བཅོམ་ལྡན་འདས་མི་འཁྲུགས་པའི་སྒོ་ནས་གཤིན་པོ་རྗེས་སུ་གཟུང་བའི་ཆོ་ག་བཞུགས། ཁ༽

མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ལ་ཟག་མེད་ཀྱི་ཡོན་ཏན་བཟང་པོ་ཡོད་པར་ཤེས་པའི་ཚིག་གོ །བསམ་པ་འདུ་ཤེས་མ་འཁྲུལ་བ། སྦྱོར་བ་རང་གི་ངག་གིས་མི་ཆོས་བླ་མ་རང་གི་ཐོབ་པར་སྨྲ་བ་བརྩམས་པ། མཐར་ཐུག་སྨྲ་ཞིང་ཡུལ་དེས་གོ་བའོ། །ལྔ་པ་ཆང་སོགས་ནི། ཕབ་བཏབ་པ་འབྲུའི་ཆང་དང༌། མ་བཏབ་པ་བུར་ཆང༌། རྒུན་ཆང་སོགས་མྱོས་པར་འགྱུར་བའི་ཆང་ཧུབ་གཅིག་ཡན་མིད་ན་ལྟུང་བར་འགྱུར་རོ། །དྲུག་པ་གར་སོགས་ནི། དགོད་པའི་བསམ་པས། གླུ་དང༌། གར་དང༌། རོལ་མོ་སྣ་ཚོགས་དགོས་མེད་དུ་བྱེད་པའོ། །བདུན་པ་ཕྲེང་སོགས་ནི། སོར་གདུབ་དང༌། གོས་ཁྲ་བོ་དང༌། དགོས་མེད་དུ་ལི་ཁྲི་ལ་སོགས་པ་བྱུག་པ་དང༌། སྤོས་ལུས་ལ་བྱུག་པ་དང༌། མེ་ཏོག་ཕྲེང་བའི་ཐོད་བཅིང་བ་རྣམས་སོ། །བརྒྱད་པ་མལ་སྟན་མཐོ་བ་ནི། རིན་པོ་ཆེ་དང་བ་སོ་ལ་སོགས་པའི་ཁྲི་ཁྲུ་གང་ལས་ལྷག་པ་ལ་འདུག་པ་དང༌། ཉལ་བ་དང༌། དེ་བཞིན་དུ་སྟན་ཁྲུ་གང་ལས་ལྷག་པ་ལ་དགོས་པ་མེད་པར་འདུག་པ་དང་ཉལ་བའོ། །དགུ་པ་ཕྱི་དྲོའི་ཁ་ཟས་ནི། གླིང་འདིའི་ཉི་མ་ཕྱེད་ཡོལ་ནས། སང་གི་སྐྱ་རེངས་དང་པོ་མ་ཤར་བར་ལ། ནད་ལ་སོགས་པའི་རྐྱེན་མེད་པར། ཕྱེ་དང་ཐུད་ལ་སོགས་པ་དུས་རུང་གི་ཟས་བཟའ་བའོ། །བཅུ་པ་གསེར་དངུལ་ལེན་པ་ནི། གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་ཆོས་ལྡན་གྱི་རྐྱེན་མེད་བཞིན་དུ། བདག་ཏུ་བཟུང་ནའོ། །འདི་རྣམས་ལ་རྩ་བ་བཞི་ཉམས་ན་སླར་གསོ་རྒྱུ་མེད། ལྷག་མ་དྲུག་ཉམས་ན་སྡོམ་ལྡན་གྱི་དྲུང་དུ་བཤགས་ལ་ཉེས་པས་མ་གོས་པར་བྱའོ། །དགེ་ཚུལ་གྱི་བསླབ་བྱ་མདོར་བསྡུས་པ་སྟེ། རྒྱས་པར་འོད་ལྡན་དུ་ཤེས་པར་བྱའོ།།  །། «༄། །བཀའ་གྱུར་རོ་ཅོག་གི་དཀར་ཆག་བསྟན་པ་གསལ་བའི་སྒྲོན་མེ་བཞུགས་སོ།།  »༈ །ཨོཾ་བདེ་ལེགས་སུ་གྱུར་ཅིག སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རིན་པོ་ཆེ་འགྱུར་རོ་ཅོག་གི་དཀར་ཆག བསྟན་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དགེ་ལེགས་རྒྱ་མཚོའི་དཔལ་ལས་འཁྲུངས། །ཇི་ལྟ་ཇི་སྙེད་གཟིགས་པའི་རྦ་རླབས་གཡོ། །ཕྲིན་ལས་ཡིད་བཞིན་ནོར་བུའི་གཏེར་མངའ་བ། །དཔལ་ལྡན་བླ་མ་ཡིད་བཞིན་རྒྱ་མཚོར་འདུད། །འགྲོ་བའི་དོན་སླད་བྱང་ཆུབ་ཐུགས་བསྐྱེད་ནས། །དཔག་མེད་དུས་ནས་ཚོགས་གཉིས་རྫོགས་མཛད་པས། །བྱང་ཆུབ་བརྙེས་ནས་ཆོས་འཁོར་རབ་བསྐོར་བ། །སངས་རྒྱས་སྐྱབས་ཀྱི་ཡུལ་ལ་གུས་ཕྱག་འཚལ། །དེ་གསུང་ཞི་བ་ཆགས་བྲལ་གསུང་རབ་ཚོགས། །སེམས་ཀྱི་ཐ་བ་མ་ལུས་རླན་བྱེད་ཅིང༌། །དགེ་ལེགས་ཐར་པའི་ལོ་ཐོག་རབ་བསྐྲུན་པ། །དམ་ཆོས་བདུད་རྩིའི་དཔལ་ལ་བདག་ཅག་དད། །དེ་བཅུད་ཐོས་བསམ་སྙིམ་པས་གུས་བླངས་ནས། །ཉམས་ལེན་རོ་འཛིན་དབང་པོས་ལེགས་མྱངས་པས། །འགྲོ་ལ་ཕན་བདེའི་དགའ་སྟོན་བསྐྲུན་མཛད་པ། །ཚོགས་མཆོག་དགེ་འདུན་ཀུན་ནས་རྒྱལ་གྱུར་ཅིག །གང་ལ་དཔག་ཡས་མཐུ་སྟོབས་སྤྱན་སྟོང་ལྡན། །རྣམ་དག་ཕྲིན་ལས་ཡེ་ཤེས་རྡོ་རྗེ་ཡིས། །ནག་ཕྱོགས་ལྷ་མིན་གཡུལ་ངོ་འཇོམས་མཛད་པ། །བཀའ་སྲུང་ནག་པོ་ཆེན་པོས་བསྟན་པ་སྐྱོངས། །དེ་ལྟར་ཡུལ་ཁྱད་པར་ཅན་དུ་གྱུར་པ་རྣམས་ལ་མཆོད་པར་བརྗོད་ནས། སྐབས་ཀྱི་དོན་ནི། འགྲོ་བའི་ཕུན་ཚོགས་བདེ་བར་གཤེགས་པའི་བསྟན་པ་ལ་རག་ལས་ཤིང༌། བསྟན་པའི་ངོ་བོ་ཡང་ལུང་དང་རྟོགས་པའི་དམ་པའི་ཆོས་ཇི་སྐད་བཤད་པ་བཞིན་ཉིད་ཡིན་ནོ། །དེའི་ཕྱིར་བསྟན་པ་མིག་འབྲས་ལྟར་གཅེས་པར་འཛིན་པའི་གང་ཟག་རྣམས་ཀྱིས་བསྒྲུབ་པ་ཉམས་ལེན་གྱི་ཚུལ་གྱིས་རྟོགས་པའི་ཆོས་འཛིན་དགོས་ལ། དེ་ལ་ལུང་གི་ཆོས་ཤེས་པ་སྔོན་དུ་འགྲོ་དགོས་ཏེ། མ་ཤེས་ན་ཉམས་སུ་ལེན་དུ་མེད་པའི་ཕྱིར་རོ། །ལུང་གི་ཆོས་དེ་ཇི་ལྟར་ཤེས་པའི་ཐབས་ཀྱང་ཡི་གེར་བཀོད་པའི་གསུང་རབ་ལ་ནན་ཏན་དུ་བྱེད་པ་ཁོ་ན་ཡིན་ནོ། །དེ་བས་ན། བསྟན་པའི་རྩ་བ་ཕྱོགས་གཅིག་གསུང་རབ་རྣམས་ཡི་གེར་བྲི་བ་དང༌། དག་པར་བྱ་བ་དང༌། གླེགས་བམ་གཞན་དག་ལ་རྒྱ་ཆེར་སྤེལ་བ་དག་ཡིན་ཅིང༌། མདོ་སྡེ་རིན་པོ་ཆེ་ཟ་མ་ཏོག་བཀོད་པ་དབང་གི་རྒྱལ་པོར་ཡང༌། ཕྱི་མའི་དུས་སུ་ང་ཉིད་ཡིག་འབྲུའི་གཟུགས་ཀྱིས་སེམས་ཅན་ལ་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར། གླེགས་བམ་རྣམས་སྟོན་པ་ཉིད་ཀྱང་ཡིན་པར་བཤད་པས་བསྟན་པ་ལ་དབང་ཕྱུག་གི་སྒོ་ནས་བྱ་བ་ཚུལ་བཞིན་དུ་བྱེད་པར་འདོད་པའི་སྐྱེ་བོ་བློ་གྲོས་ཅན་དག་གིས། གསུང་རབ་རིན་པོ་ཆེ་རྣམས་གླེགས་བམ་དུ་འབྲི་བ་དང༌། ཚིག་དང༌། དོན་གྱི་ཞུས་དག་ལེགས་པར་བྱེད་པ་ལ་འབད་པར་བྱ་བ་འདི་ཉིད་ཤིན་དུ་རིགས་པ་ཡིན་ནོ། །དོན་གྱི་དབང་འདི་གཟིགས་ནས། རྨད་དུ་བྱུང་བའི་རིགས་དང་རུས་དང༌། ཆོ་འབྲང་དང་ལྡན་ཞིང་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དང༌། འཁོར་དང༌། སྡེ་སྲིད་རབ་ཏུ་མང་པོ་ལ་མངའ་བསྒྱུར་བ། བསྟན་པ་རིན་པོ་ཆེ་དང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ལ་ཤེས་ནས་དད་པ་ཐོབ་པ། རྒྱལ་བའི་བསྟན་པ་ལ་ཞུགས་པའི་དགེ་བསྙེན། ཐེག་ཆེན་སེམས་བསྐྱེད་ཀྱིས་རྒྱུད་གཏམས་ཤིང༌། འགྲོ་བ་མགོན་མེད་པ་དང༌། ལོག་པར་ལྟུང་བ་སོགས་སྡུག་བསྔལ་ཅན་དུ་གྱུར་པ་རྣམས་ལ་ལྷག་པར་སྙིང་བརྩེ་ལ་དངོས་སུ་ཕན་པ་ལྷུར་མཛད་པའི་རྒྱལ་སྲས་ཆེན་པོ། རིག་པ་འཛིན་པའི་བརྟུལ་ཞུགས་མཆོག་ལ་གནས་པའི་སྔགས་འཆང་དམ་པ། དཔོན་པོ་ཡ་མ་དཔལ་བཟང་པོ་རྒྱལ་མཚན་ཞེས་རྣམ་པར་གྲགས་པའི་སྦྱིན་བདག་མངའ་རིས་ཀྱི་ས་ཆ་གློ་བོ་སྟོད་ཀྱི་བཀྲ་ཤིས་ཀྱི་གནས་སུ་སྐུ་འཁྲུངས་པ། ཡངས་པའི་རྒྱལ་ཁམས་མང་པོ་ལ་མངའ་བསྒྱུར་བའི་ས་བདག་ཆེན་པོ་ཁྲིམས་གཉིས་འཛིན་པ་དེས། རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་བྱ་བ་དང༌། ཁྱད་པར་མངའ་རིས་ཀྱིས་ཕྱོགས་སུ་བསྟན་པ་ཕྱི་དར་གྱི་དུས་ནས་བརྩམས་ཏེ་ཡུན་རིང་མོའི་བར་ལ་བསྟན་པ་རིན་པོ་ཆེ་རྨ་མེད་པར་གནས་སུ་ཟིན་ཀྱང༌། དུས་ཧ་ཅང་རིང་དུ་གྱུར་པའི་དབང་གིས་གླེགས་བམ་འགའ་ཞིག་འཐོར་ནས་དེང་སང་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གླེགས་བམ་ཚང་བ་ཕྱོགས་གཅིག་མི་བཞུགས་པའི་མུན་པས་ཁྱབ་པའི་སྐབས་འདིར། བཀའ་འགྱུར་རོ་ཅོག་གི་ཉི་མའི་འོད་ཟེར། མངའ་རིས་ཀྱི་སའི་ཆ་ཐམས་ཅད་དུ་ཤར་བར་བྱའོ་སྙམ་པའི་དགོངས་པ་ཟབ་མོ་ཐུགས་ལ་ཤར་བ་ལྟར་ཕྱག་ལེན་དུ་བཏབ་ནས་བྲིས་པའི་ཆོས་ཀྱི་རྣམ་གྲངས་ལ། འབྲས་བུ་རྡོ་རྗེ་ཐེག་པའི་ཆོས་སྐོར་དང༌། རྒྱུ་ཕར་ཕྱིན་ཐེག་པའི་ཆོས་སྐོར་ལས། རེ་ཞིག་དང་པོར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་རྣམས་ལ། རྒྱུད་འབུམ་ཞེས་རྣམ་པར་གྲགས་པ་ལ་པུསྟི་ཉི་ཤུ་བཞུགས་པའི། ཀ་པ་ལ། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པའི་གཉིས་པ་གྲུབ་ཆེན་ག་ཡ་དྷ་ར་དང་རྗེ་བཙུན་འབྲོག་མིའི་འགྱུར། བཤད་པའི་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་རྒྱལ་པོ་ག་ཡ་དྷ་ར་དང་འབྲོག་མི་ལོཙྪ་བའི་འགྱུར། ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པའི་བཤད་རྒྱུད་དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་པཎྜི་ཏ་ཤེས་རབ་གསང་བ་དང་ཀཾ་ཆོས་ཀྱི་ཡེ་ཤེས་དང་ཕྱུག་མཚམས་དགྲ་བཅོམ་རྣམས་ཀྱི་འགྱུར། དཔལ་ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ཤེས་རབ་གསང་བའི་འགྱུར། དཔལ་ཡེ་ཤེས་ཐིག་ལེ་ཤེས་རབ་གསང་བའི་འགྱུར། དཔལ་དེ་ཁོ་ན་ཉིད་སྒྲོན་མེ་པཎྜི་ཏ་ཤེས་རབ་གསང་བའི་འགྱུར། རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་དཔལ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བོད་ན་སམྦུ་ཊ་ཞེས་བྱ་བ། རྩ་རྒྱུད་ལ་བརྟག་པ་བཅུ། རྒྱུད་ཕྱི་མ་དང་བཅས་པ་གྲུབ་ཆེན་ག་ཡ་དྷ་ར་དང་རྗེ་བཙུན་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཞིང་ཕྱིས་ཀྱང་འབྲོག་མི་ཉིད་ཀྱིས་ཞུས་དག་མཛད་པ་སྟེ། ཆོས་ཀྱི་རྣམ་གྲངས་བདུན་བཞུགས་པ་ནི་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་རོ། །ཁ་པ་ལ། རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་ཉུང་ངུ་ཞེས་བྱ་བ་བོད་ན་བདེ་མཆོག་རྩ་རྒྱུད་དུ་གྲགས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་རྒྱ་གར་གྱི་མཁན་པོ་ཆེན་པོ་པདྨ་ཀཱ་ར་དང་ལོཙྪ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས་སླད་ཀྱི་སུ་མ་ཏི་ཀཱིརྟི་དང་མལ་ཇོ་བློ་གྲོས་གྲགས་ཀྱི་འགྱུར། ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། བོད་ན་ཨ་བྷི་དྷ་ནའམ་མངོན་བརྗོད་བླ་མ་ཞེས་གྲགས་པ་ལེའུ་དྲུག་ཅུ་རྩ་དགུ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཤྲཱི་དང་བློ་གྲོས་སྙིང་པོ་དང་དགེ་སློང་རབ་ཞིས་བསྒྱུར་བ། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་ཀྱི་རྒྱལ་པོ་འདི་ལ་འགྱུར་བྱང་མི་འདུག་ཀྱང༌། གྲགས་མཆོག་ཤེས་རབ་ཀྱི་འགྱུར་ཡིན་པ་འདྲའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད་པཎྜི་ཏ་ཨ་ཏུ་ལ་བཛྲ་དང༌། ལ་ཆིངས་ཡོན་ཏན་འབར་གྱིས་འགྱུར་ཏེ་ཆོས་ཀྱི་རྣམ་གྲངས་བཞི་བཞུགས། ག་པ་ལ། དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་ལོཙྪ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ཛ་ཡ་སེ་ན་དང༌། ལོཙྪ་བ་དར་མ་ཡོན་ཏན་གྱིས་འགྱུར་ཏེ་ཆོས་ཀྱི་རྣམ་གྲངས་གཉིས་བཞུགས། ང་པ་ལ། དཔལ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ཁེ་རྒད་འཁོར་ལོ་གྲགས་ཀྱིས་འགྱུར། མཻ་ཏྲི་མཁའ་སྤྱོད་ཀྱི་རྒྱུད་ཆུང་ངུ་དར་མ་ཡོན་ཏན་གྱི་འགྱུར། རྣལ་འབྱོར་མ་བཞི་ཁ་སྦྱོར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལ་འགྲེལ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར། རྡོ་རྗེ་ཕག་མོ་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་སྒྱུ་མ་ཆེན་པོ་པཎྜི་ཏ་ཞི་བ་བཟང་པོ་དང་གློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར། བདེ་མཆོག་བཤད་རྒྱུད་དུ་འདོད་པ་ར་ལིའི་སྐོར་ལ། གསང་བ་རྡོ་རྗེའི་རྒྱུད། གསང་བ་སྤྱོད་པའི་རྒྱུད། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད། ནམ་མཁའ་ཆེན་པོའི་རྒྱུད། སྐུ་གསུང་ཐུགས་ཀྱི་རྒྱུད། རིན་ཆེན་ཕྲེང་བའི་རྒྱུད། དམ་ཚིག་ཆེན་པོའི་རྒྱུད། སྟོབས་པོ་ཆེའི་རྒྱུད། རྡོ་རྗེ་མཁའ་འགྲོ་མ་གསང་བའི་རྒྱུད། ཡེ་ཤེས་ཕྲེང་བའི་རྒྱུད། ཡེ་ཤེས་འབར་བའི་རྒྱུད། དུར་ཁྲོད་རྒྱན་གྱི་རྒྱུད། ཟླ་བ་ཕྲེང་བའི་རྒྱུད། རིན་ཆེན་འབར་བའི་རྒྱུད། ཉི་མ་འཁོར་ལོའི་རྒྱུད། ཡེ་ཤེས་རྒྱལ་པོའི་རྒྱུད། མཁའ་འགྲོ་སྡོམ་པའི་རྒྱུད། གསང་བ་མེ་འབར་གྱི་རྒྱུད་འདི་རྣམས་ལ་ར་ལིའི་རྒྱུད་སྐོར་ཞེས་གཉོས་ལོཙྪ་བ་ཡོན་ཏན་གྲགས་ཀྱིས་བྱས་པའི་རྒྱུད་ཐེ་ཚོམ་ཅན་དུ་བཞེད་ནའང༌། སྔོན་གྱི་རྒྱུད་འབུམ་ཐམས་ཅད་དུ་བྲིས་འདུག་པ་དང་རྫོགས་རིམ་གྱི་གདམས་ངག་ཟབ་མོ་མང་པོ་འདུག་པས་འདིར་བྲིས་སོ། །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་བོད་ན་མི་གཡོ་བླ་མེད་དུ་གྲགས་པ། འཇམ་དབྱངས་རིན་རྒྱལ་གྱི་སྐུ་དྲིན་ལས་ལོཙྪ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་སྟེ་ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་ལྔ་བཞུགས། ཅ་པ་ལ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ཕྱི་མའི་ཕྱི་མ་སྨྲྀ་ཏིའི་རང་འགྱུར། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ག་ཡ་དྷ་ར་དང་ལོཙྪ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། རྡོ་རྗེ་བདུད་རྩིའི་རྒྱུད་ལེའུ་བཅུ་གཅིག་པ། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ཐིག་ལེ་མཆོག་ཏུ་གསང་བ་ཞེས་བྱ་བ་གཉན་བན་བསོད་ནམས་ཀྱིས་འགྱུར། དཔལ་མགོན་པོ་ནག་པོ་མངོན་པར་འབྱུང་བ་ཞེས་བྱ་བ་པཎྜི་ཏ་ཨཱ་ནནྟ་དང་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལེའུ་བཞི་པ། ལག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་ཞེས་བྱ་བ་འཁོར་ལོ་ཆེན་པོའི་རྒྱུད་དགེ་སློང་ཆོས་བཟང་གི་འགྱུར་དང༌། བདེ་ཁྲོས་ཀྱི་རྒྱུད། གསང་བ་བདུད་རྩིའི་རྒྱུད། དཔལ་ཆགས་པའི་རྒྱུད། མཁའ་འགྲོ་མ་གསང་བའི་རྒྱུད་དེ་བཞི་པོ་ཐེ་ཚོམ་ཅན་ཡིན་ཡང་སྔོན་གྱི་རྒྱུད་འབུམ་ཐམས་ཅད་དུ་བྲིས་འདུག་པས་འདིར་ཡང་བྲིས་སོ། །དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་བཅུ་གཅིག་བཞུགས། ཆ་པ་ལ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བ་མཆོག་གི་རྩ་བའི་རྒྱུད་རྟོག་པ་བཅུ་པ། དེའི་རྒྱུད་ཕྱི་མ་རྟོག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་སྨྲྀ་ཏིའི་རང་འགྱུར། དཔལ་རྡོ་རྗེ་གདན་བཞི་རྩ་བའི་རྒྱུད་པཎྜི་ཏ་ག་ཡ་དྷ་ར་དང་འགོས་ལྷས་བཙས་ཀྱི་འགྱུར། རྡོ་རྗེ་གདན་བཞིའི་བཤད་པའི་རྒྱུད་མནྟྲ་ཨཾ་ས་ག་ཡ་དྷ་ར་དང་འགོས་ཀྱི་འགྱུར། གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ལེའུ་གསུམ་པ་འདི་སློབ་དཔོན་ཨཱརྻ་དེ་ཝས་མཛད་པའི་དཀྱིལ་འཁོར་སྙིང་པོ་མདོར་བསགས་ཞེས་གྲགས་པ་དེ་ཡིན་པས་རྒྱུད་འབུམ་གྱི་ནང་དུ་འབྲི་དོན་མེད་ཀྱང༌། སྔོན་གྱི་རྒྱུད་འབུམ་དཀར་པོ་དང་གསེར་མ་ཐམས་ཅད་ན་བྲིས་འདུག་ཅིང་མཛད་པ་པོ་སངས་རྒྱས་དང་ཁྱད་མེད་པས་དེ་ལན་ཡང་བཞུགས་སུ་གསོལ། དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་ལྔ་བཞུགས། ཇ་པ་ལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པ་འདི་བླ་མེད་དང་རྣལ་འབྱོར་རྒྱུད་གཉིས་ཆར་དུ་བཤད་པ་ཡིན་ཡང༌། ཉི་མ་དཔལ་ཡེ་ཤེས་ཀྱིས་དུས་འཁོར་དང་སྒོ་བསྟུན་ནས་བཤད་པ་ལྟར་འདིར་ལྷན་ཅིག་ཏུ་བྲིས་སོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལེའུ་ལྔ་པ་པཎྜི་ཏ་ས་མནྟ་ཤྲཱི་དང་ལོཙྪ་བ་རྭ་ཆོས་རབ་ཀྱི་འགྱུར། རྒྱུད་ཕྱི་མ་ལོཙྪ་བ་དར་མ་གྲགས་ཀྱིས་འགྱུར། རྩ་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་པའི་རྒྱུད་འཕྲོ་ཤེས་རབ་གྲགས་ཀྱི་འགྱུར། བསྡུས་རྒྱུད་ལས་བྱུང་བའི་དབང་གི་རང་བྱེད་རྭ་ཆོས་རབ་ཀྱི་འགྱུར། དོན་དམ་བསྙེན་པ་འདི་པདྨ་དཀར་པོས་མཛད་པ་ཡིན་ཀྱང༌། པད་དཀར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས་སྔོན་གྱི་རྒྱུད་འབུམ་པ་རྣམས་ཀྱིས་བཀར་བཞག་གོ །དུས་འཁོར་བསྡུས་རྒྱུད་ཀྱི་སྙིང་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། བླ་མའི་ཡོན་ཏན་ཡོངས་བཟུང་གི་རྒྱུད་རྩ་མི་སངས་རྒྱས་གྲགས་ཀྱིས་བསྒྱུར་བ་སྟེ། དུས་ཀྱི་འཁོར་ལོའི་ཆོས་སྐོར་བརྒྱད་དང༌། རྡོ་རྗེ་ཨ་རལླིའི་ལེའུ་བཅུ་པ། རིགས་ཀྱི་ཨ་རལླིའི་ལེའུ་ལྔ་པ། རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ་སྟེ། ཀྱེ་རྡོ་རྗེའི་རྒྱུད་ཆུང་ངུ་གསུམ་དུ་གྲགས་པ་རྗེ་བཙུན་འབྲོག་མིའི་འགྱུར། མ་ཧཱ་མཱ་ཡའི་རྒྱུད་འགོས་ལྷ་བཙས་ཀྱི་འགྱུར། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་རིན་ཆེན་བཟང་པོའི་འགྱུར། བདེ་ཆེན་རལ་གཅིག་ཁྲོ་ཕུ་ལོཙྪ་བ་བྱམས་པ་དཔལ་གྱིས་འགྱུར་ཏེ། ཆོས་ཀྱི་རྣམ་གྲངས་བཅུ་བཞི་བཞུགས་སོ། །ཉ་པ་ལ། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་དང༌། རྒྱུད་ཕྱི་མ་ཤྲདྡྷ་ཀ་ར་ཝརྨ་དང་ལོཙྪ་བ་རིན་ཆེན་བཟང་པོའི་འགྱུར། དགོངས་པ་ལུང་སྟོན་པའི་རྒྱུད་པཎྜི་ཏ་དྷརྨཱ་ཤྲཱི་དང་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པའི་རྒྱུད་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། ལྷ་མོ་བཞིས་ཞུས་པའི་རྒྱུད་སྨྲྀ་ཏིའི་འགྱུར། ཡེ་ཤེས་རྡོ་རྗེས་ཀུན་ལས་བཏུས་པ་ཞེས་བྱ་བའི་རྒྱུད་སྟེ། ཆོས་ཀྱི་རྣམ་གྲངས་དྲུག་བཞུགས་སོ། །ཏ་པ་ལ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྷ་བཙུན་པ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་བུ་སྟོན་ཁ་ཆེའི་འགྱུར། གཤིན་རྗེ་གཤེད་དམར་པོ་ལེའུ་བཅུ་དགུ་པ་པཎྜི་ཏ་ཙནྡྲ་ཀཱིརྟི་དང་ལོཙྪ་བ་གྲགས་པ་རྒྱལ་མཚན་གྱིས་འགྱུར། དཔལ་གཤིན་རྗེ་གཤེད་ཀྱིས་རྒྱུད་ལེའུ་རྩ་གཉིས་པ་བུ་སྟོན་ཁ་ཆེའི་འགྱུར། དཔལ་གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ཤེས་རབ་བརྩེགས་ཀྱི་འགྱུར། གདོང་དྲུག་གི་རྒྱུད་ལས་ཐམས་ཅད་འགྲུབ་པར་བྱེད་པའི་འཁོར་ལོ་ཞེས་བྱ་བ། གཤིན་རྗེ་གཤེད་ཀྱི་འཁོར་ལོའི་རྟོག་པ་འདི་ཐེ་ཚོམ་ཅན་དུ་མཛད་དོ། །རྡོ་རྗེ་འཇིགས་བྱེད་རྟོག་པ་བདུན་པའི་རྒྱུད་རྭ་ལོཙྪ་བའི་འགྱུར། དཔལ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྒྱལ་པོ་ལོཙྪ་བ་རིན་ཆེན་བཟང་པོས་བསྒྱུར་བ་སྟེ། ཆོས་ཀྱི་རྣམ་གྲངས་དགུ་བཞུགས་སོ། །ཐབས་ཤེས་ཟུང་འཇུག་སྟོན་པ་མཆོག་གི་རྒྱུད། །མཐའ་དྲུག་ཚུལ་བཞིས་གསང་བས་རྒྱས་བཏབ་པ། །ཟབ་མོའི་རྣལ་འབྱོར་བླ་ན་མེད་པའི་མདོ། །བཅུ་ཕྲག་བདུན་དང་བདུན་གྱིས་ལྷག་པ་བཞུགས། །ཐ་པ་ལ། རྣལ་འབྱོར་གྱི་རྒྱུད་འཕགས་པ་དེ་ཁོ་ན་ཉིད་འདུས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། རྒྱུད་ཉེ་བར་བསྡུ་བ་དང་བཅས་པ་རིན་ཆེན་བཟང་པོའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཞེས་བྱ་བ་ཀུན་རིག་གི་རྒྱུད་པཎྜི་ཏ་ཤཱནྟིཾ་གརྦྷ་དང་ལོཙྪ་བ་ཛ་ཡ་རཀྵི་ཏས་བསྒྱུར་བ་ལས་རྨ་རིན་ཆེན་མཆོག་གི་སྐད་གསར་བཅད་ཀྱིས་བཅོས་པ་སྟེ། ཆོས་ཀྱི་རྣམ་གྲངས་གཉིས་བཞུགས་སོ། །ད་པ་ལ། བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་རྒྱ་གར་གྱི་མཁན་པོ་ཀརྨཱ་བཛྲ་དང་ལོཙྪ་བ་གཞོན་ནུ་ཚུལ་ཁྲིམས་ཀྱིས་འགྱུར། དཔལ་མཆོག་དང་པོ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ་ལས་དཔལ་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡན་ཆད་རྒྱ་གར་གྱི་མཁན་པོ་ཤརྡྷཱ་ཀ་ར་ཝརྨ་དང་ལོཙྪ་བ་རིན་ཆེན་བཟང་པོའི་འགྱུར། དེ་མན་ཆད་རྒྱུད་ཡོངས་སུ་རྫོགས་པ་པཎྜི་ཏ་མནྟྲ་ཀ་ལ་ཤ་དང་ལོཙྪ་བ་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར་ཏེ། ཆོས་ཀྱི་རྣམ་གྲངས་གཉིས་བཞུགས། ན་པ་ལ། རྡོ་རྗེ་ཕུར་པ་རྩ་བའི་དུམ་བུ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་བསྒྱུར་བ། ཡོ་ག་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆོས་རྗེ་ས་སྐྱ་པཎྜི་ཏས་བསྒྱུར་བའི་འཕྲོ་དཔང་ལོཙྪ་བ་བློ་གྲོས་བརྟན་པས་རྫོགས་པར་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་ཀྱི་བཀོད་པའི་རྒྱུད་འཕགས་པ་གསང་བའི་ནོར་བུ་ཐིག་ལེའི་རྒྱུད་དེ། འདི་གསུམ་ལ་ཆོས་རྗེ་ས་སྐྱ་པཎྜི་ཏས་བསྒྱུར་བའི་ཡོ་ག་རྒྱུད་གསུམ་ཞེས་གྲགས་སོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལེའུ་ཉི་ཤུ་རྩ་བཞི་པ། ས་འོག་གི་གསང་བ་ཆེན་པོ་ལེའུ་གཅིག་དང་བཅས་པ། ཆོས་རྗེ་ས་སྐྱ་པཎྜི་ཏའི་འགྱུར། རྒྱུད་འདིར་བྱ་རྒྱུད་ཀྱི་སྐབས་དང༌། འོག་གི་ཕུར་པ་རྩ་དུམ་བླ་མེད་ཀྱི་སྐབས་སུ་འབྲི་རྒྱུ་ཡིན་ན་ཡང༌། འགྱུར་མཛད་པ་པོ་གཅིག་པ་དང་སྔོན་གྱི་རྒྱུད་འབུམ་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བྲིས་པ་ལྟར་འདིར་ཡང་བྲིས་སོ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་གི་རྒྱུད་ལེའུ་བདུན་པ་ཐེ་ཚོམ་ཅན་དུ་འཆད་དོ། །འཇམ་དཔལ་དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ལེའུ་བཞི་པ་ནག་ཚོ་ལོཙྪ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇམ་དཔལ་གསང་བའི་རྒྱུད་ལེའུ་བཅུ་བདུན་པ། དེའི་ཕྱི་མ་ལེའུ་ཉི་ཤུ་རྩ་གཉིས་པ་སྟེ། ཆོས་ཀྱི་རྣམ་གྲངས་བརྒྱད་བཞུགས་སོ། །པ་པ་ལ། ཡོ་གའི་བཤད་རྒྱུད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོ། ཡོ་ག་ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་རིན་ཆེན་བཟང་པོའི་འགྱུར་ཏེ། དེ་ལྟར་ན་པུསྟི་ཐ་པ་དང་ད་པ་གཉིས་ན་གང་བཞུགས་དང༌། ན་པ་ན་ཆོས་རྗེ་པས་བསྒྱུར་བའི་ཡོ་ག་རྒྱུད་གསུམ། པ་པ་འདིར་ཁམས་གསུམ་རྣམ་རྒྱལ། ཐམས་ཅད་གསང་བ། རབ་གནས་ཀྱི་རྒྱུད་འདི་རྣམས་ཡོ་ག་རྣལ་འབྱོར་རྒྱུད་དུ་གཏོགས་པ་ཡིན་ནོ། །རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་ཉིད་བཅུ། །ཐབས་ཤེས་གཉིས་སུ་ཕྱེ་ནས་སྟོན་པའི་གཞུང༌། །རྣལ་འབྱོར་རྒྱུད་ཅེས་ཡོངས་སུ་གྲགས་པའི་མདོ། །བཅུ་ཕྲག་གཅིག་དང་གཅིག་གིས་ལྷག་པ་བཞུགས། །བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་པ་ཀྲྀཥྞ་པཎྜྀ་ཏ་དང་ལོཙྪ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རབ་ཏུ་གནས་པའི་རྒྱུད་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལེའུ་སོ་ལྔ་པ་ཆོས་ཀྱི་བཟང་པོའི་འགྱུར། ཀུ་རུ་ཀུལླེའི་རྟོག་པ་ཀྲྀཥྞ་པཎྜི་ཏ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། གོས་སྔོན་ཅན་རྡོ་རྗེ་བེ་ཅོན་གྱི་རྒྱུད་ལེའུ་བཅོ་ལྔ་པ་དང༌། གོས་སྔོན་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལེའུ་བཅོ་ལྔ་པ་འདི་གཉིས་བརྫུས་མར་སྣང་ཡང༌། སྔོན་གྱི་རྒྱུད་འབུམ་པ་རྣམས་ཀྱིས་བྲིས་པ་ལྟར་བཞག་སྟེ། ཆོས་ཀྱི་རྣམ་གྲངས་བརྒྱད་བཞུགས་སོ། །ཕ་པ་ལ། སྤྱོད་པའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་བིདྱཱ་ཀ་ར་སིདྷ་དང་དཔལ་བརྩེགས་ཀྱི་འགྱུར། དེའི་རྒྱུད་ཕྱི་མ་ཤཱི་ལེནྡྲ་བོ་དྷི་དང་དཔལ་བརྩེགས་ཀྱི་འགྱུར། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མ་ལེའུ་བཅུ་པ་ཕྱི་མའི་ཕྱི་མ་ལེའུ་ལྔ་པ་སྟེ། ཆོས་ཀྱི་རྣམ་གྲངས་བཞི་བཞུགས་སོ། །བ་པ་ལ། འཇམ་དཔལ་རྩ་བའི་རྟོག་པ་ཞེས་བྱ་བའི་རྒྱུད་ཆེན་པོ་རྒྱ་གར་གྱི་མཁན་པོ་དཔལ་དགའ་བའི་བཤེས་གཉེན་དང་ལོཙྪ་བ་མང་འོར་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་བཞུགས། མ་པ་ལ། འཕགས་པ་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ཆེན་པོ་འདི་དཔེ་ཐམས་ཅད་ན་འགྱུར་བྱང་མི་སྣང་ཡང༌། སྔོན་གྱི་བཀའ་བཅད་དུ་ཡེ་ཤེས་སྡེའི་འགྱུར་ཡོད་བྱ་བ་འདུག་པས་བརྟག་གོ །འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ལེའུ་བཅུ་གཅིག་པ། གསང་བ་སྤྱི་རྒྱུད་དམ་པ། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད། སྤྱན་རས་གཟིགས་པདྨ་ཅོད་པཎ་གྱི་རྒྱུད་ལེའུ་བཅུ་གཅིག་པ་རོང་ཟོམ་ཆོས་བཟང་གི་འགྱུར། འདི་རྒྱུད་ཐེ་ཚོམ་ཅན་དུ་བཞེད་དོ། །དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་བཞི་བཞུགས། ཙ་པ་ལ། འཕགས་པ་རིག་པ་མཆོག་གི་རྒྱུད་ཀྱི་རྒྱལ་པོ་བཞུགས་སོ། །ཚ་པ་ལ། ལེགས་པར་གྲུབ་པའི་རྒྱུད་ཆེན་པོ་མི་གཡོ་བའི་རྒྱུད་ལེའུ་བདུན་པ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། འཕགས་པ་མི་གཡོ་བ་བརྟུལ་ཕོད་པ་འདུལ་བར་གསུང་པའི་རྟོག་པ་དར་མ་བློ་གྲོས་ཀྱིས་འགྱུར། འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས་ཡེ་ཤེས་སྡེའི་འགྱུར། ཚེ་དཔག་ཏུ་མེད་པའི་གཟུངས། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད། ལོཙྪ་བ་ཆོས་ཀྱི་ཤེས་རབ་ཀྱིས་འགྱུར། ཀླུ་སྐྲག་པའི་ཁྲོ་བོ་འབྱུང་པོ་འདུལ་བྱེད་འདི་བརྫུས་མར་སྣང་ཡང་སྔོན་གྱི་རྒྱུད་འབུམ་རྣམས་སུ་བྲིས་པ་ལྟར་བཞག་གོ །དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་བདུན་བཞུགས་སོ། །ཛ་པ་ལ། རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཆེན་པོ་ཞེས་བྱ་བ་སྒྲོལ་མའི་རྒྱུད་སྒྲུབ་ཐབས་ཀྱི་ཆོ་ག་རིམ་པ་ཡན་ཆད་བཞུགས། ཝ་ཡི་སྲོག་ཡིག་ཨ་པ་ལ། དེའི་སྨད་རྒྱུད་ཕྱི་མ་དང༌། བཅས་པ་ལོཙྪ་བ་རིན་ཆེན་གྲུབ་ཀྱིས་བསྒྱུར་བ་བཞུགས། ཏིང་འཛིན་མཚན་མ་མེད་པའི་རྣལ་འབྱོར་དང༌། ལུས་ངག་རྣམ་པར་དག་པར་བྱེད་པའི་ཚུལ། །གཉིས་མེད་སྦྱོར་བ་བྱ་དང་སྤྱོད་པའི་མོད། །བཅུ་ཕྲག་གཉིས་དང་དགུ་ཡིས་བརྒྱན་པ་བཞུགས། །བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་ཅོག་གི་དཀར་ཆག་བསྟན་པ་གསལ་བའི་སྒྲོན་མེ་ལས། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་མཚན་གྱི་རྣམ་གྲངས་བཤད་པ་སྟེ་སྐབས་དང་པོའོ།།  །།ད་ནི་བྱ་བའི་རྒྱུད་ཀྱི་བྱེ་བྲག་གཟུངས་འདུས་གཟུངས་འབུལ་གཉིས་སུ་གྲགས་པ་ལས། དང་པོ་གཟུངས་འདུས་ལ་གླེགས་བམ་ཆེན་པོ་གཉིས་འབྱུང་བ། འདི་གྲས་ཀྱི་དབང་གིས་གླེགས་བམ་གསུམ་དུ་བྱས་པའི། ཀ་པ་ལ། སྤྱན་འདྲེན་རྒྱུད་གསུམ་པ། འདི་བཀའ་མིན་ཀྱང་གཟུངས་ཀློག་པའི་སྔོན་དུ་འདི་མཆོད་ཡུལ་དང༌། ཆོས་ཀྱི་སྦྱིན་པ་གཏོང་བའི་ཡུལ་རྣམས་སྤྱན་དྲངས་ནས། གཟུངས་ཀློག་པས་ཆོས་ཀྱི་སྦྱིན་པར་འགྱུར་ལ། དེའི་སྤྱན་འདྲེན་གྱི་ཚིག་དང་པོར་བཀོད་པར་སྣང་ངོ༌། །འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས། ཤེས་རབ་བསྐྱེད་པའི་གཟུངས། སྒྲོལ་མ་མཆོག་གི་གཟུངས། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་གཟུངས། སྟོབས་པོ་ཆེའི་གཟུངས། ནོར་རྒྱུན་མའི་གཟུངས། སངས་རྒྱས་བཅུ་གཉིས་པ། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས། ཁྱད་པར་ཅན་གྱི་གཟུངས། རྒྱལ་བ་ཅན་གྱི་གཟུངས། རྡོ་རྗེ་མི་ཕམ་པ་མེ་ལྟར་རྨོངས་བྱེད་ཀྱི་གཟུངས། ཕྱིར་བཟློག་རྣམ་པར་རྒྱལ་བ་ཅན་གྱི་གསང་སྔགས། མཚན་མོ་བཟང་པོའི་མདོ། ཙནྡན་གྱི་ཡན་ལག་གི་གཟུངས། འཕགས་པ་གཟུངས་ཆེན་མོ། གསེར་ཅན་གྱི་གཟུངས། བེ་ཅོན་ཆེན་པོའི་གཟུངས། སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། རྡོ་རྗེ་མཆུ་ཞེས་བྱ་བའི་ཀླུ་རྣམས་ཀྱི་དམ་ཚིག བྱ་ཁྱུང་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་སྤྲིན་ཆེན་པོ་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ། ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་མདོ། སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས། གཙུག་ཏོར་རོལ་པའི་ཏནྟྲ། འདི་ས་སྐྱ་པཎྜི་ཏ་ཆེན་པོས་བོད་ཀྱི་ལྷ་འདྲེས་བྱས་པར་བཞེད་པ་ལྟར་དོན་ལ་གནས་སོ། །འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་སྙིང་པོ་ཞེས་བྱ་བའི་མདོ། ལག་ན་རྡོ་རྗེའི་མཚན་གསང་སྔགས་དང་བཅས་པའི་གཟུངས། ལག་ན་རྡོ་རྗེ་བཅུའི་སྙིང་པོ། །སྡོང་པོ་རྒྱན་གྱི་མཆོག འདི་ཡང་ཐེ་ཚོམ་ཅན་ནོ། །བགེགས་སེལ་བའི་མདོ། མཆོད་པའི་སྤྲིན་གྱི་གཟུངས། རྟེན་ཅིང་འབྲེལ་པ་འབྱུང་བའི་མདོ། གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས། གདོན་མི་ཟ་བའི་ཉེ་བའི་སྙིང་པོ། འཕགས་པ་སྣང་བརྒྱད་འདིའང་ཐེ་ཚོམ་ཅན་ནོ། །འཕགས་པ་སྒོ་བཟང་པོ། ལྷ་མོ་རོལ་པ། འདིའང་ཐེ་ཚོམ་ཅན་ཏེ་ཆོས་ཀྱི་རྣམ་གྲངས་སུམ་ཅུ་སོ་བདུན་བཞུགས། ཁ་པ་ལ། འཕགས་པ་དོན་ཡོད་ཞགས་པའི་གཟུངས། སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས། སངས་རྒྱས་སྙིང་པོའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་ཀྱི་སྙིང་པོའི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། ཚེ་དཔག་ཏུ་མེད་པའི་སྙིང་པོའི་གཟུངས། ཚེ་དཔག་མེད་ཀྱི་གཟུངས་ཀྱི་མདོ། མེ་ཏོག་བརྩེགས་པའི་གཟུངས། སའི་དབང་པོ་ཆེན་པོའི་གཟུངས། གཙུག་ཏོར་གདུགས་དཀར་ཅན་གཞན་གྱིས་མི་ཐུབ་པའི་གཟུངས། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས། གཙུག་གི་ནོར་བུའི་གཟུངས། དབྱིག་དང་ལྡན་པའི་གཟུངས། བུ་མང་པོ་རྟོན་པའི་གཟུངས། ཆོས་ཐམས་ཅད་ཀྱི་ཡུམ་གྱི་གཟུངས། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པའི་གཟུངས། ཚོགས་བདག་གི་གཟུངས། ཡི་གེ་དྲུག་པའི་རིག་སྔགས། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་པ། མིག་རྣམ་པར་སྦྱོང་བའི་རིག་སྔགས། མདངས་ཕྱིར་འཕྲོག་པའི་གཟུངས། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པའི་གཟུངས། དཀྱིལ་འཁོར་བརྒྱད་པའི་གཟུངས། ལྷ་མོ་འོད་ཟེར་ཅན་གྱི་གཟུངས། གཞང་འབྲུམ་རབ་ཏུ་ཞི་བའི་གཟུངས། ནད་ཐམས་ཅད་རབ་ཏུ་ཞི་བའི་གཟུངས། དུག་སེལ་བའི་རིག་སྔགས། རིམས་ནད་རབ་ཏུ་ཞི་བའི་གཟུངས། གཞན་གྱིས་མི་ཐུབ་པ་རིན་པོ་ཆེ་ཕྲེང་བའི་གཟུངས། ཕྱིར་བཟློག་སྟོབས་ཆེན་གྱི་གཟུངས། ནག་པོ་ཆེན་པོའི་རིམས་ནད་ཐམས་ཅད་ལས་ཐར་པའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ་ཞེས་བྱ་བའི་གཟུངས། སྣང་བ་མཐའ་ཡས་ཀྱི་གཟུངས་སྔགས། མིག་ནད་རབ་ཏུ་ཞི་བ། སངས་རྒྱས་འཁོར་དང་བཅས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་ལས། ཐོག་མར་སངས་རྒྱས་ཀྱི་མཚན་བརྒྱ་རྩ་བརྒྱད་པ། སྤྱན་རས་གཟིགས་དབང་ཕྱུག་གི