ཇ་མཆོད་ཕུན་ཚོགས་མ།

ཆོས་སྤྱོད་དཀར་ཆག

༈ །ཕུན་ཚོགས་ཀུན་གྱི་གཙུག་གི་ནོར་བུ། །འབྲེལ་ཚད་དོན་ལྡན་སྔགས་འཆང་ཆེན་པོར། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མར། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་གཙོ་བོ། །རིགས་བདག་རྡོ་རྗེ་འཆང་དབང་ཆེན་པོར། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །ཨོ་ཌི་ཡ་ན་པདྨ་འབྱུང་གནས། །སྙིགས་དུས་སྔགས་འཆང་མཆོག་ཏུ་གྱུར་ལ། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །ཚ་བའི་རོང་དུ་བཻ་རོ་ཙ་ན། །རྩོད་དུས་ངག་གི་དབང་པོར་གྱུར་ལ། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །གཟིམ་སྤྱིལ་དཀར་པོར་གྲགས་པ་རྒྱལ་མཚན། །ད་ལྟ་ཀུན་དགའི་མཚན་ཅན་གྱུར་ལ། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །ཁྱད་པར་སྙིང་དབུས་དམ་པར་བཞུགས་ནས། །ཡིད་བཞིན་ནོར་བུ་མི་བསྐྱོད་རྡོ་རྗེར། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ། །ཐམས་ཅད་ཀུན་འདུས་རང་རིག་བླ་མར། །རོ་བརྒྱ་ལྡན་པའི་བདུད་རྩི་འདི་ནི། །མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ་ཅིག །འདི་ལྟར་མཆོད་པའི་དགེ་བ་གང་དེས། །བླ་མ་དམ་པ་རྟག་ཏུ་མཉེས་ནས། །ཅི་བསམ་ཐམས་ཅད་ཆོས་བཞིན་འགྲུབ་པར། །སྔགས་འཆང་ཆེན་པོས་བྱིན་གྱིས་རློབས་ཤིག།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*