ཇ་མཆོད་ཨོཾ་ལས་མ།

ཆོས་སྤྱོད་དཀར་ཆག

༈ །ཨོཾ་ཨཱཿཧཱུྃ། ཨོཾ་ལས་ཆོས་རྣམས་རང་བཞིན་དག་པའི་དབྱིངས། །ཨཱཿལས་རིན་པོ་ཆེ་ལས་གྲུབ་པའི་སྣོད། །ཧཱུྃ་ལས་ཡེ་ཤེས་ལྔ་དང་ལྡན་པའི་བཅུད། །ཧོ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །དབང་བཞིས་སྨིན་མཛད་རྩ་བའི་བླ་མ་དང་། །མདོ་རྒྱུད་གཞུང་བཤད་མན་ངག་ནོས་པ་སོགས། །ཆོས་དང་དམ་ཚིག་ཟབ་མོ་འབྲེལ་བ་ཡི། །མཁས་གྲུབ་རྣམས་ལ་མཆོད་པ་དམ་པ་འབུལ། །སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །གྲུབ་ཐོབ་ཀུན་གྱི་དབང་ཕྱུག་བིརྺ་པ། །སྐལ་ལྡན་ཀུན་གྱི་འདྲེན་མཆོག་ས་སྐྱ་པ། །བརྒྱུད་པར་བཅས་ལ་མཆོད་པ་དམ་པ་འབུལ། །རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ་ཚོགས་དང་། །རྒྱལ་བ་རྒྱ་མཚོ་སྲས་དང་སློབ་མར་བཅས། །བསྟན་པ་རྒྱ་མཚོའི་སྲུང་མ་དྲག་ཤུལ་ཅན། །འཁོར་དང་བཅས་ལ་མཆོད་པ་དམ་པ་འབུལ། །གནས་སོགས་ཉེར་བཞི་ཡུལ་ཆེན་སོ་བདུན་དང་། །སྤྲུལ་པས་བསྟན་དང་འགྲོ་བ་སྐྱོང་མཛད་པའི། །དཔའ་བོ་དང་ནི་རྣལ་འབྱོར་མ་ཡི་ཚོགས། །འཁོར་དང་བཅས་ལ་མཆོད་པ་དམ་པ་འབུལ། །ཕོ་བྲང་ལྔ་དང་སྐྱེ་མཆེད་ལུས་ངག་ཡིད། །རོ་རྐྱང་དབུ་མ་ཚིགས་ཆེན་བཅུར་གནས་པའི། །ལུས་ཀྱི་དཀྱིལ་འཁོར་གདན་གསུམ་ཚང་བའི་ལྷ། །འཁོར་དང་བཅས་ལ་མཆོད་པ་དམ་པ་འབུལ། །བླ་མ་ལྷ་དང་མཁའ་འགྲོའི་ཚོགས་བཅས་ལ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འདི་ཕུལ་བས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དོན་གྲུབ་ལེགས་བཟང་གིས་མཛད་པའོ།།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*