ཇ་མཆོད་དགོས་འདོད་ཀུན་འབྱུང་མ།

ཆོས་སྤྱོད་དཀར་ཆག

༄། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། དགོས་འདོད་ཀུན་འབྱུང་ཡེ་ཤེས་ཀ་པཱ་ལར། །ཕུན་ཚོགས་འདོད་དགུའི་བཅུད་ཀྱིས་ལེགས་བཀང་བ། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོ་རུ། །ལེགས་གྱུར་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ །དངོས་གྲུབ་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །སྐྱབས་གནས་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་འབུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཚེ་རབས་སྔོན་ནས་ལས་འབྲེལ་བཞག་པའི་ལྷ། །རབ་འབྱམས་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལ། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་འབུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྲིད་ཞིའི་རྒུད་པ་ཀུན་ལས་སྐྱོབ་པའི་ལྷ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་འབུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་སྐུ། །རང་ལུས་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་འབུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དགོས་འདོད་སྩོལ་ཞིང་བར་ཆད་སེལ་བའི་ལྷ། །ཆོས་སྲུང་ནོར་ལྷ་འདུས་པའི་དཀྱིལ་འཁོར་ལ། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་འབུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཕྱོགས་སྐྱོང་ཞིང་སྐྱོང་བརྟན་མ་ཡུལ་བདག་སོགས། །སྣོད་བཅུད་དག་པའི་རབ་འབྱམས་དཀྱིལ་འཁོར་ལ། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་འབུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཕུད་མཆོད་ཨྀཐི་ཅེས་པ་འདི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའོ།།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*