ཇ་མཆོད་ངོ་མཚར་མ།

ཆོས་སྤྱོད་དཀར་ཆག

༄། །ངོ་མཚར་ཕུན་ཚོགས་འཆི་མེད་བདུད་རྩི་འདིས། །མཚོན་པས་དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་གྱིས། །སྲིད་མཐའི་བར་དུ་ཁམས་གསུམ་ཀུན་བཀང་སྟེ། །བསོད་ནམས་ཞིང་གྱུར་མཆོད་ཡུལ་ཐམས་ཅད་མཆོད། །མཚུངས་མེད་ས་སྐྱའི་བླ་ཆེན་ཡབ་སྲས་མཆོད། །བསྟན་པའི་སྒྲོན་མེ་ཆོས་རྗེ་ཁུ་དབོན་མཆོད། །བརྒྱུད་འཛིན་མཁས་གྲུབ་རིམ་པར་བྱོན་རྣམས་མཆོད། །སྤྲུལ་པའི་སྐྱེས་མཆོག་སྔགས་འཆང་ཡབ་སྲས་མཆོད། །དངོས་གྲུབ་སྩོལ་མཛད་ཡི་དམ་ཞི་ཁྲོ་མཆོད། །ཡིད་བཞིན་ནོར་འདྲའི་ཆོས་སྐྱོང་སྲུང་མ་མཆོད། །དགོས་འདོད་ཆར་འབེབས་ནོར་སྦྱིན་ཕོ་མོ་མཆོད། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*