བྱམས་པའི། ནམ་མཁའི་སྙིང་པོའི། ཀུན་ཏུ་བཟང་པོའི། ཕྱག་ན་རྡོ་རྗེའི། འཇམ་དཔལ་གྱི། སྒྲིབ་པ་རྣམ་སེལ་གྱི། སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སྨོན་ལམ་བཏབ་པ་བཞིན་འགྲུབ་པའི་གཟུངས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས། དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་གཟུངས་ཆུང་བ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས། དོན་ཡོད་ཞགས་པའི་གཟུངས། གཟའ་ཡུམ་གྱི་གཟུངས། མི་རྒོད་རྣམ་འཇོམས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་རྒྱ་ཆེར་ཡོངས་སུ་རྫོགས་པ་ཐོགས་པ་མེད་པའི་གཟུངས། ཐུགས་རྗེ་ཆེན་པོའི་མཚན་བརྒྱ་རྩ་བརྒྱད་པ། བྱང་ཆུབ་སྙིང་པོ་རྒྱན་འབུམ། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ། ལུས་ཀྱི་དབྱིབས་མཛེས་པ། འཇམ་དཔལ་ཤེས་རབ་བློ་འཕེལ་གྱི་གཟུངས། དཔལ་ཆེན་མོའི་མཚན་བཅུ་གཉིས་པ། དབུ་རྒྱན་གྱི་དབང་བསྐུར་བ། ལྷ་མོ་ནག་མོའི་གཟུངས། གནོད་སྦྱིན་གྱི་མཚན་བརྒྱ་རྩ་བརྒྱད་པ། ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས། ནོར་བུ་བཟང་པོའི་གཟུངས། སྟོང་འཁྱིལ་པའི་གཟུངས། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས། འཇམ་དཔལ་གྱི་སྔགས་ཡིག་འབྲུ་གཅིག་པ། གཞན་གྱི་མི་ཐུབ་པ་ཆེན་པོ། མཛེ་ནད་གསོ་བའི་གཟུངས། སོ་རྩིལ་བཏབ་པ། ཁྲོས་པ་ཞི་བ། འཇམ་དཔལ་ཡིག་འབྲུ་གཅིག་པའི་སྔགས། འབྲུམ་བུའི་ནད་ཞི་བ། ཤཱཀྱ་ཐུབ་པའི་གཟུངས། ནད་ཞི་བའི་གཟུངས། དོན་ཐམས་ཅད་འགྲུབ་པའི་གཟུངས། རྣམ་པར་སྣང་མཛད་ཀྱི་སྙིང་པོའི་གཟུངས། ནམ་མཁའི་སྙིང་པོའི་གཟུངས། ངན་སོང་ཡོངས་སུ་སྦྱོང་བའི་གཟུངས། མ་ཞུ་བའི་ནད་ཞི་བ་གཉིས། སྨན་ལ་སྔགས་ཀྱིས་བཏབ་པ། ཤེར་ཕྱིན་གྱི་སྙིང་པོ། ཏིང་ངེ་འཛིན་རྒྱལ་པོའི་སྙིང་པོ། སྡོང་པོ་བཀོད་པའི་མདོའི་སྙིང་པོ། སོ་སོ་འབྲང་མའི་སྙིང་པོ། རྨ་བྱ་ཆེན་མོའི་སྙིང་པོ། ནད་མེད་པའི་གཟུངས། ཤླཽ་ཀ་སྟོང་ལོབས་པའི་གཟུངས། བརྒྱ་ལོབས་པའི་གཟུངས། རིམས་ནད་མེད་པའི་གཟུངས། རྒྱལ་བའི་བླ་མའི་གཟུངས། སྐྲན་ཞི་བ། ཁྲོས་པ་ཞི་བ། ཐོས་པ་འཛིན་པ། ཤླཽ་ཀ་སུམ་སྟོང་འཛིན་པའི་གཟུངས། ཟས་རྙེད་པའི་གཟུངས། བལྟས་པ་དགའ་བའི་གཟུངས། ཚིག་བཙན་པའི་གཟུངས། ཐོས་པ་འཛིན་པའི་གཟུངས། རྨི་ལམ་སྟོན་པའི་གཟུངས། འཇམ་དཔལ་གྱི་ཞལ་ནས་གསུངས་པ། སྐྲངས་པ་ཞི་བ། སྡིག་པ་ཞི་བ། བདག་སྲུང་བ། ཐོས་པ་འཛིན་པ་གོང་འོག་གཉིས། པདྨའི་སྤྱན་གྱི་གཟུངས། ཤླཽ་ཀ་སྟོང་ལོབས་པ། གཅན་གཟན་གྱིས་མི་ཚུགས་པ། དྲན་པ་བསྐྱེད་པ། མགོན་པོ་ནག་པོའི་གཟུངས། གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས། རྡོ་རྗེ་རི་རབ་ཆེན་པོའི་ཟོམ་གྱི་ཁང་པ་བརྩེགས་པའི་གཟུངས། སངས་རྒྱས་བདུན་པ་ཞེས་བྱ་བའི་གཟུངས། དཔལ་ལྡན་ལྷ་མོའི་གཟུངས། ལྷ་མོ་ནག་མོའི་གཟུངས། ལྷ་མོ་ནག་མོ་ལ་བསྟོད་པ་འདི་བསྟན་བཅོས་ཡིན་ཡང་སྔོན་མ་རྣམས་ཀྱི་བྲིས་པ་ལྟར་བཞག་གོ །འོད་ཟེར་ཅན་གྱི་གཟུངས། ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས། ལང་དཀར་གཤེགས་པའི་གཟུངས། ནཱི་ལ་ཀཎྛའི་གཟུངས། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། ལྷ་མོ་བརྒྱད་ཀྱི་གཟུངས། མེ་ཁ་ལའི་གཟུངས། ཡི་དྭགས་ཁ་ལ་མེ་འབར་ལ་སྐྱབས་མཛད་པའི་གཟུངས། ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། ཤེར་ཕྱིན་ཡི་གེ་ཉུང་ངུ༌། རྡོ་རྗེ་གནམ་ལྕགས་མཆུའི་གཟུངས། འཕགས་པ་བི་ཏའི་རིག་པའི་རྒྱལ་མོ། འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྟེ། ཆོས་ཀྱི་རྣམ་གྲངས་བརྒྱ་དང་སུམ་ཅུ་བཞུགས། ག་པ་ལ། སངས་རྒྱས་བཅུ་གཉིས་པ། སྤྱན་རས་གཟིགས་དབང་ཕྱུག ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ། སྤྱན་རས་གཟིགས་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་བནྡེ་ཆོས་འགྲུབ་ཀྱིས་བསྒྱུར་བ། སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ་བསྒྱུར་བའི་གཟུངས། སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ་སྨོན་ལམ་འབྱུང་བ། ནཱི་ལ་ཀཎྛའི་གཟུངས། འཕགས་པ་གཟུངས་གྲྭ་ལྔ། ཡང་འཕགས་པ་བསིལ་བའི་ཚལ་ལོཙྪ་བ་བློ་གྲོས་བཟང་པོའི་འགྱུར། གསང་སྔགས་རྗེས་འཛིན་ས་བཟང་ལོཙྪ་བ་བློ་གྲོས་རྒྱལ་མཚན་གྱིས་བསྒྱུར་བ་སྟེ་ཆོས་ཀྱི་རྣམ་གྲངས་བཅུ་གསུམ་བཞུགས་སོ། །གང་གིས་དྲན་ཅིང་ཟློས་པའི་མོད་ཙམ་ལ། །ཕུན་ཚོགས་དངོས་གྲུབ་དཔལ་ཀུན་ཐོབ་འགྱུར་བ། །བྱ་བའི་རྒྱུད་དང་རྟོགས་པའི་ཕུན་ཚོགས་གཞུང༌། །བརྒྱ་ཕྲག་གཅིག་དང་དྲུག་ཅུས་བརྒྱན་པ་བཞུགས། །བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་ཅོག་གི་དཀར་ཆག་བསྟན་པ་གསལ་བའི་སྒྲོན་མེ་ལས། གཟུངས་འདུས་ཀྱི་མཚན་གྱི་རྣམ་གྲངས་བཤད་པ་སྟེ་སྐབས་གཉིས་པའོ། །གཉིས་པ་བྱ་བའི་རྒྱུད་ཀྱི་བྱེ་བྲག་གཟུངས་འབུམ་ལ་པུསྟི་དྲུག་ཡོད་པའི། ཀ་པ་ལ། སྤྱན་འདྲེན་རྒྱུད་གསུམ་པ། འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས། ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ། སངས་རྒྱས་བཅུ་གཉིས་པ། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན། རྡོ་རྗེ་སྙིང་པོའི་གཟུངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་བཀོད་པ་ཀུན་དུ་སྟོན་པ་ཞེས་བྱ་བའི་མདོ། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་རྒྱས་པའི་མདོ་བརྒྱད་བརྒྱ་པ། སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས། ཆོས་ཉིད་རང་བཞིན་གྱིས་ངོ་བོ་ཉིད་ལས་མི་གཡོ་བར་ཐམས་ཅད་ལ་ཐ་དད་པར་སྣང་བའི་མདོ། རྣམ་པར་མི་རྟོག་པའི་གཟུངས། ཤེར་ཕྱིན་ཀོའུ་ཤི་ཀ ཤེར་ཕྱིན་ཡི་གེ་ཉུང་ངུ༌། ཤེས་རབ་སྙིང་པོ། ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པ། ཤེར་ཕྱིན་གྱི་གཟུངས། སངས་རྒྱས་ཀྱི་སའི་སྙིང་པོའི་གཟུངས། ཙནྡན་ཡན་ལག་གི་གཟུངས། དབང་བསྐུར་བའི་གཟུངས། དབྱིག་དང་ལྡན་པའི་གཟུངས། འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་གཟུངས། མེ་ཏོག་བརྩེགས་པའི་གཟུངས། མཆོད་པའི་སྤྲིན་གྱི་གཟུངས། སྒོ་དྲུག་པའི་གཟུངས། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། མཆོད་རྟེན་གཅིག་བཏབ་ན་བྱེ་བ་གདབ་པའི་གཟུངས། གསང་བ་རིང་བསྲེལ་གྱི་གཟུངས། བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་གཟུངས། གཙུག་ཏོར་དྲི་མེད་ཀྱི་གཟུངས། གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་ཏེ་ཆོས་ཀྱི་རྣམ་གྲངས་བདུན་ཅུ་དོན་བརྒྱད་བཞུགས། ཁ་པ་ལ། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས་བམ་པོ་བཅུ་དགུ་པ་ཡན་ཆད་བཞུགས། ག་པ་ལ། དེའི་འཕྲོ་བམ་པོ་ཉི་ཤུ་རྩ་བཞི་པ་ཡན་ཆད་བཞུགས་ཏེ་ད་དུང་འཕྲོ་མ་འགྱུར་རོ། །འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལེའུ་ཉི་ཤུ་རྩ་དགུ་པ་རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། བནྡེ་རྣམ་པར་མི་རྟོག་གིས་བསྒྱུར་བ། གསེར་འོད་དམ་པ་མདོ་སྡེ་དབང་པོའི་རྒྱལ་པོ་ཆུང་བ་ལེའུ་ཉི་ཤུ་པ་སྟེ་ཆོས་ཀྱི་རྣམ་གྲངས་གསུམ་བཞུགས། ང་པ་ལ། འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལེའུ་བཅུ་གསུམ་པ་ཡེ་ཤེས་སྡེའི་འགྱུར། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་ཆོ་ག་ཞིབ་མོའི་གཟུངས་དཔལ་བརྩེགས་ཀྱི་འགྱུར། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཡེ་ཤེས་སྡེའི་འགྱུར། སྒོ་བཟང་པོའི་གཟུངས། རི་རབ་བརྩེགས་པའི་གཟུངས། སྟོབས་པོ་ཆེའི་གཟུངས། རྒྱལ་བ་ཅན་གྱི་གཟུངས། འཕགས་པ་རྒྱལ་བ་ཅན་གྱི་གཟུངས། མེ་ལྟར་རབ་ཏུ་རྨོངས་བྱེད་མའི་གཟུངས། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བའི་གཟུངས། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས། ལག་ན་རྡོ་རྗེ་མཚན་བརྒྱ་རྩ་བརྒྱད་པ། ལག་ན་རྡོ་རྗེའི་མིང་བརྒྱད་གསང་སྔགས་དང་བཅས་པ། ལག་ན་རྡོ་རྗེ་བཅུའི་སྙིང་པོ། ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ཆོ་གའི་གཟུངས། བདུད་རྩི་ཐབ་སྦྱོར་བཞིའི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། ཤེར་ཕྱིན་སྒོ་ཉི་ཤུ་ལྔ་པ། ཡེ་ཤེས་ཏ་ལའི་གཟུངས། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱང་བ་ཞེས་བྱ་བའི་གཟུངས་ཏེ་ཆོས་ཀྱི་རྣམ་གྲངས་ཉི་ཤུ་བཞུགས། ཅ་པ་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ། རྨ་བྱ་ཆེན་མོའི་མདོ། སོ་སོ་འབྲང་མའི་མདོ། བསིལ་བའི་ཚལ་གྱི་མདོ། གསང་སྔགས་རྗེས་སུ་འཛིན་པའི་མདོ། གཟུངས་ཆེན་གྲྭ་ལྔར་གྲགས་པ་དང༌། ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། མདོ་ཆེན་པོ་འདུས་པ་ཞེས་བྱ་བའི་མདོ། ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་མདོ། སྤྲིན་ཆེན་པོའི་མདོ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པའི་གཟུངས། གནམ་ལྕགས་མཆུའི་གཟུངས། ལྕགས་མཆུ་ནག་པོའི་གཟུངས། རྡོ་རྗེ་མཆུ་ཞེས་བྱ་བའི་ཀླུའི་དམ་ཚིག་གི་གཟུངས། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་བ་དབུགས་དབྱུང་བའི་གཟུངས། ཡེ་ཤེས་སྐར་མདའི་སྙིང་པོ་སྟེ་ཆོས་ཀྱི་རྣམ་གྲངས་བཅུ་དྲུག་བཞུགས། ཆ་པ་ལ། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས། ཚེ་དཔག་ཏུ་མེད་པའི་སྙིང་པོའི་གཟུངས། ལུས་ཀྱི་དབྱིབས་མཛེས་པའི་གཟུངས། སྟོང་འགྱུར་ཞེས་བྱ་བའི་གཟུངས། སྟོང་འཁྱིལ་པའི་གཟུངས། གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པའི་གཟུངས། སྙིང་རྗེ་མི་ཤོལ་བའི་གཟུངས། ཀུན་ཏུ་བཟང་པོའི་གཟུངས། དོན་ཡོད་ཞགས་པའི་གཟུངས། ཕྱིར་བཟློག་རྣམ་པར་རྒྱལ་བའི་གཟུངས། ཕྱིར་བཟློག་སྟོབས་ཆེན་གྱི་གཟུངས། སྙིང་རྗེ་མཆོག་གི་གཟུངས། པརྞ་ཤ་ཝ་རིའི་གཟུངས། པརྞ་ཤ་བ་རིའི་ནད་ཞི་བའི་རིག་སྔགས་ཆོ་ག་དང་བཅས་པ། སྤྱན་རས་གཟིགས་ཧ་ཡ་གྲཱི་ཝའི་གཟུངས། རི་ཁྲོད་ལོ་མ་གྱོན་མའི་གཟུངས། སྣང་བ་མཐའ་ཡས་ཀྱི་གཟུངས། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས། སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས། མེ་ཁ་ལའི་གཟུངས། བེ་ཅོན་ཆེན་པོའི་གཟུངས། ཁྱད་པར་ཅན་གྱི་གཟུངས། སངས་རྒྱས་བདུན་པ་ཞེས་བྱ་བའི་མདོ། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ། མདངས་ཕྱིར་འཕྲོག་པའི་མདོ། ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། འཕགས་པ་གཟུངས་ཆེན་མོ། ལྷ་མོ་བརྒྱད་ཀྱི་གཟུངས། ནད་ཐམས་ཅད་རབ་ཏུ་ཞི་བའི་གཟུངས། རིམས་ནད་ཐམས་ཅད་རབ་ཏུ་ཞི་བའི་གཟུངས། མགོན་པོ་ནག་པོའི་གཟུངས། ནག་པོ་ཆེན་པོའི་གཟུངས། རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ། ལྷ་མོ་ནག་མོའི་གཟུངས། ནད་དོ་ཅོག་གི་བདག་མོ་ལ་བསྟོད་པ་རྐང་པ་བརྒྱད་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། འདི་བསྟན་བཅོས་ཡིན་ཡང་སྔ་མ་རྣམས་ཀྱིས་བྲིས་པ་ལྟར་བཞག་གོ །ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་མདོ། དྲི་མ་མེད་པའི་གཟུངས། ཡི་གེ་དྲུག་པའི་རིག་སྔགས། རིམས་ནད་ཐམས་ཅད་རབ་ཏུ་ཞི་བའི་མདོ། མིག་རྣམ་པར་སྦྱོང་བའི་གཟུངས། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། མཚན་མོ་བཟང་མོའི་མདོ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས། གསེར་ཅན་གྱི་གཟུངས། ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་གཟུངས། བུ་མང་པོ་རྟོན་པའི་གཟུངས། ཚོགས་བདག་གི་གཟུངས། བགེགས་སེལ་བའི་གཟུངས། མི་རྒོད་རྣམ་འཇོམས་ཀྱི་གཟུངས། འོད་ཟེར་ཅན་གྱི་གཟུངས་ཆོ་ག་དང་བཅས་པ། ནོར་རྒྱུན་མའི་གཟུངས། ནོར་བུ་བཟང་པོའི་གཟུངས། གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས། གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ། སའི་དབང་པོའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད་ཀྱི་གཟུངས། སངས་རྒྱས་ཀྱི་སྙིང་པོའི་གཟུངས། དེ་བཞིན་གཤེགས་པ་ལ་བསྔགས་པར་འོས་པའི་བསྟོད་པ་ལ། ཐམས་ཅད་མཁྱེན་པར་གྲུབ་པར་བསྟོད་པ། སྟོབས་དང་མི་འཇིགས་པ་ལ་བསྟོད་པ་དང༌། གསུང་ལ་བསྟོད་པ་དང༌། རྩོད་པ་མི་མངའ་བར་བསྟོད་པ་དང༌། ཚངས་པ་དང་མཐུན་པར་བསྟོད་པ་དང༌། ཕན་པར་བསྟོད་པ་དང༌། ལན་མི་གདོན་པར་བསྟོད་པ་དང༌། སྐུའི་ཕྱོགས་གཅིག་ལ་བསྟོད་པ་དང༌། ལྗགས་ལ་བསྟོད་པ་སྟེ། དགུ་པོ་འདི་བསྟན་བཅོས་ཡིན་པས་འདིར་འོང་དོན་མེད་ཀྱང་སྔ་མ་རྣམས་ཀྱིས་བྲིས་པ་ལྟར་བསོད་ནམས་ཆེ་བས་བཞག་གོ །སངས་རྒྱས་དང་ཉེ་བའི་སྲས་བརྒྱད་དེ། དགུའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སྒྲོལ་མ་མཆོག་གི་གཟུངས། དྲ་བི་ཏའི་གཟུངས། རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུངས། སྐུལ་བྱེད་མའི་གཟུངས། འཇམ་དཔལ་གྱི་ཞལ་ནས་གསུངས་པའི་གཟུངས། འཇམ་དཔལ་གྱི་ཡིག་འབྲུ་གཅིག་པ། གཙུག་ཏོར་མཆོག་ཏུ་གྲུབ་པའི་གཟུངས། དོན་ཡོད་ཞགས་པའི་གཟུངས། ཤེས་རབ་བློ་འཕེལ་གྱི་གཟུངས། ཤེས་རབ་བསྐྱེད་པའི་གཟུངས་ཆ་གཉིས། ཐོས་པ་འཛིན་པའི་གཟུངས། ཤླཽ་ཀ་སྟོང་ལོབས་པ། བརྒྱ་ལོབས་པ། ཐོས་པ་འཛིན་པ་ཆ་གསུམ། ཤླཽ་ཀ་སྟོང་ལོབས་པ། སུམ་བརྒྱ་ལོབས་པ། འཇམ་དཔལ་གྱི་ཞལ་ནས་གསུངས་པ། གོས་བརྒྱ་ཐོབ་པ། རྨི་ལམ་མཐོང་བ། པདྨའི་སྤྱན། ཤགས་ཀྱི་ལན་ཐེབས་པའི་གཟུངས། རྒྱལ་བའི་བླ་མའི་གཟུངས། རྣམ་པར་སྣང་མཛད་ཀྱི་སྙིང་པོའི་གཟུངས། ནད་མེད་པའི་གཟུངས། རིམས་ནད་མེད་པའི་གཟུངས། སྐྲན་ཞི་བའི་གཟུངས། གཅན་གཟན་གྱིས་མི་ཚུགས་པའི་གཟུངས། འབྲུམ་བུའི་ནད་ཞི་བའི་གཟུངས། རིམས་ནང་ཞི་བའི་གཟུངས། མ་ཞུ་བའི་ནད་ཞི་བའི་གཟུངས། སྡང་བ་ཐམས་ཅད་རབ་ཏུ་ཞི་བའི་གཟུངས། ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པའི་གཟུངས། སྨན་ལ་སྔགས་ཀྱིས་གདབ་པ། བདག་སྲུང་བ། ཆོམ་རྐུན་སྲུང་བ། ཁྲོས་པ་ཞི་བ། བལྟས་པས་དགའ་བ་རྨ་བྱ་ཆེན་མོའི་སྙིང་པོ། ཏིང་ངེ་འཛིན་རྒྱལ་པོའི་མདོ་གཟུང་བར་འགྱུར་བ། སྡོང་པོ་བཀོད་པའི་མདོ་གཟུང་བར་འགྱུར་བ། སོ་སོ་འབྲང་མའི་མདོ་གཟུང་བར་འགྱུར་བ། ཤེར་ཕྱིན་འབུམ་གཟུང་བར་འགྱུར་བ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཟུངས། སྡིག་པ་ཐམས་ཅད་ཞི་བའི་གཟུངས། ཁྲོས་པ་ཞི་བ། ཤཱཀྱ་ཐུབ་པའི་གཟུངས། དོན་ཐམས་ཅད་གྲུབ་པའི་གཟུངས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟུངས། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་དབྱེ་བའི་མདོ་སྟེ། ཆོས་ཀྱི་རྣམ་གྲངས་བརྒྱ་དང་ཉི་ཤུ་རྩ་དགུ་བཞུགས་སོ། །དཔལ་ལྡན་འཁོར་ལོའི་དབང་ཕྱུག་རྣམ་སྣང་མཛད། །རྗེ་འབངས་ཚུལ་གྱིས་བརྩོན་པས་ལེགས་བསྒྲུབས་ནས། །ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ་བྱེད་མདོ། །བརྒྱ་ཕྲག་གཉིས་དང་བཞི་བཅུ་རྩ་དྲུག་བཞུགས། །བདེ་བར་གཤེགས་པའི་གསུང་རབ་བཀའ་འགྱུར་རོ་ཅོག་གི་དཀར་ཆག་བསྟན་པ་གསལ་བའི་སྒྲོན་མེ་ལས། གཟུངས་འབུམ་གྱི་མཚན་གྱི་རྣམ་གྲངས་བཤད་པ་སྟེ་སྐབས་གསུམ་པའོ།།  །། «༄། །བསྟན་འགྱུར་དཀར་ཆག་བཞུགས་སོ།།  »༈ །ས་ཕྱོགས་གང་ན་སངས་རྒྱས་ཀྱི་བསྟན་པ་ཚང་བར་བཞུགས་པ་དེ་ན་བཀའ་འགྱུར་རོ་ཅོག་དང༌། བསྟན་བཅོས་འགྱུར་རོ་འཚལ་གྱི་གླེགས་བམ་ཚང་བར་བཞུགས་དགོས། འདི་གཉིས་ཚང་བར་མི་བཞུགས་ན། སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པར་མི་བཞུགས་པས་བསྟན་པ་ཚང་བར་མི་བཞུགས། བཀའ་འགྱུར་དང་བསྟན་འགྱུར་གྱི་གླེགས་བམ་དང༌། དེ་འཆད་བྱེད་ཀྱི་གང་ཟག་ལ་རག་ལས་པ་ལགས། དེ་ལ་བཀའ་འགྱུར་གྱི་དགོངས་པ་རང་སྟོབས་ཀྱིས་འཆད་མི་ཤེས་པས། ཚུལ་བཞིན་དུ་འཆད་པ་ལ་བསྟན་འགྱུར་གལ་ཆེ་བར་གཟིགས་ནས། འགྲོ་བའི་བླ་མ་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་དུས་སུ། དགེ་བའི་བཤེས་གཉེན་རྒྱང་རོ་བྱང་ཆུབ་འབུམ་ལ་སོགས་པ་མཁས་པ་དུ་མ་ལ་བཀའ་གནང་ནས་ཕྱོགས་གཅིག་ཏུ་བསྡུས་ཤིང་ཞུ་དག་དང་དོ་དམ་བགྱིས་ནས། མགོན་པོ་འཇམ་དབྱངས་ཀྱི་རྣམ་པར་འཕྲུལ་པ་བླ་མ་བདག་ཉིད་ཆེན་པོའི་ཐུགས་དམ་དུ་བཞེངས་པའི་བསྟན་འགྱུར་ཁྱད་པར་ཅན་འདི་ན། དང་པོར་མཆོད་བརྗོད་ཀྱི་ཚུལ་གྱི་སངས་རྒྱས་དང༌། ཡི་དམ་གྱི་ལྷ་དང༌། རྡོ་རྗེ་ཆོས་སྐྱོང་རྣམས་ལ་བསྟོད་པའི་ཚོགས་ཐམས་ཅད་ཚང་བར་བཀོད་ཅིང༌། དེ་ནས་དུས་ཀྱི་འཁོར་ལོ། ཀྱེ་རྡོར། འཁོར་ལོ་བདེ་མཆོག རྡོ་རྗེ་གདན་བཞི། སྒྱུ་མ་ཆེན་མོ། གསང་བ་འདུས་པ། གཤིན་རྗེའི་གཤེད་སྐོར་ལ་སོགས་པ། རྣལ་འབྱོར་བླ་མེད་ཀྱི་བསྟན་བཅོས་མཐའ་དག་དང༌། དེ་ཉིད་བསྡུས་པ་ལ་སོགས་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོས་སྐོར་དང༌། རྣམ་སྣང་མངོན་བྱང་སོགས་སྤྱོད་རྒྱུད་ཀྱི་ཆོས་སྐོར་དང༌། དཔུང་བཟང་གི་མདོ་འགྲེལ་སོགས། བྱ་བའི་རྒྱུད་ཀྱི་ཆོས་སྐོར་ཏེ། གསང་སྔགས་རྒྱུད་སྡེ་བཞི་དང་འབྲེལ་པའི་རྒྱུད་ཀྱི་འགྲེལ་པ། སྒྲུབ་ཐབས། དཀྱིལ་ཆོག སྦྱིན་སྲེག་གི་ཆོ་ག བསྒོམ་རིམ་གྱི་གདམས་ངག་སོགས་ཚང་མར་བཞུགས་པ་དང༌། ཕར་ཕྱིན་ཐེག་པའི་ཕྱོགས་ལ། རྒྱས་པ་འབུམ་གྱི་ཊཱི་ཀ་སོགས་ཤེར་ཕྱིན་གྱི་མདོ་མང་པོའི་འགྲེལ་པ་དང༌། མངོན་རྟོགས་རྒྱན་ལ་སོགས་པ་བྱམས་ཆོས་སྡེ་ལྔ་རྗེས་འབྲང་དང་བཅས་པའི་འགྲེལ་པ། འགྲེལ་བཤད། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད་སོགས་འཕགས་པ་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་གཞུང་དག་དང༌། དབུ་མ་རྩ་བའི་ཤེས་རབ་ལ་སོགས་པ་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་ལུགས་རྣམས་དང༌། དེ་དག་གི་དགོངས་པ་འགྲེལ་པ། སློབ་དཔོན་སངས་རྒྱས་སྐྱོང༌། ལེགས་ལྡན་བྱེད། ཟླ་བ་གྲགས་པ། ཞི་བ་འཚོ། ཀཱ་མ་ལ་ཤཱི་ལ་སོགས་པ་དབུ་མའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་མཛད་པའི་འགྲེལ་པ། འགྲེལ་བཤད། གཞུང་ཕྲན་དང་བཅས་པ་ཇི་སྙེད་པ་དང༌། མངོན་པ་མཛོད་རྩ་འགྲེལ་སོགས་བྱེ་བྲག་ཏུ་སྨྲ་བའི་གཞུང་འགྲེལ་མཐའ་དག་དང༌། སྤྱོད་ཕྱོགས་ཀྱི་གཞུང་བརྒྱ་རྩ་བརྒྱད་དང༌། བསླབ་བཏུས་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་གྱི་གཞུང་མཐའ་དག་དང༌། འདུལ་བ་ལུང་སྡེ་བཞིའི་འགྲེལ་ཆེན་སོགས་འདུལ་བའི་འགྲེལ་པ་འགྲེལ་བཤད་གཞུང་ཕྲན་མང་པོ་དང༌། ཚད་མ་སྡེ་བདུན་གྱི་འགྲེལ་པ་འགྲེལ་བཤད་བསམ་གྱིས་མི་ཁྱབ་པ་དང༌། གཞན་ཡང་སྒྲ་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། མངོན་བརྗོད་དང༌། སྐར་རྩིས་དང༌། སྐུ་གཟུགས་ཀྱི་མཚན་ཉིད་དང༌། མིའི་བརྟག་པ་དང༌། སྨན་དཔྱད་ཡན་ཆད་ཀྱི་བར་གྱི་བསྟན་བཅོས་མཐའ་དག་ཡོངས་སུ་ཚང་བར་བཞུགས་པའི་མཐར་བཀྲ་ཤིས་དང༌། སྨོན་ལམ་དང༌། བདེན་པའི་ཚིག་གི་རྒྱ་གཞུང་རྣམས་ཡོངས་སུ་རྫོགས་པར་བཞུགས་པའི་གླེགས་བམ་རྣམས་ལ་བསྟན་བཅོས་འགྱུར་རོ་འཚལ་ཞེས་ཡོངས་སུ་རྫོགས་པར་གྲགས་པ་འདི་ལགས། དིང་སང་བོད་དབུས་གཙང་གི་ས་ལ་བསྟན་འགྱུར་འགའ་རེ་ཡོད་ཀྱང༌། འདི་བས་ལེགས་པ་བཟང་བ་དག་པ་གཞན་ན་མེད་པར་མངོན་སུམ་གྱིས་གྲུབ་པ་དེ་ཡིན།།  །།མངྒ་ལཾ།།  །། «༄། །རྡོ་རྗེ་ཐེག་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་བཞུགས་སོ།། » ༈ །ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེ་ཐེག་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་གསང་སྔགས་བསྟན་པ་རྒྱས་བྱེད་ཅེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འོད་གསལ་ཆོས་སྐུའི་སྤྲིན་ལམ་རབ་ཏུ་ཡངས། །ཟུང་འཇུག་ལོངས་སྐུའི་ཉིན་བྱེད་དཀྱིལ་འཁོར་རྒྱས། །ཕྲིན་ལས་སྤྲུལ་སྐུའི་ཚ་ཟེར་སྟོང་འཕྲོ་བ། །དཔལ་ལྡན་བླ་མ་འོད་སྟོང་བདག་པོར་འདུད། །རྡོ་རྗེ་འཆང་གི་གསུང་རབ་ཟབ་མོའི་དོན། །མཐའ་དྲུག་ཚུལ་བཞིའི་སྦས་དོན་གསལ་མཛད་ནས། །མ་ནོར་ལམ་བཟང་འགྲོ་ལ་སྣང་མཛད་པ། །འཕགས་ཡུལ་མཁས་པའི་དབང་ཕྱུག་ཐམས་ཅད་རྒྱལ། །རབ་འབྱམས་རྒྱུད་དང་འགྲེལ་མང་ཆུ་གཏེར་ལས། །རྣམ་དག་དགོངས་དོན་ཡིད་བཞིན་ནོར་བླངས་ནས། །གངས་ཅན་འགྲོ་བློའི་དབུལ་བ་སེལ་མཛད་པ། །རྗེ་བཙུན་ས་སྐྱ་པ་རྣམས་སྤྱི་བོས་མཆོད། །བདེ་གཤེགས་བསྟན་ལ་བྱ་བ་བྱེད་འདོད་པའི། །སྐལ་བཟང་དེ་དག་དམ་ཆོས་འཆད་པ་དང༌། །འབྲི་དང་ཀློག་དང་ཉན་དང་སྒྲུབ་སོགས་ཀྱིས། །དལ་འབྱོར་ཐོབ་པ་དོན་ཡོད་བྱ་བར་རིགས། །འདིར་དད་པ་དང་བློ་གྲོས་དང་བསོད་ནམས་ཀྱི་དཔལ་གྱིས་མངོན་པར་མཐོ་བའི་དགེ་སྦྱོང་ཆེན་པོ། ཨ་མ་དཔལ་བཟང་པོ་རྒྱལ་མཚན་གྱི་ཐུགས་དམ་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཞེངས་ཤིང༌། བསྟན་བཅོས་འགྱུར་རོ་འཚལ་རིམ་གྱིས་འབྲི་བར་བརྩམས་པ་ལས། ཐོག་མར་འབྲས་བུ་རྡོ་རྗེ་ཐེག་པའི་གཞུང་ལ། ཐོག་མར་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་རྣམས་འབྱུང་བའི། ཀ་པ་ལ། བརྟག་གཉིས་ཀྱི་འགྲེལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་མཛད་པ་ཡོངས་སུ་རྫོགས་པ་འབྲོག་གི་འགྱུར། དཀའ་འགྲེལ་ཀུ་མུ་ཏི་སློབ་དཔོན་སྦྱང་དཀའ་ཟླ་བས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཀའ་འགྲེལ་མུ་ཏིག་གི་ཕྲེང་བ་སློབ་དཔོན་ཤཱནྟི་པས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། དཀའ་འགྲེལ་པདྨ་ཅན་མཚོ་སྐྱེས་ཀྱིས་མཛད་པ་ཁུ་དངོས་གྲུབ་ཀྱི་འགྱུར་རྣམས་བཞུགས། ཁ་པ་ལ། བརྟག་གཉིས་ཀྱི་འགྲེལ་པ་དྷཾ་ཀ་ད་ཤས་མཛད་པ་ཤོང་བློ་བརྟན་གྱི་འགྱུར། བརྟག་གཉིས་དཀའ་འགྲེལ་སྙན་གྲགས་བཟང་པོའི་མཛད་པ་ཆོས་ཀྱི་བཟང་པོའི་འགྱུར། འདི་ནཱ་རོ་འགྲེལ་ཆེན་ཏུ་གྲག་གོ །བརྟག་གཉིས་ཀྱི་དཀའ་འགྲེལ་པདྨའི་མྱུ་གུས་མཛད་པ་འདི་སྔར་གྱི་མཚོ་སྐྱེས་ཀྱི་དཀའ་འགྲེལ་གྱི་མགོ་ནས་ཚིགས་བཅད་ཅུང་ཟད་བཞག མཇུག་ཏུ་པདྨའི་མྱུ་གུས་མཛད་ཟེར་བ་སྦྱར་བ་ཙམ་མ་གཏོགས། གཞན་ཁྱད་པར་ཅུང་ཟད་ཀྱང་མེད་པས་མཚོ་སྐྱེས་ཀྱི་ཊཱི་ཀ་ཡིན་ལ། པདྨའི་མྱུ་གུའི་ཊཱི་ཀ་ཡིན་ངོས་ཤེས་པ་ལོགས་ན་ཡོད་དོ། །ག་པ་ལ། བརྟག་གཉིས་ཀྱི་རྣམ་འགྲེལ་བྷ་ཝ་བྷ་དྲས་མཛད་པ་བསོད་ནམས་རྒྱལ་མཚན་གྱི་འགྱུར། བརྟག་གཉིས་ཀྱི་འགྲེལ་པ་རིན་ཆེན་སྦྱོར་ཕྲེང་དམ་ཚིག་རྡོ་རྗེས་མཛད་པ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་སམྦུ་ཊའི་ཁ་སྦྱོར་ཐིག་ལེའི་འགྲེལ་པ་ཨིནྡྲ་བྷཱུ་ཏིས་མཛད་པ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར་རྣམས་བཞུགས། ང་པ་ལ། སམྦུ་ཊའི་འགྲེལ་པ་མན་ངག་གི་སྙེ་མ་ཨ་བྷ་ཡཱས་མཛད་པ་དཔྱལ་ལོཙྪ་བ་ཆོས་ཀྱི་བཟང་པོའི་འགྱུར། སམྦུ་ཊའི་འགྲེལ་པ་དཔའ་བོ་རྡོ་རྗེས་མཛད་པ། རིན་ཆེན་ཕྲེང་བ། རྡོ་རྗེ་གུར་གྱི་དཀའ་འགྲེལ་ལྷའི་རིག་ཀྱི་བློ་གྲོས་ཀྱིས་མཛད་པ་འགོས་ཀྱི་འགྱུར་རྣམས་བཞུགས་སོ། །ཅ་པ་ལ། བརྟག་གཉིས་ཀྱི་དཀའ་འགྲེལ་རྡོ་རྗེའི་ཚིག་བསྡུ་བ་ཀ་མ་དྷེ་ནུས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྡོ་རྗེ་གུར་གྱི་དཀའ་འགྲེལ་ནག་པོ་པས་མཛད་པ་འབྲོག་མིའི་འགྱུར། གླེང་གཞིའི་འགྲེལ་པ། བརྡའི་འགྲེལ་པ། རྩའི་མངོན་རྟོགས་ཆེ་ཆུང་གཉིས། གླུའི་འགྲེལ་པ་ཆེ་ཆུང་གཉིས། དུར་ཁྲོད་ཀྱི་གཞུང་གཉིས་རྣམས་ལ་སྐབས་ཀྱི་འགྲེལ་ཆུང་བརྒྱད་དུ་གྲགས་པ་འབྲོག་མིའི་འགྱུར། བདག་མེད་མའི་སྒྲུབ་ཐབས་བདུད་རྩིའི་འོད། ལྷན་ཅིག་སྐྱེས་གྲུབ། ཚོགས་ཀྱི་འཁོར་ལོ། ཚོགས་འཁོར་གྱི་འདུ་བ་བསྒྲགས་པ། དེ་ཉིད་བཅུ་པ་རྣམས་ཌོམྦི་ཧེ་རུ་ཀས་མཛད་པ། ཀྱེ་རྡོར་དཔའ་གཅིག་གི་སྒྲུབ་ཐབས་དང༌། ཀྱེ་རྡོར་ལྷ་དགུའི་སྒྲུབ་ཐབས་དཔལ་མཆོག་ཌོམྦི་པས་མཛད་པ། ཀྱེ་རྡོར་ཕྱག་གཉིས་པ་ལྷ་དགུའི་སྒྲུབ་ཐབས་སློབ་དཔོན་ཨ་ལ་ལ་བཛྲས་མཛད་པ། དྲན་པ་གཅིག་པའི་སྒྲུབ་ཐབས་གརྦྷ་རི་པས་མཛད་པ། བདག་མེད་མ་དཔའ་བོ་གཅིག་པའི་སྒྲུབ་ཐབས་བསོད་སྙོམས་པས་མཛད་པ། ཀྱེ་རྡོ་རྗེའི་དཀྱིལ་ཆོག་བཟང་པོ་ཡོངས་བཟུང་དང༌། ཡན་ལག་དྲུག་པའི་སྒྲུབ་ཐབས་དང༌། བདག་མེད་མའི་སྒྲུབ་ཐབས་དང༌། རྡོ་རྗེ་གུར་མཁའ་འགྲོ་ལྔའི་སྒྲུབ་ཐབས་དང༌། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་རྣམས་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་འབྲོག་མིའི་འགྱུར། ཀྱེ་རྡོ་རྗེའི་བྱ་བའི་རིམ་པ་རིན་ཆེན་འབར་བ་དགེ་སློང་དཔའ་བོ་རྡོ་རྗེས་མཛད་པ་འབྲོག་མིའི་འགྱུར། ཀྱེ་རྡོ་རྗེའི་མངོན་རྟོགས་དོན་གསལ་བ། ཀྱེ་རྡོ་རྗེའི་དཀྱིལ་ཆོག་ནས་གླིང་མ་དང༌། སྒྲུབ་ཐབས་མཚོ་སྐྱེས་དང༌། མཎྜལ་གྱི་ཆོ་ག་དང༌། བསྟོད་པ་ཉི་ཤུ་པ་དང༌། ཚོགས་འཁོར་དམ་ཚིག་ལྔ་པ་དང༌། སྦྱིན་སྲེག་གི་ཆོ་ག་རྣམས་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། ཀྱེ་རྡོར་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། རིམ་པ་གསུམ་པའི་སྒྲུབ་ཐབས་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། སྒྲུབ་ཐབས་མཚོ་སྐྱེས་ཀྱི་འགྲེལ་པ་དག་པ་རྡོ་རྗེའི་སྒྲོན་མེ་ཛ་ལནྡྷ་རི་པས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་བདེ་བའི་རྡོ་རྗེས་མཛད་པ། ཧེ་རུ་ཀ་འབྱུང་བ་ཞེས་པ་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཉིན་འབྱུང་ཟླ་བས་མཛད་པ། སྒྲུབ་ཐབས་འཁྲུལ་སྤོང་དང༌། བདག་མེད་མའི་སྒྲུབ་ཐབས་དང༌། ལྷན་ཅིག་སྐྱེས་པ་མཆོག་གི་རྫོགས་རིམ་རྣམས་སློབ་དཔོན་ཤཱནྟི་པས་མཛད་པ། ལྷན་ཅིག་སྐྱེས་པ་མཆོག་གི་འགྲེལ་པ་བྲམ་ཟེ་ཐ་ག་ནས་མཛད་པ། སྒྲུབ་ཐབས་འཁྲུལ་སྤོང་གི་འགྲེལ་པ་ཡེ་ཤེས་སྒྲོན་མེ་མངོན་པར་བརྗོད་པ་དཀྱིལ་འཁོར་གྱི་ཆོ་ག་ནག་པོ་གཞུང་འགྲེལ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་འཁྲུལ་འཇོམས་འདི་སྔར་གྱི་འཁྲུལ་སྤོང་དང་འགྱུར་ཁྱད་དུ་འདུག་ཀྱང༌། བསྟན་འགྱུར་སྔ་མ་ན་བྲིས་འདུག་པ་ལྟར་བཞག་གོ །ཀྱེ་རྡོ་རྗེའི་སྒྲུབ་ཐབས་དེ་ཉིད་གསལ་བ་ནག་པོ་པས་མཛད་པ་དང༌། དཔའ་བོ་གཅིག་པའི་སྒྲུབ་ཐབས་དང༌། ཕྱག་གཉིས་པའི་སྒྲུབ་ཐབས་དང༌། བདག་མེད་མའི་སྒྲུབ་ཐབས་དང༌། ཚོགས་འཁོར་གྱི་ཆོ་ག་དང༌། རབ་གནས་ཀྱི་ཆོ་ག་དང༌། སྦྱིན་སྲེག་གི་ཆོ་ག་དང༌། མཆོད་རྟེན་གྱི་ཆོ་ག་དང༌། གཤིན་པོའི་ཆོ་ག་རྣམས་སློབ་དཔོན་ནག་པོ་པས་མཛད་པ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དང༌། ཀྱེ་རྡོར་ལྷ་དགུའི་སྒྲུབ་ཐབས་ཀྱི་རྒྱལ་པོ་དང༌། བདག་མེད་མའི་སྒྲུབ་ཐབས་རྣམས་གཉིས་མེད་རྡོ་རྗེའི་མཛད་པ། གསང་དབང་གི་རབ་ཏུ་དབྱེ་བ་དཔལ་བིརྺ་པས་མཛད་པ། ཐིག་ལེ་ཆེན་པོའི་རིམ་པ་ནག་པོ་པས་མཛད་པ། ཕྱག་རྒྱ་བཞིའི་སྒྲུབ་པའི་ཐབས་དང༌། དགྱེས་པ་རྡོ་རྗེའི་དབང་གཏན་ལ་དབབ་པ་དང༌། ཁྲོ་བོ་བཅུའི་རིག་པའི་ཆོ་ག་རྣམས་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། རྡོ་རྗེ་གུར་གྱི་སྒྲུབ་ཐབས་ལྷའི་བརྟུལ་ཞུགས་ཀྱིས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་བྱང་ཆུབ་སྙིང་པོས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་རིན་ཆེན་སྒྲོན་མེ་མར་མེ་མཛད་ཀྱིས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ཀཾ་པ་ལས་མཛད་པ། ཀྱེ་རྡོ་རྗེའི་མངོན་པར་རྟོགས་པའི་ཐིག་ལེ་ཤཱཀྱ་སྲུང་གིས་མཛད་པ། ཀྱེ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་དྲིལ་བུ་པས་མཛད་པ། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་གསུང་བསྡུས་པ། སྦྱིན་སྲེག་གི་ཆོ་ག་བུདྡྷ་གརྦྷས་མཛད་པ། གཏོར་མའི་ཆོ་ག་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། གཏོར་མའི་དེ་ཉིད་བསྡུས་པ་དྷརྨཱ་ཀ་རས་མཛད་པ། གཏོར་མའི་ཆོ་ག་ཨཱ་ནནྟ་བཛྲིས་མཛད་པ། ཀྱེ་རྡོར་གྱི་གཏོར་མ་ཉི་ཤུ་ཕྱེད་པ་ནག་པོ་པས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ནཱ་རོ་ཏ་པའི་ཞལ་གྱི་ལུང་སྦྱོར། བདག་མེད་མའི་སྒྲུབ་ཐབས་ནཱ་རོ་པའི་ཞལ་གྱི་ལུང་སྦྱོར། རོ་སྲེག་གི་ཆོ་ག་ནཱ་རོ་པས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་སྣང་བ་རྡོ་རྗེ་སྙིང་པོས་མཛད་ཟེར་བ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དཔྱལ་སེ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་བཞུགས། ཆ་པ་ལ། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཤོང་གི་འགྱུར། འཇིག་རྟེན་ཁམས་ལེའུའི་འགྲེལ་པ། ནང་ལེའུའི་འགྲེལ་པ། དབང་གི་ལེའུའི་འགྲེལ་པ། ཤོང་གི་འགྱུར་རྣམས་བཞུགས། ཇ་པ་ལ། སྒྲུབ་ལེའི་འགྲེལ་པ། ཡེ་ཤེས་ལེའུའི་འགྲེལ་པ་ཤོང་འགྱུར་རྣམས་དང༌། དུས་འཁོར་གྱི་དཀའ་འགྲེལ་པདྨ་ཅན་སོ་མ་ནཱ་ཐའི་འགྱུར། དབང་མདོར་བསྟན་གྱི་འགྲེལ་པ་དུས་ཞབས་པས་མཛད་པ་ཤེས་རབ་གྲགས་ཀྱི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ། སྦས་པ་མིག་འབྱེད་ཅེས་པ། ཨ་ཝ་དྷཱུ་ཏཱི་པས་མཛད་པ་ཟླ་བ་གྲགས་པའི་འགྱུར། དུས་འཁོར་གྱི་བསྐྱེད་རིམ་ཡན་ལག་བཞི་པ་དུས་ཞབས་པས་མཛད་པ་ཟླ་བའི་འོད་ཟེར་གྱི་འགྱུར། དུས་འཁོར་གྱི་དཀྱིལ་ཆོག་དུས་ཞབས་པས་མཛད་པ་ཡོན་ཏན་འབར་གྱི་འགྱུར་རྣམས་བཞུགས། ཉ་པ་ལ། དུས་འཁོར་གྱི་དཀྱིལ་ཆོག་ས་དྷུ་པུ་ཏྲས་མཛད་པ་ཆོས་རབ་ཀྱི་འགྱུར། དུས་འཁོར་གྱི་བསྟོད་པ་རྒྱུན་བཤགས་ས་དྷུ་ཀཱི་རྟིས་མཛད་པ་ཚུལ་ཁྲིམས་སེང་གེའི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་བི་བྷཱུ་ཏ་ཙནྡྲའི་འགྱུར། དུས་འཁོར་ནང་གི་སྙེ་མ་བི་བྷུ་ཏ་ཙནྡྲས་མཛད་པ། སྦྱོར་དྲུག་ཨ་ནུ་པ་མ་རཀྵི་ཏས་མཛད་པ་མི་མཉམ་བཟང་པོའི་འགྱུར། དཔལ་ལྡན་རྒྱུ་སྐར་གྱི་སྒྲུབ་ཐབས་དུས་ཞབས་པས་མཛད་པ་ཤེས་རབ་གྲགས་ཀྱི་འགྱུར། དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རོལ་པའི་རྡོ་རྗེས་མཛད་པ་ཆོས་རབ་ཀྱི་འགྱུར། དུས་འཁོར་སྙིང་པོ་རྒྱན་གྱི་སྒྲུབ་ཐབས་བསོད་སྙོམས་པས་མཛད་པ་ཟླ་བའི་འོད་ཟེར་གྱི་འགྱུར། མཚན་བརྗོད་དུས་འཁོར་ལུགས་ཀྱི་འགྲེལ་པ་མི་ཡི་དབང་པོ་གྲགས་པས་མཛད་པ་རྡོ་རྗེ་རྒྱལ་པོའི་འགྱུར། མཚན་བརྗོད་ཕན་ཡོན་གྱི་འགྲེལ་པ་དུས་ཞབས་པས་མཛད་པ་རྡོ་རྗེ་རྒྱལ་པོའི་འགྱུར། མཚན་བརྗོད་ཀྱི་མདོར་བཤད་བདུད་རྩིའི་ཐིགས་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་ཟླ་བཟང་གྲགས་པས་མཛད་པ་འཕགས་པ་ཤེས་རབ་ཀྱི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་སྒྲོན་མ་གསལ་བ་ཨ་ནུ་པ་མ་རཀྵི་ཏས་མཛད་པ་རྡོ་རྗེ་རྒྱལ་མཚན་གྱི་འགྱུར། འཇམ་དབྱངས་རིགས་ལྔའི་སྒྲུབ་ཐབས་ཤྲཱི་དྷ་རས་མཛད་པ། མཚན་བརྗོད་ཀྱི་སྒྲུབ་ཐབས་བྱང་ཆུབ་མཆོག་གིས་མཛད་པ་སྨྲྀ་ཏིའི་འགྱུར། འཇམ་དཔལ་རིན་པོ་ཆེའི་སྒྲུབ་ཐབས། དགེ་བསྙེན་མ་གྲགས་སྦྱིན་གྱིས་མཛད་པ་སྨྲྀ་ཏིའི་འགྱུར། འཇམ་དཔལ་གྱི་རྫོགས་རིམ་ཤཱནྟི་གརྦྷ་ས་མཛད་པ། འཇམ་དཔལ་གྱི་སྒྲུབ་ཐབས་སྙན་གྲགས་དགེ་མས་མཛད་པ། འཇམ་དཔལ་གྱི་སྒྲུབ་ཐབས་ཤཱནྟི་གརྦྷས་མཛད་པ། མཚན་བརྗོད་ཉེར་བར་བསྡུས་པ་གཉིས་མེད་རྡོ་རྗེས་མཛད་པ་བསོད་ནམས་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས། ཏ་པ་ལ། སྒྱུ་འཕྲུལ་དྲྭ་བའི་དཀའ་འགྲེལ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་དཀའ་འགྲེལ་རབ་ཞི་བཤེས་གཉེན་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། མཉམ་སྦྱོར་གྱི་འགྲེལ་པ་ཀུན་དགའ་སྙིང་པོས་མཛད་པ་སྨྲྀ་ཏིའི་འགྱུར། མཉམ་སྦྱོར་གྱི་འགྲེལ་པ་དགའ་བའི་རྡོ་རྗེས་མཛད་པ་རྣམས་བཞུགས་སོ། །ཐ་པ་ལ། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་བརྒྱ་བྱིན་སྡོང་པོས་མཛད་པ་ལྷ་རིན་པོ་ཆེའི་འགྱུར། མཉམ་སྦྱོར་གྱི་དཀའ་འགྲེལ་ཨིནྡྲ་བྷཱུ་ཏིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའི་གསང་དོན་བཀོད་པ། རྣམ་པར་སྣང་མཛད་ཀྱི། ཧེ་རུ་ཀ་ཡི། པདྨ་གར་དབང་གི་རྡོ་རྗེ་ཉི་མའི་རྟ་མཆོག་རོལ་པའི་གསང་དོན་བཀོད་པ་རྣམས་ཀུ་ཀུ་རཱ་ཛས་མཛད་པ། མཉམ་སྦྱོར་རྡོ་རྗེ་སེམས་དཔའི་དཀྱིལ་ཆོག་རིན་ཆེན་རྡོ་རྗེས་མཛད་པ། གཉན་བན་བསོད་ནམས་ཀྱི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཀུ་ཀུ་རཱ་ཛས་མཛད་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཨིནྡྲ་བྷཱུ་ཏིས་མཛད་པ། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཆོ་ག་རཱ་ཛ་ཧ་ཏས་མཛད་པ། ཧེ་རུ་ཀའི་སྒྲུབ་ཐབས་ཧཱུྃ་མཛད་ཀྱིས་མཛད་པ། ཡན་ལག་བཞིའི་དོན་སྣང་བ་ཧཱུྃ་མཛད་གྲགས་པས་མཛད་པ། ཧེ་རུ་ཀའི་སྒྲུབ་ཐབས་ཧཱུྃ་མཛད་རྡོ་རྗེས་མཛད་པ། ཧེ་རུ་ཀའི་སྒྲུབ་ཐབས་རཱ་ཛ་ཧ་ཏས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིས་མཛད་པ། མཉམ་སྦྱོར་གྱི་དཀྱིལ་འཁོར་བསྒྲུབ་པའི་རིམ་པ་ཧཱུྃ་མཛད་རྡོ་རྗེས་མཛད་པ་རྣམས་བཞུགས། ད་པ་ལ། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་འགྲེལ་པ་ཟབ་པའི་རྡོ་རྗེས་མཛད་པ་གཡུང་དྲུང་སྙིང་པོའི་འགྱུར། རང་བཞིན་གྱི་དགའ་བའི་སྒྲོན་མ་རྡོ་རྗེ་གསང་བས་མཛད་པ། དགའ་བའི་སྤྱན་ཤེས་རབ་གསང་བས་མཛད་པ་རིན་ཆེན་རྒྱལ་མཚན་གྱི་འགྱུར། དབང་རིན་ཆེན་སྣང་བ་ཤེས་རབ་གསང་བས་མཛད་པ། རིན་ཆེན་ཕྲེང་བའི་མན་ངག་ཤེས་རབ་གསང་བས་མཛད་པ། རིན་ཆེན་ཆར་ཡང་གི་སྒྲུབ་ཐབས་ཤེས་རབ་གསང་བས་མཛད་པ། རིན་ཆེན་ཐིགས་པའི་སྒྲུབ་ཐབས་ཤེས་རབ་གསང་བས་མཛད་པ། དགའ་བའི་མེ་ཏོག་གི་ཕྲེང་བ་ཨནྡྲི་བྷཱུ་ཏིས་མཛད་པ། དབང་རིན་ཆེན་འཁོར་ལོའི་མན་ངག་ཨིནྡྲ་བྷཱུ་ཏིས་མཛད་པ། ཇི་བཞིན་བརྙེས་པ་ནམ་མཁའ་མཉམ་པའི་རྒྱུད་ཀྱི་འགྲེལ་པ་ཤཱནྟི་པས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱིས་འགྱུར། རྙོག་པ་མེད་པའི་རྒྱུད་ཀྱི་འགྲེལ་པ་གཞོན་ནུ་ཟླ་བས་མཛད་པ། བདེ་མཆོག་རྩ་རྒྱུད་ཀྱི་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་ཤོང་གི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་བྷ་ཝ་བྷ་དྲས་མཛད་པ་རིན་ཆེན་གྲགས་ཀྱི་འགྱུར་རྣམས་བཞུགས། ན་པ་ལ། བདེ་མཆོག་རྩ་རྒྱུད་ཀྱི་དཀའ་འགྲེལ་ལ་ཝ་པས་མཛད་པ་འགོས་ཀྱི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དཔའ་བོ་རྡོ་རྗེས་མཛད་པ་བ་རི་བའི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྐལ་ལྡན་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་དཀའ་བའི་འགྲེལ་པ་སྐར་རྒྱལ་ཟླ་བས་མཛད་པ་གུ་ཎ་ཤྲཱིའི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ལངྐ་རྒྱལ་བཟང་གིས་མཛད་པ། བདེ་མཆོག་རྩ་རྒྱུད་ཀྱི་གཉིས་ཀའི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་དྷརྨ་བློ་གྲོས་ཀྱི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ལྷ་སྦས་ཀྱིས་མཛད་པ་རྣམས་བཞུགས་སོ། །པ་པ་ལ། བདེ་མཆོག་བཤད་རྒྱུད་རྡོ་རྗེ་མཁའ་འགྲོའི་འགྲེལ་པ་བྷ་ཝ་བྷ་དྲས་མཛད་པ་འགོས་ཀྱི་འགྱུར། རྡོ་རྗེ་མཁའ་འགྲོའི་དཀའ་འགྲེལ་ནོར་བཟང་གིས་མཛད་པ་ཟླ་བའི་འོད་ཟེར་གྱི་འགྱུར། རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ཀ་ལ་ཀ་པས་མཛད་པ་འགོས་ཀྱི་འགྱུར། བདེ་མཆོག་སྡོམ་འབྱུང་གི་འགྲེལ་པ་རཏྣ་རཀྵི་ཏས་མཛད་པ་ཤོང་བློ་བརྟན་གྱི་འགྱུར། ཡེ་ཤེས་འབྱུང་བའི་མན་ངག་ག་ཡ་དྷ་རས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདེ་མཆོག་གི་བཤད་རྒྱུད། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་འགྲེལ་པ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་བ་རི་བའི་འགྱུར། བདེ་མཆོག་གི་བཤད་རྒྱུད། ཁྲག་འཐུང་མངོན་འབྱུང་གི་འགྲེལ་པ་ཟླ་བ་གཞོན་ནུས་མཛད་པ་རྣམས་བཞུགས། ཕ་པ་ལ། བདེ་མཆོག་གི་བཤད་རྒྱུད་མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་པདྨ་རྡོ་རྗེས་མཛད་པའི་གྲུ་གཟིང་དར་མ་ཡོན་ཏན་གྱིས་བསྒྱུར་བ་རྣམས་བཞུགས། བ་པ་ལ། བདེ་མཆོག་གི་དཀྱིལ་ཆོག་དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ་བི་བྷུ་ཏི་ཙནྡྲའི་འགྱུར། བདེ་མཆོག་བཅུ་གསུམ་མའི་སྒྲུབ་ཐབས་མེ་ཏྲི་པས་མཛད་པ་མཚུར་དབང་ངེའི་འགྱུར། བདེ་མཆོག་གི་སྒྲུབ་ཐབས་ཕྱག་ན་རྡོ་རྗེས་མཛད་པ་སོ་མ་ནཱ་ཐའི་འགྱུར། བདེ་མཆོག་གི་སྒྲུབ་ཐབས་ཉིན་མོར་མཛད་ཀྱིས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། བདེ་མཆོག་གི་སྒྲུབ་ཐབས་འཁྲུལ་སྤོང་ཨ་བྷ་ཡས་མཛད་པ་ཆོས་རྗེ་དཔལ་གྱིས་འགྱུར། བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་མ་ན་ཤྲཱིས་མཛད་པ་པྲཛྙཱ་ཀཱིརྟིས་འགྱུར། ཧེ་རུ་ཀའི་སྒྲུབ་ཐབས་མདོར་བསྡུས་བྲམ་ཟེ་བྷྲྀཾ་ཀ་རས་མཛད་པ་མར་དོའི་འགྱུར། བདེ་མཆོག་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཇོ་བོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བདེ་མཆོག་ལུས་དཀྱིལ་གྱི་དབང་གི་བྱ་བ་རྡོ་རྗེ་དྲིལ་བུ་པས་མཛད་པ། ལུས་དཀྱིལ་གྱི་སྒྲུབ་ཐབས་རྡོ་རྗེ་དྲིལ་བུ་པས་མཛད་པ། རྫོགས་རིམ་རིམ་པ་ལྔ་པ་རྡོ་རྗེ་དྲིལ་བུ་པས་མཛད་པ། ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྡོ་རྗེ་དྲིལ་བུ་པས་མཛད་པ། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་རྡོ་རྗེ་དྲིལ་བུ་པས་མཛད་པ། བདེ་མཆོག་གི་དཀྱིལ་ཆོག་ལ་ཝ་པས་མཛད་པ་མར་དོའི་འགྱུར། ཡི་གེ་བདུན་པའི་སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ་མར་དོའི་འགྱུར། བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་གརྦྷ་རི་པས་མཛད་པ། བདེ་མཆོག་གི་བསྟོད་པ་རྒྱུན་ཆགས་ཆོས་ཀྱི་གྲགས་པས་མཛད་པ་ཆག་ལོའི་འགྱུར། ཕག་མོའི་སྒྲུབ་ཐབས་པྲཛྙཱ་བྷ་དྲས་མཛད་པ་དང་ཕག་མོ་གཞུང་དྲུག་ཏུ་གྲགས་པ་ལ་ཞལ་གཉིས་མའི་སྒྲུབ་ཐབས་ལྡོང་ངར་རས་མཛད་པ། སྒྲུབ་ཐབས་ཆེ་བ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་ཆུང་བ་ཨ་ཝ་དྷཱུ་ཏཱིས་པས་མཛད་པ། སྒྲུབ་ཐབས་ཆེ་བ་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པ། ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཆུང་བ་དཔལ་གྱི་བློ་གྲོས་ཀྱིས་མཛད་པ། སྒྲུབ་ཐབས་ཆེ་བ་བིརྺ་པས་མཛད་པ། སྦྱིན་སྲེག་སངས་རྒྱས་བྱིན་གྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་ལ་གཞུང་དྲུག་སྦྱིན་སྲེག་དང་བཅས་པ་ཞེས་གྲགས་པ་དང༌། ཀེང་རུས་ཀྱི་རྣལ་འབྱོར་མའི་སྒྲུབ་ཐབས་དྷ་རི་ཀ་པས་མཛད་པ། ཕག་མོའི་བསྟོད་པ་གློག་སྐྱ་ལོཙྪ་བའི་འགྱུར། ཀེང་རུས་ཀྱི་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱི་ཊཱི་ཀ་ཀུ་མཱ་ར་བོ་དྷིས་མཛད་པ། ཕག་མོ་ལྷ་སོ་བདུན་མའི་སྒྲུབ་ཐབས་འབྱུང་གནས་སྦས་པས་མཛད་པ། དཱ་ན་ཤཱི་ལའི་འགྱུར། རྣལ་འབྱོར་མའི་སྒྲུབ་ཐབས་ཀྱི་འགྲེལ་པ་དྷ་རི་ཀ་པས་མཛད་པ། ཚེས་བཅུའི་མཆོད་པ་དྷ་རི་ཀ་པས་མཛད་པ། རྣལ་འབྱོར་མའི་དབང་ཆོ་ག་ཤ་བ་རི་པས་མཛད་པ། སློབ་མ་རྗེས་སུ་བཟུང་བའི་ཆོ་ག །ཚོགས་འཁོར་གྱི་ཆོ་ག་ཤ་བ་རི་པས་མཛད་པ། ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ་རྣམས་ཐར་པ་ལོཙྪ་བའི་འགྱུར། ཕག་མོའི་སྒྲུབ་ཐབས་མི་དབང་ཨིནྡྲ་བྷཱུ་ཏིས་མཛད་པ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱིན་རླབས་ཨིནྡྲ་བྷཱུ་ཏིས་མཛད་པ། ཕག་མོའི་སྒྲུབ་ཐབས་ཡང་དག་གྲུབ་པའི་འགྲེལ་པ་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ་ཐར་ལོའི་འགྱུར། ཕག་མོ་དཀར་མོའི་སྒྲུབ་ཐབས་ཀཾ་ཀ་སྤྱན་གྱིས་མཛད་པ་ཆག་ལོའི་འགྱུར། ཕག་མོ་མངོན་འབྱུང་གི་དཀྱིལ་འཁོར་གྱི་ཆོ་ག་ཨུ་མ་པ་ཏིས་མཛད་པ་ཆོས་རབ་ཀྱི་འགྱུར། ཕག་མོ་མངོན་འབྱུང་གི་སྒྲུབ་ཐབས་ཨུ་མ་པ་ཏིས་མཛད་པ་རཱ་ཆོས་རབ་ཀྱི་འགྱུར། སྒྱུ་མ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་ཤཱནྟི་པས་མཛད་པ་འགོས་ཀྱི་འགྱུར། སྒྱུ་མ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་ནག་པོ་དམ་ཚིག་རྡོ་རྗེས་མཛད་པ་འགོས་ཀྱི་འགྱུར། སྒྱུ་མ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དུརྫ་ཡ་ཙནྡྲས་མཛད་པ་ཡེ་ཤེས་དད་པའི་འགྱུར། སྒྱུ་མ་ཆེན་མོའི་རྒྱུད་ཀྱི་དཀའ་འགྲེལ་དཔལ་རྒྱན་པས་མཛད་པ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སྒྱུ་མ་ཆེན་མོའི་དཀྱིལ་ཆོག་འགོས་ཀྱི་འགྱུར། སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པ་གསལ་བ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་གཞོན་ནུ་ཚུལ་ཁྲིམས་ཀྱིས་འགྱུར་རྣམས་བཞུགས་སོ། །མ་པ་ལ། སྒྱུ་མ་ཆེན་མོའི་དཀྱིལ་ཆོག་འདུལ་བས་བྱིན་གྱིས་མཛད་པ། སྒྱུ་མ་ཆེན་མོའི་དཀྱིལ་ཆོག་ཀུ་ཀུ་རི་པས་མཛད་པ་འགོས་ཀྱི་འགྱུར། སྒྱུ་མ་ཆེན་མོའི་སྒྲུབ་ཐབས་རྨོངས་པ་སྒྲོལ་བ་ཀུ་ཀུ་རི་པས་མཛད་པ། སྤྲོས་པ་མེད་པའི་མན་ངག་ཀུ་ཀུ་རི་པས་མཛད་པ། གཏོར་མའི་ཆོ་ག་ཀུ་ཀུ་རི་པས་མཛད་པ། དེ་ཁོ་ན་ཉིད་ཀྱི་མན་ངག་གི་འགྲེལ་པ་དང༌། གཞུང་རྩ་བ་གཉིས་བློ་བཟང་སྙིང་པོས་མཛད་པ། སྒྱུ་མ་ཆེན་མོའི་དཀྱིལ་ཆོག་སྦྱིན་སྲེག་དང་བཅས་པ་རྒྱན་པས་མཛད་པ། ལྷ་ལྔའི་སྒྲུབ་ཐབས་རྒྱན་པས་མཛད་པ། ལྷ་ལྔའི་སྒྲུབ་ཐབས་སྐུ་མེད་རྡོ་རྗེས་མཛད་པ། ལྷ་ལྔའི་སྒྲུབ་ཐབས་ཤཱནྟི་པས་མཛད་པ། ལྷ་ལྔའི་སྒྲུབ་ཐབས་ཨུ་རྒྱན་ནས་བྱུང་བ་རྣམས་དང༌། རྡོ་རྗེ་གདན་བཞིའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་བྷ་བ་བྷ་དྲས་མཛད་པ་འགོས་ཀྱིས་འགྱུར། གདན་བཞིའི་དཀྱིལ་ཆོག