ཇ་མཆོད་རྣམ་ཀུན་མཆོག་ལྡན་མ།

ཆོས་སྤྱོད་དཀར་ཆག

༄། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་དང་། །མཆོག་ཏུ་མི་འགྱུར་བདེ་ཆེན་ཟུང་འཇུག །ཟབ་མོ་ཆོས་སྐུ་རྩ་བའི་བླ་མར། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །འོག་མིན་གནས་ན་མཚན་དཔེའི་དཔལ་འབར། །དག་པའི་འགྲོ་ལ་ཐེག་ཆེན་ཆོས་སྟོན། །རྟག་བརྟན་ལོངས་སྐུ་རྩ་བའི་བླ་མར། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །རབ་འབྱམས་ཞིང་ན་སངས་རྒྱས་བྱང་སེམས། ཉན་རང་མཁས་གྲུབ་སྒྱུར་རྒྱལ་ལ་སོགས། །སྣ་ཚོགས་སྤྲུལ་སྐུ་རྩ་བའི་བླ་མར། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །གང་ཐུགས་རྒྱལ་བ་རྣམས་དང་དབྱེར་མེད། །གསུང་ནི་དམ་ཆོས་ཀུན་གྱི་འབྱུང་གནས། །ཚོགས་མཆོག་འདུས་སྐུ་རྩ་བའི་བླ་མར། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །ཕུང་ལྔ་རྒྱལ་བ་འབྱུང་བཞི་ཡུམ་ཆེན། །སྐྱེ་མཆེད་སེམས་ཚོགས་ཚིགས་ཆེན་ཁྲོ་རྒྱལ། །གདན་གསུམ་ཀུན་བདག་རྩ་བའི་བླ་མར། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །ཀུན་རྫོབ་བླ་མ་སངས་རྒྱས་ཀུན་དངོས། །དོན་དམ་བླ་མ་འཁོར་འདས་ཀུན་ཁྱབ། །གདོད་མའི་མགོན་པོ་རྩ་བའི་བླ་མར། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །དེ་ལྟར་མཆོད་པའི་དགེ་བ་གང་དེས། །བླ་མ་དམ་པ་རྟག་ཏུ་མཉེས་ནས། །ཅི་བསམ་ཐམས་ཅད་ཆོས་བཞིན་འགྲུབ་པར། །སྔགས་འཆང་ཆེན་པོས་བྱིན་གྱིས་རློབས་ཤིག།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*