རླབས་ཀྱི་བདུད་རྩི་རྣམ་པར་རོལ་པའི་གཏེར་ཞེས་བྱ་བ། ལྷག་པའི་ལྷ་བཅོམ་ལྡན་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་འབྱོར་པའི་དཔུང་ཚོགས་ཅན། །ཟག་མེད་བདུད་རྩིའི་རོ་བརྒྱ་ལྡན་པའི་དཔལ། །གཞན་དོན་བརྩེ་བའི་གར་གྱིས་རྣམ་རོལ་བ། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་དབང་རྒྱལ། །དཔལ་ལྡན་འདུས་པའི་རྒྱ་མཚོ་རྒྱུད་སྡེའི་ཀླུང༌། །བྱེ་བ་ཕྲག་བརྒྱ་ཀུན་ནས་འདུས་པའི་དོན། །ཀླུ་སྒྲུབ་ཀླུ་ཡི་དབང་པོས་དབང་མཛད་པ། །དཔལ་ལྡན་འདུས་པའི་ དེ་ལས་མང་་་