སྙིང་པོ་མདོ་བསགས་ཨཱརྻ་དེ་བས་མཛད་པ། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་འཕགས་པ་ལྷས་མཛད་པ། གདན་བཞིའི་དཀྱིལ་འཁོར་རྒྱས་པའི་སྒྲུབ་ཐབས་འཕགས་པ་ལྷས་མཛད་པ། ཤིང་གཅིག་པའི་དཀའ་འགྲེལ་འཕགས་པ་ལྷས་མཛད་པ། གདན་བཞིའི་སྒྲུབ་ཐབས་བྷ་ཝ་བྷ་དྲས་མཛད་པ། མཆན་ཁུང་གི་སྦྱོར་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། གདན་བཞིའི་དེ་ཁོ་ན་ཉིད་བཞི་པ་ཛེ་ཏཱ་རིས་མཛད་པ། གདན་བཞིའི་ཡབ་བཀའ། ཡུམ་བཀའ་གཉིས་ཀྱི་སྒྲུབ་ཐབས་རྣམ་རྒྱལ་དཔའ་བོས་མཛད་པ། ཡེ་ཤེས་སྣང་བའི་སྒྲུབ་ཐབས་གཤམ་མ་ཚང་བ་གཅིག་རྣམས་དང༌། སངས་རྒྱས་ཐོད་པའི་རྒྱུད་ཀྱི་འགྲེལ་པ་ས་ར་ཧས་མཛད་པ་གྱི་ཇོའི་འགྱུར། སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཨ་བྷ་ཡས་མཛད་པ་ཆོས་གྲགས་ཀྱི་འགྱུར། སངས་རྒྱས་ཐོད་པའི་དཀྱིལ་ཆོག་ས་ར་ཧས་མཛད་པ། ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས་ས་ར་ཧས་མཛད་པ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཏིང་ངེ་འཛིན་བཟང་པོའི་མཛད་པ། གཏོར་མའི་ཆོ་ག་ས་ར་ཧས་མཛད་པ་གྱི་ཇོའི་འགྱུར་རྣམས་བཞུགས། ཙ་པ་ལ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་བྷ་ནོས་མཛད་པ་ཤེས་རབ་བརྩེགས་ཀྱི་འགྱུར། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྣམ་བཤད་མཇུག་མ་ཚང་བ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ལེའུ་བཅུ་བདུན་པ་ཡན་ཆད་དང༌། ལེའུ་བཅོ་བརྒྱད་པའི་འགྲེལ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་གཞོན་ནུ་འབུམ་པའི་འགྱུར་རྣམས་བཞུགས། ཙ་པ་གཉིས་པ་ལ། གདན་བཞིའི་སྒྲུབ་ཐབས་རྒྱས་པ་ཛ་ཀ་པཎྜི་ཏས་མཛད་པ། པདྨ་དྲྭ་བའི་མཆོད་པའི་ཆོ་ག་དང་པདྨ་དྲྭ་བའི་སྒྲུབ་ཐབས་རྒྱལ་བ་དཔལ་ཡེ་ཤེས་ཀྱིས་མཛད་པ། བདེ་མཆོག་ནག་པོ་པའི་གཞུང་དྲུག་ལ། བདེ་མཆོག་གི་སྒྲུབ་ཐབས། དཀྱིལ་འཁོར་གྱི་ཆོ་ག སྦྱིན་སྲེག་གི་ཆོ་ག རྫོགས་རིམ་གསང་བའི་དེ་ཁོ་ན་ཉིད་གསལ་བ། རིམ་པ་བཞི་པ། དཔྱིད་ཀྱི་ཐིག་ལེ་སྟེ་དྲུག་དང༌། མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་རྐང་པ་ཞེ་བརྒྱད་པ་བོད་སྐད་དུ་བསྒྱུར་བ། དཀྱིལ་འཁོར་གྱི་ཆོ་ག སྦྱིན་སྲེག་གི་ཆོ་ག གཏོར་མའི་ཆོ་ག མཎྜལ་གྱི་ཆོ་ག རྡོ་རྗེ་རྣལ་འབྱོར་མ་མཆོད་པའི་ཆོ་ག་རྣམས་ཛ་ཡ་སེ་ནས་མཛད་པ། མངོན་བརྗོད་བླ་མའི་རྒྱུད་ཀྱི་འགྲེལ་པ་ཤུ་རཾ་ག་ཝརྨས་མཛད་པ། གསང་འདུས་སྒྲོན་གསལ་གྱི་འགྲེལ་བཤད་ཨཱརྻ་དེ་ཝས་མཛད་པ། སྒྲོན་གསལ་གྱི་མདོར་བཤད་སྙིང་གི་མེ་ལོང་ཀུ་མཱ་རས་མཛད་པ། སྒྲོན་གསལ་གྱི་དཀའ་བ་བཏུས་པའི་འགྲེལ་པ་ལེགས་ལྡན་བྱེད་ཀྱིས་མཛད་པ། གསང་འདུས་རྒྱུད་ཕྱི་མའི་འགྲེལ་པ་གསང་བའི་སྒྲོན་མེ་སྙན་གྲགས་བཟང་པོས་མཛད་པ་རྣམས་བཞུགས། ཚ་པ་ལ། གསང་འདུས་ཀྱི་རྒྱུད་གྱི་འགྲེལ་པ་སྒྲོན་གསལ་ཟླ་བ་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། སྒྲོན་གསལ་གྱི་འགྲེལ་བཤད་སྐལ་ལྡན་གྲགས་པས་མཛད་པའི་ལེའུ་གཉིས་པ་ཡན་ཆད་བཞུགས། ཛ་པ་ལ། འགྲེལ་པའི་སྨད་ལེའུ་བཅུ་བདུན་པ་ཡན་ཆད་ཡོངས་སུ་རྫོགས་པ་ཀུ་མཱ་རའི་འགྱུར། གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་རྡོ་རྗེ་བཞད་པས་མཛད་པ་བཻ་རོ་ཙ་ནའི་འགྱུར་རྣམས་བཞུགས་སོ། །ཝ་པ་ལ། གསང་འདུས་ལེའུ་བཅོ་བརྒྱད་པའི་དཀའ་འགྲེལ་རྒྱལ་བས་བྱིན་གྱིས་མཛད་པ། གསང་འདུས་ཀྱི་རྒྱུད་ལེའུ་བཅུ་བདུན་པའི་འགྲེལ་པ་དྲི་མེད་སྦས་པས་མཛད་པ། ལེའུ་བཅོ་བརྒྱད་པའི་འགྲེལ་པ་དེའི་སློབ་མ་ཟླ་འོད་ཀྱིས་མཛད་པ་དར་མ་གྲགས་ཀྱིས་འགྱུར་རྣམས་བཞུགས། ཞ་པ་ལ། གསང་འདུས་ཀྱི་བཤད་སྦྱར་སྙིམ་པའི་མེ་ཏོག་སློབ་དཔོན་ཤཱནྟི་པས་མཛད་པ་འགོས་ཀྱི་འགྱུར། གསང་འདུས་རྒྱུད་ཕྱི་མ་དང་བཅས་པའི་འགྲེལ་པ་གཅིག་རྣམས་བཞུགས། ཟ་པ་ལ། གསང་འདུས་ཀྱི་འགྲེལ་པ་རིན་ཆེན་ལྗོན་ཤིང་སློབ་དཔོན་ཙི་ལུ་པས་མཛད་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། གསང་འདུས་འགྲེལ་པ་རབ་ཞི་ཡེ་ཤེས་ཀྱིས་མཛད་པ། གསང་འདུས་ཀྱི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པ། གསང་འདུས་ཀྱི་དཀའ་འགྲེལ་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས། འ་ཡ་ར་གསུམ་ལ། གསང་འདུས་ཀྱི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་པཎྜི་ཏ་འཕྲ་ལ་རས་ཀྱི་འགྱུར་བཞུགས། འགྲེལ་པ་འདི་པཎྜི་ཏ་འཕྲ་ལ་རས་འཕོ་བ་གྲོང་འཇུག་བྱས་པས། རོང་པ་ཆོས་བཟངས་སུ་སྐྱེས། དེས་རྡོལ་ཆོས་མང་པོ་བརྩམས་པའི་ནང་ནས་འདི་ཡང་ཁོང་གིས་བརྩམས་ཆོས་ཡིན་ནོ། །ལ་པ་ལ། ལྷ་མོ་བཞིས་ཞུས་ཀྱི་རྒྱུད་ཀྱི་ཊཱི་ཀ་སྨྲྀ་ཏིས་མཛད་པ། ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པ་ཡེ་ཤེས་སྙིང་པོས་མཛད་པ་སྨྲྀ་ཏིའི་འགྱུར། གསང་འདུས་ཀྱི་དཀྱིལ་ཆོག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གསང་འདུས་ཀྱི་དཀྱིལ་ཆོག་ཉི་ཤུ་པ་ཀླུའི་བྱང་ཆུབ་ཀྱིས་མཛད་པ་པ་ཚབ་ཀྱི་འགྱུར། གསང་འདུས་ཀྱི་དཀྱིལ་ཆོག་ནག་པོ་དམ་ཚིག་རྡོ་རྗེས་མཛད་པ་འགོས་ཀྱི་འགྱུར། གསང་འདུས་ཀྱི་དཀྱིལ་ཆོག་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་རྗེ་ས་པཎ་གྱི་འགྱུར། སྒྲུབ་ཐབས་མདོར་བྱས་མདོ་དང་བསྲེས་པ་རྣམས་ཀླུ་སྒྲུབ་ཀྱིས་མཛད་པ་པ་ཚབ་ཀྱི་འགྱུར། རྣམ་གཞག་རིམ་པ་ཀླུའི་བྱང་ཆུབ་ཀྱིས་མཛད་པ། རྫོགས་རིམ་རིམ་པ་ལྔ་པ་ཀླུ་སྒྲུབ་ཀྱིས་མཛད་པ་པ་ཚབ་ཀྱི་འགྱུར། སྤྱོད་བསྡུས་སྒྲོན་མེ་ཨཱརྻ་དེ་བས་མཛད་པ། བདག་བྱིན་གྱིས་བརླབས་པའི་རིམ་པ་ཨཱརྻ་དེ་བས་མཛད་པ། མངོན་པར་བྱང་ཆུབ་པའི་རིམ་པ་རོ་སྲེག་གི་ཆོ་ག་རྣམས་ཨཱརྻ་དེ་བས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རིམ་པ་ལྔའི་འགྲེལ་པ་དོན་གསལ་ཀླུ་བྱང་གིས་མཛད་པ། རིམ་པ་ཁོངས་སུ་བསྡུ་བ་ཀླུ་བྱང་གིས་མཛད་པ་པ་ཚབ་ཀྱི་འགྱུར། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར་རྣམས་བཞུགས་སོ། །ཤ་པ་ལ། རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བ་ཀླུ་བྱང་གིས་མཛད་པར་གྲགས་པ་གཞོན་ནུ་ཚུལ་ཁྲིམས་ཀྱིས་འགྱུར། འཇམ་རྡོར་གྱི་སྒྲུབ་ཐབས་དཔེ་མེད་རྡོ་རྗེས་མཛད་པ་རིན་ཆེན་བཟང་པོའི་འགྱུར། མདོར་བྱས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཤཱནྟི་པས་མཛད་པ་ཀརྨ་བཛྲ་གྱི་འགྱུར། དབང་བཞིའི་རབ་ཏུ་འབྱེད་པ་ཀླུ་སྒྲུབ་ཀྱིས་མཛད་པ་འགོས་ཀྱིས་འགྱུར། གསང་འདུས་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཟླ་བ་གྲགས་པས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཟླ་གྲགས་ཀྱིས་མཛད་པ་གཞོན་ནུ་འབར་གྱི་འགྱུར། དེའི་འགྲེལ་པ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་བ་རིའི་འགྱུར། རྡོ་རྗེ་སེམས་དཔའི་མཆོད་ཆོག་ནག་པོ་པས་མཛད་པ་འགོས་ཀྱིས་འགྱུར། གཏོར་མའི་ཆོ་ག་ནག་པོ་པས་མཛད་པ། གསང་འདུས་མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་བཞད་པས་མཛད་པ། དེའི་འགྲེལ་པ་བདེ་བ་ཆེན་པོའི་སྒྲུབ་ཐབས་ཀྱི་འགྲེལ་པ་བི་མ་ལ་གརྦྷས་མཛད་པ། རྡོ་རྗེ་འཆང་གི་མན་ངག་བདུད་རྩི་གསང་བ་སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས་མཛད་པ་རྣམས་བཞུགས་སོ། །ས་པ་ལ། གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་དང་དེའི་འགྲེལ་པ་སློབ་དཔོན་ཤཱནྟི་པས་མཛད་པ། དབང་གི་རབ་དབྱེ་ངག་གི་དབང་ཕྱུག་གྲགས་པས་མཛད་པ། དཀྱིལ་འཁོར་འབྲི་བའི་ཆོ་ག་བསོད་སྙོམས་པས་མཛད་པ། དགའ་བའི་རྡོ་རྗེས་མཛད་པ། འཇམ་རྡོར་གྱི་སྒྲུབ་ཐབས་ཀུན་དུ་བཟང་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དེའི་འགྲེལ་པ་ཐ་ག་ནས་མཛད་པ། སྒྲུབ་ཐབས་ཀུན་བཟང་གི་འགྲེལ་པ་དཔལ་འབྲས་རྡོ་རྗེས་མཛད་པ། འཇམ་དབྱངས་ཀྱི་ཞལ་ལུང་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དེའི་འགྲེལ་པ་བི་ཏ་པ་ཏས་མཛད་པ། ཞལ་ལུང་ཆུང་བ། ཤཱཀྱ་བཤེས་གཉེན་གྱིས་མཛད་པ། བདག་གྲུབ་པ། གྲོལ་བའི་ཐིག་ལེ། གྲོལ་ཐིག་གི་འགྲེལ་པ་སྨན་ཞབས་ཀྱིས་མཛད་པ། ཡན་ལག་བདུན་པ་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྣམས་བཞུགས། ཧ་པ་ལ། འཇམ་རྡོར་གྱི་སྒྲུབ་ཐབས་ཀུན་དུ་བཟང་པོ་ཡེ་ཤེས་ཞབས་ཀྱིས་མཛད་པ་སྨྲྀ་ཏིའི་འགྱུར། དེའི་འགྲེལ་པ་སྙིང་པོ་སྙེ་མ་ཀུན་ཏུ་བཟང་པོས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། ཧེ་རུ་ཀའི་སྒྲུབ་ཐབས་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དེའི་འགྲེལ་པ་གསང་འདུས་སྒྲུབ་ཐབས་དངོས་གྲུབ་འབྱུང་བའི་གཏེར་སྨན་ཞབས་ཀྱིས་མཛད་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། སྦྱོར་བ་བདུན་པ་བི་ཏ་པ་ཏས་མཛད་པ། མི་ཤིགས་པའི་སྒྲུབ་ཐབས་བི་ཏ་པ་ཏས་མཛད་པ། བདག་གིས་དོན་གྲུབ་པ་བི་ཏ་པ་ཏས་མཛད་པ། བསྟན་པའི་ནོར་རྫས་རཏྣ་ཀཱིརྟིས་མཛད་པ། མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་རིན་ཆེན་རྡོ་རྗེས་མཛད་པ། གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འཇམ་རྡོར་གྱི་མངོན་རྟོགས་བསོད་སྙོམས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གཤིན་པོ་བདེ་བ་ལ་འགོད་པའི་ཆོ་ག་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། ཨརྒྷའི་ཆོ་ག་སྣང་བྱེད་ཟླ་བས་མཛད་པ། གསང་འདུས་སྦྱིན་སྲེག་གི་ཆོ་ག་རབ་འཇིགས་རྡོ་རྗེས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འཇམ་རྡོར་གྱི་སྒྲུབ་ཐབས་ཀུན་ཏུ་བཟང་པོས་མཛད་པ། འཇམ་རྡོར་གྱི་སྒྲུབ་ཐབས་རྒྱལ་བས་བྱིན་གྱིས་མཛད་པ། འཇམ་རྡོར་གྱི་སྒྲུབ་ཐབས་པུཎྱ་ཤྲཱིས་མཛད་པ་གཞོན་ནུ་འབར་གྱི་འགྱུར། ཁྲོ་བོ་བཅུའི་གཏོར་མའི་ཆོ་ག རབ་གནས་ཀྱི་ཆོ་ག མི་འཇིགས་པའི་ཕྱག་གིས་མཛད་པ་རྣམས་བཞུགས་སོ། །ཨ་པ་ལ། དགྲ་ནག་གི་རྒྱུད་ཀྱི་འགྲེལ་པ་ནག་པོ་པས་མཛད་པ་པྲཛྙཱ་ཤྲཱིའི་འགྱུར། དགྲ་ནག་གི་རྒྱུད་ཀྱི་འགྲེལ་པ་གྲུབ་ཆེན་དཔལ་འཛིན་གྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དགྲ་ནག་གི་དཀྱིལ་ཆོག གཤིན་རྗེའི་གཤེད་འབྱུང་བ་ལ་ལི་ཏ་བཛྲས་མཛད་པ། དགྲ་ནག་གི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ། འཇམ་དཔལ་གསང་རྒྱུད་ཀྱི་དཀྱིལ་ཆོག སྦྱིན་སྲེག་གི་ཆོ་ག ཚོགས་འཁོར་གྱི་ཆོ་ག་རྣམས་ཀ་མ་ལས་མཛད་པ། དགྲ་ནག་གི་དཀྱིལ་ཆོག་དཔལ་འཛིན་གྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས། འཁོར་ལོའི་དོན་རྒྱས་པར་བཤད་པ་མི་བསྐྱོད་པས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དགྲ་ནག་གི་སྒྲུབ་ཐབས་ཀ་མ་ལ་རཀྵི་ཏས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དགྲ་ནག་གི་སྒྲུབ་ཐབས་ཉིན་མོར་བྱེད་པའི་གྲགས་པས་མཛད་པ་འགོས་ཀྱི་འགྱུར། དགྲ་ནག་གི་སྒྲུབ་ཐབས་མདོར་བསྡུས་པ། གཤིན་རྗེ་ནག་པོ་དུས་མཐར་ཕྱིན་པའི་སྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ། རྣམ་སྣང་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་རིན་འབྱུང་གཤིན་རྗེ་གཤེད། འདོད་ཆགས་གཤིན་རྗེ་གཤེད། གཤིན་རྗེའི་གཤེད་རྡོ་རྗེ་རྣོན་པོ། རྡོ་རྗེ་སེམས་མ། རྡོ་རྗེ་མཁའ་འགྲོ་མ། རྡོ་རྗེ་དབྱངས་ཅན་མ། རྡོ་རྗེ་གོ་རི་རྣམས་ཀྱི་སྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ་རེ་རེ། གཤིན་རྗེ་གཤེད་མཆོད་པའི་ཆོ་ག གཤིན་རྗེའི་གཤེད་ནག་པོའི་སྒྲུབ་ཐབས། ཐོ་བ་གཤིན་རྗེའི་གཤེད། དབྱུག་པ་གཤིན་རྗེའི་གཤེད། རལ་གྲི་གཤིན་རྗེའི་གཤེད། པདྨ་གཤིན་རྗེའི་གཤེད། ཤེས་རབ་རྣམས་ཀྱི་སྒྲུབ་ཐབས། དགྲ་ནག་གི་འཁོར་ལོའི་སྒྲུབ་ཐབས་ཤེས་རབ་བླ་མའི་འགྱུར། གཤིན་རྗེ་གཤེད་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀླུའི་བྱང་ཆུབ་ཀྱིས་མཛད་པ། རྟོག་པ་གསུམ་པར་གྲགས་པའི་མན་ངག གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གཞོན་ནུ་འབྱུང་གནས་སྦས་པས་མཛད་པ། དགྲ་ནག་གི་སྒྲུབ་ཐབས་རྡོ་རྗེའི་བློས་མཛད་པ། འཇིགས་བྱེད་རྟོག་བདུན་གྱི་འགྲེལ་པ་མི་བསྐྱོད་པས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱིས་འགྱུར། རྟོག་བདུན་གྱི་མདོར་བཤད་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རྟོག་བདུན་གྱི་དཀའ་འགྲེལ་གཞོན་ནུ་ཟླ་བས་མཛད་པ་བ་རི་བའི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་ཆོག་ཨ་མོ་གྷ་བཛྲས་མཛད་པ། འཇིགས་བྱེད་ལྷ་བཞི་བཅུ་ཞེ་དགུ་པའི་སྒྲུབ་ཐབས་ལ་ལི་ཏ་བཛྲས་མཛད་པ་ཤེས་རབ་བརྩེགས་ཀྱི་འགྱུར། འཇིགས་བྱེད་ཀྱི་སྦྱིན་སྲེག་ཨ་མོ་གྷས་མཛད་པ། འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་འཇམ་པའི་དབྱངས་ཀྱིས་མཛད་པ་རྡོ་རྗེ་གྲགས་ཀྱི་འགྱུར། འཇིགས་བྱེད་ཀྱི་སྒྲུབ་ཐབས་ཤྲཱི་བྷ་དྲས་མཛད་པ། འཇིགས་བྱེད་ཀྱི་བསྙེན་སྒྲུབ་ཀྱི་ཆོ་ག