ཇ་མཆོད་ཧེ་རུ་ཀ་དཔལ་མ།

ཆོས་སྤྱོད་དཀར་ཆག

༈ །ཧེ་རུ་ཀ་དཔལ་དཀྱིལ་འཁོར་དང་། །གསང་བའི་བདག་པོ་རྡོ་རྗེ་འཆང་། །དཔལ་ལྡན་སློབ་དཔོན་སཱ་ར་ཧ། །ཀླུ་སྒྲུབ་རི་ཁྲོད་མགོན་པོ་དང་། །ལོ་ཧི་པ་དང་དྷཱ་རི་ཀ །རྡོ་རྗེ་དྲིལ་བུ་རུས་སྦལ་ཞབས། །འབར་འཛིན་ཀརྞ་གུ་ཧྱ་པ། །རྣམ་རྒྱལ་ཞབས་དང་ཏཻ་ལོ་པ། །ནཱ་རོ་པ་དང་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་བློ་གྲོས་གྲགས། །རྗེ་བཙུན་ཀུན་དགའ་སྙིང་པོ་མཆོད། །བསོད་ནམས་རྩེ་མོ་གྲགས་པའི་མཚན། །ས་སྐྱ་པཎ་ཆེན་འཕགས་པའི་ཞབས། །དཀོན་མཆོག་དཔལ་དང་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་པ། །ཡེ་ཤེས་རྒྱལ་མཚན་ཀུན་དགའི་མཚན། །དཀོན་མཆོག་རྒྱལ་མཚན་བླ་མ་མཆོད། །ལྔ་རིག་པཎ་ཆེན་གྲགས་པའི་མཚན། །མཁན་ཆེན་ལེགས་པའི་འབྱུང་གནས་མཆོད། །དཀོན་མཆོག་བློ་གྲོས་བུདྡྷའི་ཞབས། །འཇམ་དབྱངས་ཀུན་དགའ་བསོད་ནམས་མཚན། །སྔགས་འཆང་ངག་གི་དབང་པོའི་ཞབས། །སེམས་དཔའ་ཆེན་པོ་གྲགས་པའི་མཚན། །མུས་ཆེན་སངས་རྒྱས་རྒྱལ་མཚན་དང་། །དྲིན་ཅན་རྩ་བའི་བླ་མ་མཆོག །སྔགས་འཆང་ཀུན་དགའི་མཚན་ཅན་མཆོད། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ། །འཇམ་དབྱངས་བསོད་ནམས་དབང་ཕྱུག་ཞབས། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །སྔགས་འཆང་ཀུན་དགའ་བཀྲ་ཤིས་མཚན། །དཀྱིལ་འཁོར་ཀུན་གྱི་གཙུག་རྒྱན་མཆོག །གྲུབ་མཆོག་བསོད་ནམས་རིན་ཆེན་དང་། །ས་ཆེན་ཀུན་དགའ་བློ་གྲོས་དང་། །འཆི་མེད་བསྟན་པའི་ཉི་མ་དང་། །ཡབ་རྗེ་ཀུན་དགའ་རིན་ཆེན་དང་། །འདྲེན་མཆོག་རྡོ་རྗེ་རིན་ཆེན་དང་། །རྗེ་བཙུན་སྐལ་བཟང་ཆོས་ཉིད་སོགས། །རབ་མཆོད་དངོས་གྲུབ་ཐམས་ཅད་སྩོལ།།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*