ཞི་བ་ཡེ་ཤེས་ཀྱིས་མཛད་པ། ལས་སྦྱོར་དྲག་པོ་ཕྱོགས་གཅིག་པ་ཞི་བ་ཡེ་ཤེས་ཀྱིས་མཛད་པ། འཇིགས་བྱེད་ལྷ་བཅུ་བདུན་མའི་སྒྲུབ་ཐབས་དོན་ཡོད་རྡོ་རྗེས་མཛད་པ། འཇིགས་བྱེད་ཀྱི་བསྟོད་པ་ལས་ཀྱི་རྒྱལ་པོས་མཛད་པ། མགོན་པོ་མངོན་འབྱུང་གི་དཀྱིལ་ཆོག་ས་མནྟ་ཤྲཱིས་མཛད་པ་ཆོས་རབ་ཀྱི་འགྱུར། སྦྱིན་སྲེག་གི་ཆོ་ག་ས་མནྟ་ཤྲཱིས་མཛད་པ་ཆོས་རབ་ཀྱི་འགྱུར། གཤེད་དམར་བཅུ་གསུམ་མའི་དཀྱིལ་ཆོག་དཔལ་འཛིན་གྱིས་མཛད་པ་ཆག་གི་འགྱུར། གཤེད་དམར་ལྷ་ལྔའི་སྒྲུབ་ཐབས་བི་རཱུ་པས་མཛད་པ་དཱ་ན་ཤཱི་ལའི་འགྱུར། གཤེད་དམར་བཅུ་གསུམ་མའི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་ཆག་ལོའི་འགྱུར། གཤེད་དམར་ལྷ་ལྔའི་སྒྲུབ་ཐབས་བློ་གྲོས་བཟང་པོས་མཛད་པ་ཆག་གི་འགྱུར། གཤིན་རྗེ་གཤེད་དམར་འཁྲུལ་འཁོར་གྱི་གསལ་བྱེད་དུས་འཁོར་ལུགས། གཤེད་དམར་འཁོར་ལོའི་གསལ་བྱེད་བྱང་ཆུབ་སྙིང་པོས་མཛད་པ་དཔྱལ་ལོའི་འགྱུར། ཏིང་ངེ་འཛིན་གྱི་ཆོ་ག་དཔལ་འཛིན་གྱིས་མཛད་པ། གཏོར་མའི་ཆོ་ག་དཔལ་འཛིན་གྱིས་མཛད་པ། གཤེད་དམར་གཙོ་བོ་རྐྱང་པའི་སྒྲུབ་ཐབས་རྣམ་སྣང་སྲུང་བས་མཛད་པ། གཙོ་བོ་རྐྱང་པའི་སྒྲུབ་ཐབས་བིརྺ་པས་མཛད་པ། གཏོར་མའི་ཆོ་ག་བིརྺ་པས་མཛད་པ། མཆོད་པའི་ཆོ་ག་དཔལ་འཛིན་གྱིས་མཛད་པ། ལས་ཚོགས་ཀྱི་སྒྲུབ་ཐབས་དཔའ་བོ་རྒྱལ་པོས་མཛད་པ། འཁྲུལ་འཁོར་གྱི་ཕྲེང་བ་བིརྺ་པས་མཛད་པ་དཱ་ན་ཤཱི་ལའི་འགྱུར། གཏོར་མའི་ཆོ་ག་བློ་བཟང་སྙིང་པོས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། འདི་རྒྱ་དཔེ་འཁྲུགས་པ་ལས་བསྒྱུར་འདུག་གོ །གཤེད་དམར་གྱི་ལས་ཚོགས་ཀྱི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ། གཤེད་དམར་གྱི་མཎྜལ་གྱི་ཆོ་ག་དཔལ་འཛིན་གྱིས་མཛད་པ་རྣམས་བཞུགས། ཀི་པ་ལ། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཆག་ལོའི་འགྱུར། སྒྲུབ་ཐབས་རྫོགས་པའི་རྣལ་འབྱོར་ཆག་ལོའི་འགྱུར། སྦྱིན་སྲེག་འོད་ཀྱི་སྙེ་མ་ཆག་ལོའི་འགྱུར། དབང་གི་རབ་བྱེད་ཨ་བྷ་ཡས་མཛད་པ་ཤེས་རབ་དཔལ་གྱི་འགྱུར། རྡོ་རྗེ་དབྱིངས་བླ་མེད་དུ་བཤད་པ། བྱ་བ་བསྡུས་པ་རིག་སྦྱིན་གྱིས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་བརྗོད་དཔའ་བོ་འོད་གསལ་གྱིས་བསྡུས་པ། སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཐུབ་པས་བྱིན་གྱིས་མཛད་པ། གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས་སོ། །ཁི་པ་ལ། དོ་ཧ་མཛོད། སྤྱོད་པའི་གླུ་ས་ར་ཧས་མཛད་པ། མི་ཟད་པའི་གཏེར་མཛོད་ཀྱི་གླུ་ས་ར་ཧས་མཛད་པ། དོ་ཧ་མཛོད་ཀྱི་དཀའ་འགྲེལ་གཉིས་མེད་རྡོ་རྗེས་མཛད་པ། ནག་པོ་རྡོ་རྗེའི་དོ་ཧ་མཛོད། དེའི་འགྲེལ་པ་པཎྜི་ཏ་འོད་དཔག་མེད་ཀྱིས་མཛད་པ། མི་ཟད་པའི་གཏེར་མཛོད་ཀྱི་གླུའི་འགྲེལ་པ་གཉིས་མེད་རྡོ་རྗེས་མཛད་པ། ཀ་ཁའི་དོ་ཧ་ས་ར་ཧས་མཛད་པ་བཻ་རོ་ཙ་ནའི་འགྱུར། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་གླུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ་མར་མེ་མཛད་ཀྱིས་མཛད་པ། དེའི་འགྲེལ་པ་མར་མེ་མཛད་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདི་རྣམས་ལ་དོ་ཧ་མཛོད། དེ་ཁོ་ན་ཉིད་རྣལ་འབྱོར་དུ་མཚོན་པ། དོན་དམ་པའི་ཡི་གེ་ཅེས་པའི་མཚན་དང་ལྡན་པའི་དོ་ཧ་མཛོད་དང༌། མར་མེ་མཛད་ཀྱིས་རྡོ་རྗེ་གདན་གྱི་གླུ་ཞེས་པ་གཉིས་མ་གཏོགས་གཞན་རྣམས་བལ་པོ་སྐྱེ་མེད་མཛོད་ཀྱིས་བྱས་ནས། ས་ར་ཧ་ལ་ཁ་གཡར་བ་ཡིན་ནོ། །ཞེས་མཁས་པ་རྣམས་གསུང་ངོ༌། །རྫོགས་རིམ་གྱི་གཞུང་རྣམ་པར་དག་པ་ལ། གསང་བ་གྲུབ་པ་པདྨ་བཛྲས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐབས་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ་འགོས་ཀྱིས་འགྱུར། ཡེ་ཤེས་གྲུབ་པ་ཨིནྡྲ་བྷཱུ་ཏིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གཉིས་མེད་གྲུབ་པ་ལྕམ་ལེགས་སྨིན་གྱིས་མཛད་པ། དེ་ཁོ་ན་ཉིད་གྲུབ་པ་རྣལ་འབྱོར་པ་ཙིནྟོས་མཛད་པ་འགོས་ཀྱི་འགྱུར། དཔལ་ཁོ་ན་ཉིད་གྲུབ་པ་ཀེ་ར་རི་པས་མཛད་པ། ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འགྲེལ་ལྕམ་དཔལ་མོས་མཛད་པ་ཤེས་རབ་གྲགས་ཀྱི་འགྱུར་རྣམས་ལ། གྲུབ་པ་དང་སྙིང་པོའི་ཆོས་སྐོར་ཞེས་གྲགས་སོ། །སློབ་དཔོན་མཻ་ཏྲི་པའི་གཞུང༌། ཨ་མ་ན་སེའི་ཆོས་སྐོར་ལ། ལྟ་བ་ངན་སེལ་མཻ་ཏྲིས་མཛད་པ། ལྟ་བ་ངན་སེལ་གྱི་དྲན་པ། དེ་ཁོ་ན་ཉིད་ཀྱི་མན་ངག་རིན་པོ་ཆེའི་ཕྲེང་བ། རྨི་ལམ་ངེས་བསྟན། སྒྱུ་མ་ངེས་བསྟན། དབུ་མ་དྲུག་པ། རབ་ཏུ་མི་གནས་པ། གསལ་བར་སྟོན་པ། དེ་ཁོ་ན་ཉིད་བཅུ་པ། དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པ། ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ། ཐེག་ཆེན་ཉི་ཤུ་པ། རང་བཞིན་ལྔ་པ། ཕྱག་རྒྱ་ལྔའི་རྣམ་པར་བཤད་པ། དབང་དེར་བརྟད། དབང་བསྐུར་ངེས་པར་བསྟན་པ། དེའི་དཀའ་འགྲེལ་དགའ་བ་སྐྱོང་གིས་མཛད་པ། བདེ་ཆེན་གསལ་བ། དེ་ཁོ་ན་ཉིད་ཉི་ཤུ་པ། དེ་ཁོ་ན་ཉིད་རབ་ཏུ་བསྟན་པ། ཟུང་འཇུག་གསལ་བ། ལྷན་ཅིག་སྐྱེས་དྲུག་པ། མི་ཕྱེད་པ་ལྔ་པ། བརྩེ་བ་ལྔ་པ། དགའ་གཅུགས་ལྔ་པ། དབང་གི་དགོས་པ་མདོར་བསྡུས་པ། ཡིད་ལ་མི་ཕྱེད་པ་སྟོན་པ། ཤེས་རབ་ཡེ་ཤེས་གསལ་བ་དེ་ཝ་ཙནྡྲས་མཛད་པ་རྣམས་སོ། །རྡོ་རྗེའི་ཚིག་བརྟག་གཉིས་ལས་བཏུས་པ་བཛྲ་པཱ་ཎིས་མཛད་པ། དཔའ་བོ་ཆེན་པོ་རིམ་པ་གསུམ་པ། གསང་དབང་གི་རབ་ཏུ་བྱེད་པ། སྒོམ་རིམ་དྲུག་པ། བླ་མ་བརྒྱུད་པའི་རིམ་པའི་མན་ངག དེ་ཁོ་ན་ཉིད་ཀྱི་མན་ངག་དྷ་རི་ཀ་པས་མཛད་པ་འགོས་ཀྱི་འགྱུར། ལྷན་ཅིག་སྐྱེས་གྲུབ་ཌོམྦི་པས་མཛད་པ། བྱང་ཆུབ་སེམས་འགྲེལ་ཀླུ་སྒྲུབ་ཀྱིས་མཛད་པ་ཉི་མ་གྲགས་ཀྱིས་འགྱུར། སེམས་ཀྱི་སྒྲིབ་སྦྱོང་འཕགས་པ་ལྷས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཕྱག་རྒྱ་བཞི་རྗེས་སུ་བསྟན་པ་ཀླུ་སྒྲུབ་ཀྱིས་མཛད་པ། བསམ་མི་ཁྱབ་པའི་མན་ངག་དཔལ་ཏོག་ཙེ་པས་མཛད་པ་འགོས་ཀྱིས་འགྱུར་རྣམས་བཞུགས། གི་པ་ལ། ཨུ་རྒྱན་སྒྲོལ་མའི་སྒྲུབ་ཐབས། དབང་བསྐུར་གྱི་ཆོ་ག མཆོད་པའི་ཆོ་ག གཏོར་མའི་ཆོ་ག །གཏོར་མའི་ཆོ་ག་ཉུང་ངུ༌། ཨུ་རྒྱན་སྒྲོལ་མ་ལ་བསྟོད་པ། བསྟོད་པ་རྒྱས་པ། དེ་ཁོ་ན་ཉིད་ཀྱི་མན་ངག་དེའི་འགྲེལ་པ་རྣམས་ཤེས་རབ་རྒྱལ་མཚན་གྱི་འགྱུར། ཨུ་རྒྱན་སྒྲོལ་མ་དཔའ་མོ་གཅིག་པའི་སྒྲུབ་ཐབས། རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་མ་ཎི་ཀས་མཛད་པ། རིགས་ཀྱི་འཇིག་རྟེན་མགོན་པོའི་བྱིན་རླབས་ཀྱི་ཆོ་ག་བི་མ་ལ་མེ་ཏྲིས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་མ་ཧི་མས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྒྱལ་བ་མཆོག་དབྱངས་ཀྱིས་འགྱུར། བྱམས་པའི་སྒྲུབ་ཐབས་ཐོགས་མེད་ཀྱིས་མཛད་པ་དགེ་བཤེས་སྟོན་པའི་འགྱུར། ཕྱག་ན་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་བྷ་ཝ་པས་མཛད་པར་གྲགས་པ། ཕྱག་ན་རྡོ་རྗེའི་དཀྱིལ་ཆོག་བྷ་ཝ་པས་མཛད་པ། ཕྱག་རྡོར་གྱི་སྒྲུབ་ཐབས་གོས་སྔོན་ཅན་གྱི་སྒྲུབ་ཐབས། གཏོར་མའི་ཆོ་ག ཚོགས་འཁོར་གྱི་ཆོ་ག སྦྱིན་སྲེག་གི་ཆོ་ག དྲག་པོའི་སྦྱིན་སྲེག མཎྜལ་ཆོ་ག་རྣམས་བྷ་ཝ་པས་མཛད་པར་གྲགས་པ། རྡོ་རྗེ་སྙིང་པོའི་མན་ངག་ཛྙཱ་ན་ཤྲཱིས་མཛད་པ་རྣམས་དང༌། སྒྲུབ་ཐབས་ཀུན་ལས་བཏུས་སམ་སྒྲུབ་ཐབས་རྒྱ་མཚོ་ཞེས་གྲགས་པ་ཡར་ལུང་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ལ། སྒྲུབ་ཐབས་ཉིས་བརྒྱ་དང་བཞི་བཅུ་ཞེ་དྲུག་ཡོད་པ། བླ་མ་བ་རི་ལོཙྪ་བས་བསྒྱུར་བའི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་ལ་སྒྲུབ་ཐབས་དགུ་བཅུ་གོ་དྲུག་བཞུགས་པ། ཕྱག་རྡོར་གྱི་སྒྲུབ་ཐབས་ཛ་ཝ་རི་པས་མཛད་པ། དོན་ཞགས་ལྷ་ལྔའི་སྒྲུབ་ཐབས་ཨེ་ར་པ་ཏིས་མཛད་པ། བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་དགེ་སློང་མ་དཔལ་མོས་མཛད་པ་རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས། ངི་པ་ལ། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ། འཇམ་དཔལ་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འགྲེལ་པ་དེའི་དཀྱིལ་ཆོག་གིས་སྐབས་ནག་འཇམ་ཟུར་དུ་ཕྱུང་བ། མཚན་བརྗོད་ཀྱི་འགྲེལ་ཆུང་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། མཚན་བརྗོད་ཀྱི་འགྲེལ་པ་སྔགས་དོན་རྣམ་གཟིགས་སྒེག་པའི་རྡོ་རྗེས་མཛད་པ་ཤེས་རབ་བརྩེགས་ཀྱི་འགྱུར། རྣལ་འབྱོར་གྱི་མཚན་ཉིད་ལྡན་པ་བྱང་ཆུབ་བཟང་པོའི་མཛད་པ། བྱང་ཆུབ་སེམས་ཀྱི་བསྒོམ་དོན་བཅུ་གཉིས་པ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྣམས་བཞུགས། ཅི་པ་ལ། དེ་ཉིད་འདུས་པའི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་དེ་ཉིད་སྣང་ཆེན་ལ། དུམ་བུ་དང་པོའི་བསྟོད་འགྲེལ། རིན་ཆེན་བཟང་པོའི་འགྱུར་བ་དང༌། དུམ་བུ་ལྷག་མ་གསུམ་གྱི་འགྲེལ་པ་ཟངས་དཀར་ལོཙྪ་བས་བསྒྱུར་བ་ལས་དུམ་བུ་གཉིས་པའི་འགྲེལ་པའི་སྟོད་ཡན་ཆད་བཞུགས། ཆི་པ་ལ། དེ་ཉིད་སྣང་ཆེན་གྱི་སྨད་ཡོངས་སུ་རྫོགས་པ་དང༌། དེ་ཉིད་བསྡུས་པའི་འགྲེལ་པ། ཀོ་ས་ལའི་རྒྱན་གྱི་སྟོད་བཞུགས། ཇི་པ་ལ། ཀོ་ས་ལའི་རྒྱན་གྱི་སྨད་ཡོངས་སུ་རྫོགས་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར་བཞུགས། ཉི་པ་ལ། དཔལ་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བའི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ལས། དུམ་བུ་དང་པོའི་འགྲེལ་པ་རིན་ཆེན་བཟང་པོའི་འགྱུར་དང༌། དུམ་བུ་གཉིས་པའི་འགྲེལ་པ་བཞུགས། ཏི་པ་ལ། དུམ་བུ་གསུམ་པ་དང་བཞི་པའི་འགྲེལ་པ་ཡོངས་སུ་རྫོགས་པ་སྟེ། དུམ་བུ་འོག་མ་གསུམ་པོ། མཎྜལ་ཏི་ལ་ཀ་དང་ལྷ་བླ་མའི་འགྱུར་བཞུགས། ཐི་པ་ལ། དཔལ་མཆོག་ཤེར་དུམ་གྱི་འགྲེལ་པ་རིན་ཆེན་བཟང་པོའི་འགྱུར། སྦྱོང་རྒྱུད་ཀྱི་འགྲེལ་པ་གསལ་བའི་སྒྲོན་མེ་ཀུན་དགའ་སྙིང་པོས་མཛད་པར་གྲགས་པ། ཁྱུང་པོ་ཆོས་བརྩོན་གྱིས་འགྱུར། སྦྱོང་རྒྱུད་ཀྱི་འགྲེལ་པ་མཛེས་རྒྱན་རྡོ་རྗེ་གོ་ཆས་མཛད་པར་གྲགས་པ་རྣམས་བཞུགས། དི་པ་ལ། དེ་ཉིད་བསྡུས་པའི་དོན་འགྲེལ་ཨ་ཝ་ཏ་ར་སངས་རྒྱས་གསང་བས་མཛད་པ། ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ཀྱི་འགྲེལ་པ་མུར་ཀྟི་ཀ་ཀོ་ཀས་མཛད་པ། རྡོར་དབྱིངས་ཀྱི་དཀྱིལ་ཆོག་རྡོ་རྗེ་འབྱུང་བ་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་འབྱུང་བའི་དཀའ་འགྲེལ་མུ་ཧནྟྲ་བྷ་དྲས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱིས་འགྱུར། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་ཀུན་དགའ་སྙིང་པོས་མཛད་པ་རིན་ཆེན་བཟང་པོའི་འགྱུར། དཔལ་མཆོག་རྡོ་རྗེ་སེམས་དཔའི་དཀྱིལ་ཆོག་ཀུན་དགའ་སྙིང་པོས་མཛད་པ་རྣམས་བཞུགས། ནི་པ་ལ། གཙུག་དགུའི་དཀྱིལ་ཆོག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། མཆོད་རྟེན་བསྒྲུབ་པའི་ཆོ་ག་ཞི་བ་སྙིང་པོས་མཛད་པ། སེམས་དཔའ་འབྱུང་བ་ཆུང་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་དགེ་བློའི་འགྱུར། གཙུག་དགུའི་ཆོ་ག་ས་ར་ཧི་ཏས་མཛད་པ། རོ་སྦྱོང་བའི་ཆོ་ག་བསྐལ་བཟང་དགའ་བས་མཛད་པ། སྦྱིན་སྲེག་གི་ཆོ་ག་རབ་འབྱོར་སྐྱོང་གིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་ཆོས་རྣལ་འབྱོར་གཅིག་པའི་སྒྲུབ་ཐབས། དཔལ་ལྡན་རྒྱ་ཆེའི་དཀྱིལ་འཁོར་གྱི་ཆོ་ག རྡོ་རྗེ་ལྟ་བུའི་སྒྲུབ་ཐབས། ཀུན་ཏུ་བཟང་པོའི་སྦྱིན་སྲེག་གི་ཆོ་ག རབ་གནས་ཀྱི་ཆོ་ག རབ་གནས་ཀྱི་རྒྱལ་པོ། ཐུགས་རྗེ་འབྱུང་བའི་བསྒོམ་བཟླས་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ཛྙཱ་ན་མི་ཏྲས་མཛད་པ། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཀྱི་འགྲེལ་པ་པྲ་ཏི་ཝ་ན་ཙནྡྲས་མཛད་པ། བསམ་གཏན་ཕྱི་མའི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། གཙུག་ཏོར་གདུགས་དཀར་གྱི་འགྲེལ་པ་ཤུ་རངྒ་ཝརྨས་མཛད་པ་གྲགས་པ་ཤེས་རབ་ཀྱི་འགྱུར་རྣམས་བཞུགས། པི་པ་ལ། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་སློབ་དཔོན་གསང་བས་མཛད་པ། དཔུང་བཟང་གི་རྒྱུད་ཀྱིས་བསྡུས་དོན་གྱི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ། དཔུང་བཟང་གི་ཚིག་དོན་བཤད་པའི་བརྗེད་བྱང་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། ཀྲི་ཡ་ས་མུ་ཙྪའི་དཀྱིལ་འཁོར་གྱི་ཆོ་ག དརྦན་ཨཱ་ཙརྻས་མཛད་པ། ས་བཟང་ལོ་ཙྪ་བའི་འགྱུར་རྣམས་བཞུགས། ཕི་པ་ལ། དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ཀྱི་འགྲེལ་པ་ཤུ་པ་ཀ་རས་མཛད་པ་དཱ་ན་ཤཱི་ལའི་འགྱུར། རྡོ་རྗེ་རྣམ་འཇོམས་ཀྱི་འགྲེལ་པ་བི་མ་ལ་མི་ཏྲས་མཛད་པ། རྣམ་འཇོམས་ཀྱི་འགྲེལ་པ་པདྨ་འབྱུང་གནས་ཀྱིས་མཛད་པ། ལེགས་གྲུབ་ཀྱི་སྒྲུབ་ཐབས་བྱང་ཆུབ་མཆོག་གིས་མཛད་པ། དམ་ཚིག་གསུམ་བཀོད་པའི་སྒྲུབ་ཐབས་ཀུ་མུ་ཏ་ཨཱ་ཀ་རས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སོ་འབྲང་གི་འཁོར་ལོ་བྲི་ཐབས་ཤཱནྟི་པས་མཛད་པ། སོ་འབྲང༌། རྨ་བྱ་ཆེན་མོ། སྟོང་ཆེན་རབ་འཇོམས། གསང་སྔགས་རྗེས་འཛིན། བསིལ་བའི་ཚལ་རྣམས་ཀྱི་སྒྲུབ་ཐབས་ཆུང་ངུ་རེ་རེ། སོ་འབྲང་གི་ཆོ་ག་སུ་མ་ཏི་ཀཱིརྟིའི་མཛད་པ་དྷརྨཱ་ཀཱིརྟིས་འགྱུར། སོ་འབྲང་གི་འཁོར་ལོ་བྲི་ཚུལ། པཎྜི་ཏ་པུ་རུ་ཥོཏྟ་མ་ལས་ཉན་ཏེ། ཉི་མ་རྒྱལ་མཚན་གྱིས་བསྒྱུར་བ། སྲུང་བ་ལྔའི་ཆོ་ག་ཤཱནྟི་པས་མཛད་པ་བཀྲ་ཤིས་རྒྱལ་མཚན་གྱི་འགྱུར། སྲུང་བ་ལྔའི་ཆོ་ག་ཤཱནྟི་པས་མཛད་པ་ནམ་མཁའ་རྡོ་རྗེའི་འགྱུར། འདི་དང་གོང་མ་གཉིས་འགྱུར་ཁྱད་ཙམ་མ་གཏོགས་གཅིག་པར་སྣང་ངོ༌། །སོ་འབྲང་གི་ཆོ་ག་གཟུངས་ལས་བཏུས་པ་གོང་འོག་གཉིས། སྲུང་བ་ལྔའི་སྒྲུབ་ཐབས་ཛེ་ཏཱ་རིས་མཛད་པ་སེང་གེ་རྒྱལ་མཚན་གྱི་འགྱུར། སྲུང་བ་ལྔའི་ཆོ་ག་ཕྱེད་དང་ཉིས་བརྒྱ་པ་ཛེ་ཏཱ་རིས་མཛད་པ་སེང་གེ་རྒྱལ་མཚན་གྱི་འགྱུར། སོ་འབྲང་གི་འཁོར་ལོ་བྲི་ཚུལ་ཛེ་ཏཱ་རིས་མཛད་པ་བ་རི་བའི་འགྱུར། སོ་འབྲང་གི་འཁོར་ལོ་བྲི་ཚུལ་ཤཱནྟི་པས་མཛད་པ། སོ་འབྲང་གི་འཁོར་ལོ་བྲི་ཚུལ་ཡེ་ཤེས་ཞབས་ཀྱིས་མཛད་པ་ནམ་མཁའ་རྡོ་རྗེའི་འགྱུར། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ཀྱི་འགྲེལ་པ་རྡོ་རྗེ་གོ་ཆས་མཛད་པ་རིན་ཆེན་བཟང་པོའི་འགྱུར། རྣམ་འཇོམས་ཀྱི་དཀྱིལ་ཆོག་དྲུག་པ་ཤུ་རངྒ་ཝརྨས་མཛད་པ། རྣམ་འཇོམས་སྔོན་པོའི་ཆོས་སྐོར་ལ། གཙོ་བོ་རྐྱང་པའི་སྒྲུབ་ཐབས་གཾ་ག་དྷ་རས་མཛད་པ། ལྷ་བཅུ་དགུའི་ཆོ་ག་མ་ཎི་བཛྲས་མཛད་པ། རྣམ་འཇོམས་ལ་བསྟོད་པ། བུམ་པའི་ཆོ་ག སྦྱིན་སྲེག་གི་ཆོ་ག གཏོར་མའི་ཆོ་ག ལས་བཞི་བསྒྲུབ་པའི་ཆོ་ག ལས་བཞིའི་སྦྱིན་སྲེག ལས་བཞིའི་བུམ་ཆོག ལས་བཞིའི་འཁོར་ལོའི་ཆོ་ག ལས་བསྒྲུབ་པའི་གདམས་ངག ལས་སྣ་ཚོགས་བསྒྲུབ་པའི་ཆོ་ག་རྣམས་མ་ཎི་བཛྲས་མཛད་པ་རབ་ཞིའི་འགྱུར། རྣམ་འཇོམས་ཀྱི་ཁྲུས་ཀྱི་ཆོ་གའི་འགྲེལ་པ་རྡོ་རྗེ་གོ་ཆས་མཛད་པ། ལས་བཅོ་བརྒྱད་ཀྱི་སྒྲུབ་ཐབས་རྡོ་རྗེ་གོ་ཆས་མཛད་པ། སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་ཉི་མ་སྦས་པས་མཛད་པ་མལ་ཇོའི་འགྱུར། ཉི་ཤུ་རྩ་གཅིག་གི་ལས་ཀྱི་ཆོ་ག་ཉི་མ་སྦས་པས་མཛད་པ་མལ་ཇོའི་འགྱུར། སྒྲོལ་མའི་སྒྲུབ་ཐབས་བི་བྷཱུ་ཏི་ཙནྡྲས་མཛད་པ། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་ཤྲདྡྷཱ་ཀ་རས་མཛད་པ། ཨ་ར་པ་ཙ་ན་མཆོད་པའི་ཆོ་ག་ཉི་མ་རྒྱལ་མཚན་གྱི་འགྱུར། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་ཛེ་ཏཱ་རིའི་མཛོད་པ་གཞོན་ནུ་འབར་གྱི་འགྱུར། མི་འཁྲུགས་པ་ལྷ་དགུའི་སྒྲུབ་ཐབས་དཱི་པཾ་ཀ་རས་མཛད་པ། གཙོ་བོ་རྐྱང་པའི་སྒྲུབ་ཐབས་དཱི་པཾ་ཀ་རས་མཛད་པ། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་དཱ་ན་ཤཱི་ལས་མཛད་པ། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཚིགས་བཅད་དྲུག་པ། དཱ་ན་ཤཱི་ལས་མཛད་པའི་རྟོག་པ་བདུན་བརྒྱ་པའི་རྟ་མགྲིན་གྱི་སྒྲུབ་ཐབས་ཉི་མ་རྒྱལ་མཚན་གྱི་འགྱུར། རྟ་མགྲིན་ཕྱག་བརྒྱད་པའི་སྒྲུབ་ཐབས་ཙནྡྲ་གོ་མིས་མཛད་པ། རྟ་མགྲིན་ལྷ་ལྔའི་སྒྲུབ་ཐབས་པྲ་བྷ་ཀ་རས་མཛད་པ་ཐར་ལོའི་འགྱུར། རྟ་མགྲིན་ཕྱག་དྲུག་གི་སྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ། རྟ་མགྲིན་ཕྱག་བཞིའི་སྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པར་གྲགས་པ། རྣམ་འཇོམས་ཀྱི་སྒྲུབ་ཐབས་སངས་རྒྱས་གསང་བས་མཛད་པ་འཇམ་དཔལ་གོ་ཆའི་འགྱུར། གོས་སྔོན་ཅན་གཙོ་བོ་རྐྱང་པའི་སྒྲུབ་ཐབས་ཉིན་མཛད་རྡོ་རྗེས་མཛད་པ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག ཀླུ་སྒྲུབ་དང་འགྲོ་བཟང་སྙིང་པོའི་ལུགས་དོན་གཅིག་ཏུ་བཀོད་ཟེར་བ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་འགྲོ་བཟང་གིས་མཛད་པ་ཟངས་དཀར་གྱི་འགྱུར། གཏེར་མའི་ཆོ་ག ཀླུ་གཏོར་གྱི་ཆོ་ག ཚོགས་འཁོར་གྱི་ཆོ་ག་རྣམས་འགྲོ་བཟང་སྙིང་པོས་མཛད་པར་གྲགས་པ། རྣམ་སྲས་ཀྱི་སྒྲུབ་ཐབས་འགྲོ་བཟང་སྙིང་པོས་མཛད་པ་ཟངས་དཀར་གྱི་འགྱུར། རྣམ་སྲས་དྲག་བྱེད་ཀྱི་ཆོ་ག་འགྲོ་བཟང་སྙིང་པོས་མཛད་པ་ཟངས་དཀར་གྱི་འགྱུར། རྣམ་སྲས་དམར་པོའི་གསང་སྒྲུབ་དགའ་རབ་རྡོ་རྗེས་མཛད་པར་གྲགས་པ། རྣམ་སྲས་ལྗང་གུ་ལུས་ངན་པོའི་སྒྲུབ་ཐབས་དཔའ་བོ་རྡོ་རྗེས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། རྣམ་སྲས་ཀྱི་སྒྲུབ་ཐབས་ཤུ་རངྒ་ཝརྨས་མཛད་པར་གྲགས་པ་ཟངས་དཀར་གྱིས་འགྱུར། ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། ཛམྦྷ་ལ་ལྷ་དགུའི་སྒྲུབ་ཐབས་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། ནོར་རྒྱུན་མ་ལྷ་དགུའི་སྒྲུབ་ཐབས། ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་སྒེག་པའི་རྡོ་རྗེས་མཛད་པ་དཱ་ན་ཤཱི་ལའི་འགྱུར། ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ཨ་བྷ་ཡཱས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། ཛམྦྷ་ལ་ནག་པོའི་བསྟོད་པ་བཙུན་པ་ཟླ་བས་མཛད་པ་པ་ཚབ་འགྱུར། ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་ཨཱརྻ་མ་ཏིས་མཛད་པ་དྷརྨ་གྲགས་ཀྱི་འགྱུར། དེ་བཞིན་གཤེགས་པ་བདུན་གྱི་ཆོ་ག་མཁན་པོ་བོ་དྷི་ས་ཏྭས་མཛད་པར་གྲགས་པ། དེ་བཞིན་གཤེགས་པ་བདུན་གྱི་ཆོ་ག་མཁན་པོ་བོ་དྷི་ས་ཏྭས་མཛད་པ་ཤིན་ཏུ་དག་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དགེ་བའི་འདོད་འཇོ་འགོས་ལོཙྪ་བས་བསྒྱུར་བ་རྣམས་བཞུགས་སོ། །དེ་ལྟར་རྡོ་རྗེ་ཐེག་པའི་དགོངས་འགྲེལ་མཆོག །འཕགས་ཡུལ་མཁས་པའི་ཚོགས་ཀྱིས་གསལ་མཛད་པ། །གངས་ཅན་འགྲོ་བའི་དཔལ་དུ་བྱོན་པ་རྣམས། །གླེགས་བམ་རིན་ཆེན་ཕུང་པོར་བསྒྲུབས་པ་འདི། །དད་པའི་ཕུལ་གྱི་སྐྱབས་གསུམ་གཙུག་གིས་མཆོད། །སྙིང་རྗེའི་སྟོབས་ཀྱིས་འཁོར་འབངས་བྱམས་པས་བསྐྱངས། །སྦྱིན་བདག་ཆེན་པོ་བཟང་པོ་རྒྱལ་མཚན་གྱིས། །ལྷག་བསམ་རྣམ་པར་དག་པའི་བསམ་པས་བསྒྲུབས། །འདིར་འབད་དགེ་བས་སྦྱིན་པའི་བདག་པོ་དང༌། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །རྡོ་རྗེ་འཆང་ཆེན་གོ་འཕང་ཐོབ་པར་ཤོག །གནས་སྐབས་ཀུན་དུ་སྦྱིན་བདག་ཡབ་སྲས་རྣམས། །ཚེ་རིང་ནད་མེད་བསམ་པ་ཆོས་བཞིན་འགྲུབ། །མི་མཐུན་ཕྱོགས་ཀྱི་གནོད་པ་ཀུན་ཞི་ནས། །དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས་པར་ཤོག །སངས་རྒྱས་བཀྲ་ཤིས་སྐུ་བཞིའི་དཔལ་གྱི་རྩེན། །དམ་ཆོས་བཀྲ་ཤིས་ལུང་རྟོགས་ཡོན་ཏན་བརྙེས། །དགེ་འདུན་བཀྲ་ཤིས་རིམ་གཉིས་རྟོགས་པས་འབྱོར། །བཀྲ་ཤིས་དམ་པས་སྦྱིན་བདག་བཀྲ་ཤིས་ཤོག །ཅེས་པ་གློ་བོ་བྲག་དཀར་གྱི་གཙུག་ལག་ཁང་དུ་བྲིས་པ་འདིས་སྦྱིན་བདག་གིས་ཐོག་དྲངས་སེམས་ཅན་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག།  །།« ༄། །བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཐུབ་བསྟན་རྒྱས་པའི་ཉི་འོད་བཞུགས་སོ།། » ༈ །ཨོཾ་སྭ་སྟི་སིདྡྷཾ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཐུབ་བསྟན་རྒྱས་པའི་ཉི་འོད་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྨད་བྱུང་ཚོགས་གཉིས་ཆུ་གཏེར་དབུས་སུ་འཁྲུངས། །རྣམ་དག་བྱང་ཆུབ་སྤྱོད་པའི་ཁམས་ལས་གྲུབ། །འཕགས་སྲས་གསེར་རིའི་དབུས་ན་ཉེར་མཛེས་པ། །ཐུབ་དབང་རིན་ཆེན་རྡུལ་བརྩེགས་ལ་ཕྱག་འཚལ། །རྒྱལ་བས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །སྣ་ཚོགས་ཚུལ་གྱིས་གསུངས་པའི་མདོ་སྡེ་རྣམས། །དྲང་ངེས་ཇི་བཞིན་གསལ་བར་འགྲེལ་མཛད་པ། །འཕགས་ཡུལ་ཤིང་རྟའི་སྲོལ་འབྱེད་རྣམས་ལ་འདུད། །དམ་ཆོས་ལྷ་ཡི་སྐད་ལས་རང་སྐད་དུ། །ལེགས་པར་བསྒྱུར་ནས་དམ་ཆོས་སྣང་བའི་དཔལ། །གངས་ཅན་ཁྲོད་དུ་རྒྱས་ཤིང་གསལ་མཛད་པ། །སྒྲ་བསྒྱུར་འཇིག་རྟེན་མིག་འབྱེད་རྣམས་ལ་འདུད། །རྒྱ་བོད་མཁས་པའི་གསུང་རབ་ཇི་སྙེད་པ། །མཁྱེན་བཟང་གང་གིས་ཐུགས་སུ་ལེགས་ཆུད་ནས། །མཐའ་མེད་འགྲོ་ལ་བསྟན་པ་སྤེལ་མཛད་པ། །ས་སྐྱ་པཎ་ཆེན་མཁས་པའི་དབང་ཕྱུག་རྒྱལ། །མཐུ་སྟོབས་ཆོས་ཀྱི་གཎྜིས་བདུད་དཔུང་འཇོམས། །ནུས་མཐུ་ཡེ་ཤེས་རྡོ་རྗེ་བརྟན་པ་དང༌། །བསྟན་འཛིན་ལེགས་བསྲུང་ནག་པོ་ཆེན་པོ་ཡིས། །སྦྱིན་བདག་རྣམས་ལ་ཀུན་དུ་དགེ་ལེགས་མཛོད། །ཆུ་སྐྱེས་ཚལ་དུ་བུང་བའི་ཚོགས་འདུ་ལྟར། །གང་གི་གནས་སུ་གཞུང་བཟང་ཀུན་ཚོགས་ནས། །གླེགས་བམ་པད་མོའི་འདབ་བརྒྱ་གསལ་བ་འདི། །རྣམ་དཀར་སྔོན་དགེ་ལས་གཞན་བྱེད་པོ་སུ། །འདིར་རྒྱལ་བའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའི་རྒྱལ་པོ་དང༌། སྦྱིན་བདག་དག་ནི། ཆོས་སྨྲ་བའི་གང་ཟག་ལ་བསྟི་སྟང་ཕུལ་དུ་ཕྱིན་པ་མཛད་ནས། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱས་པར་མཛད་པ་ཡིན་ལ། དེ་དག་གི་བཤད་སྒྲུབ་གང་ལ་བྱ་བའི་ཆོས་ཀྱང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིར་བསྡུས་པའི་གསུང་རབ་དྲི་མ་མེད་པ་རྣམས་ནས་འབྱུང་བ་བཞིན་བྱེད་དགོས་ལ། དེའི་ཆེད་དུ་གསུང་རབ་དགོངས་འགྲེལ་དང་བཅས་པའི་གླེགས་བམ་རྣམས་འབྲི་བ་དང༌། དག་པར་བྱ་བ་དང༌། མི་ནུབ་པར་བྱ་བ་ནི་ཆོས་ལྡན་གྱི་རྒྱལ་པོའི་བྱ་བའི་ལས་ཡིན་ནོ། །དོན་གྱི་དབང་འདི་གཟིགས་ནས་དགེ་ལེགས་ཀྱི་གནས། གློ་བོའི་སའི་ཆ་སྨོས་ཐང་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གླིང་དུ། རབ་བྱུང་གི་ལོ་བོད་ཀྱི་མེ་མོ་ཡོས་ཀྱི་ལོར་གྲགས་པ་ལ། བསྟན་བཅོས་འགྱུར་རོ་འཚལ་གྱི་གླེགས་བམ་བརྒྱ་ཕྲག་གཅིག་བཞེངས་པའི་ཐོག་མར། ཀ་པ་ལ། དཀོན་མཆོག་གསུམ་ལ་བསྟོད་པ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། དེའི་འགྲེལ་པ་རྒྱལ་བའི་སྲས་ཀྱིས་མཛད་པ་ལོཙྪ་བ་དཔལ་གྱི་ལྷུན་པོའི་འགྱུར། དཀོན་མཆོག་གསུམ་ལ་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། སངས་རྒྱས་གྱི་མཚན་ལ་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། བསྔགས་པར་འོས་པ་ལ་བསྔགས་པ་མ་ཏི་ཙི་ཏྲས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། དེའི་འཕྲོས་མ་ཏི་ཙི་ཏྲས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གཅིག་ལས་འཕྲོས་པའི་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། ཁྱད་པར་དུ་འཕགས་པའི་བསྟོད་པ་མཐོ་བཙུན་གྲུབ་རྗེས་མཛད་པ། དེའི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པ། ཆོས་རྗེ་ས་སྐྱ་པཎྜི་ཏས་འགྱུར་བཅོས་པ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་བདེ་བྱེད་བདག་པོས་མཛད་པ། དེའི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་ལ་བསྟོད་པ་བརྒྱ་ལྔ་བཅུ་པ་རྟ་དབྱངས་ཀྱིས་མཛད་པ་ཤཱཀྱ་བློ་གྲོས་ཀྱིས་འགྱུར། བརྒྱ་ལྔ་བཅུ་པའི་བསྟོད་པའི་འགྲེལ་པ་དགའ་བྱེད་སྙེམས་པས་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར། ཡོན་ཏན་མཐའ་ཡས་པར་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། དེའི་འགྲེལ་པ་ཕྱོགས་ཀྱི་གླང་པོས་མཛད་པ། བསྟོད་པའི་དོན་བསྡུ་བ། ཕྱོགས་ཀྱི་གླང་པོས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རྒྱལ་བ་ཤཱཀྱ་ཐུབ་པ་ལ་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། སངས་རྒྱས་ཀྱི་མཚན་ལ་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། རབ་ཏུ་སྔ་བར་ནམ་ལངས་པའི་བསྟོད་པ། ཤྲཱི་ཧ་རི་ཥེ་དེ་བས་མཛད་པ་ཡོན་ཏན་དཔལ་གྱི་འགྱུར། སྤེལ་མར་བསྟོད་པ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་བསོད་ནམས་བཟང་པོའི་འགྱུར། ཚིག་བརྒྱད་པའི་བསྟོད་པ་མཐའ་ཡས་ལྷས་མཛད་པ། རྒྱལ་བ་བརྒྱད་ཀྱི་བསྟོད་པ་མཐའ་ཡས་ལྷས་མཛད་པ། གཎྜིའི་བསྟོད་པ་རྟ་དབྱངས་ཀྱིས་མཛད་པ་དར་མ་ཡོན་ཏན་གྱི་འགྱུར། སངས་རྒྱས་དབང་བསྐུར་བའི་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཆོས་ཀྱི་དབྱིངས་སུ་བསྟོད་པ། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པ་ལ་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། དོན་དམ་པར་བསྟོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟོད་པ། གནས་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། སྐུ་གསུམ་ལ་བསྟོད་པ་སྟེ། མཛད་པ་བཅུ་གཉིས་ནས། འདིའི་བར་རྣམས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྐུ་གསུམ་ལ་བསྟོད་པའི་འགྲེལ་པ་རིན་ཆེན་བཟང་པོའི་འགྱུར། ཤེར་ཕྱིན་སྦྱོར་བཞིའི་ལྷ་ལ་བསྟོད་པ་རཏྣ་ཀཱིརྟིས་མཛད་པ་བལ་པོ་མ་ཧཱ་པཱ་ཎིའི་འགྱུར། སེམས་ཅན་མགུ་པར་བྱ་བའི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཕྱག་འཚལ་བའི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། སངས་རྒྱས་སུམ་ཅུ་རྩ་ལྔ་ལ་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། རྒྱལ་བ་རིགས་ལྔ་ལ་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་རབས་བདུན་ལ་བསྟོད་པ། བདེ་གཤེགས་བརྒྱད་ལ་བསྟོད་པ་ཞི་བ་འཚོའི་མཛད་པར་གྲགས་པ། བསྐལ་པ་བཟང་པོའི་སངས་རྒྱས་ལ་བསྟོད་པ་ཁ་ཆེ་པཎ་ཆེན་གྱིས་མཛད་པ། སངས་རྒྱས་ལ་བསྟོད་པ་ནོར་རྒྱུན་མས་མཛད་པ། ཉི་མ་རྒྱལ་མཚན་གྱི་འགྱུར། འདུལ་བ་ལ་བསྟོད་པ་སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པ། དེའི་འགྲེལ་པ་དུལ་ལྷས་མཛད་པ་ཀླུའི་རྒྱལ་མཚན་གྱིས་འགྱུར། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ་ཆོས་ཀྱི་གྲགས་པས་མཛད་པ། བཤགས་པའི་བསྟོད་པ་ཙནྡྲ་གོ་མིས་མཛད་པ། དེའི་འགྲེལ་པ་སངས་རྒྱས་ཞི་བས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འཇམ་དབྱངས་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ། འཇམ་དབྱངས་ལ་བསྟོད་པ་ཕྱོགས་ཀྱི་གླང་པོས་མཛད་པ། འཇམ་དབྱངས་ལ་བསྟོད་པ་མི་གཡོ་སེང་གེས་མཛད་པ། འཇམ་དབྱངས་ལ་བསྟོད་པ་རྡོ་རྗེས་མཚོན་ཆས་མཛད་པ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ལ་བསྟོད་པ་ངག་གི་དབང་ཕྱུག་གྲགས་པས་མཛད་པ། འཇམ་དབྱངས་དཀར་པོ་ལ་བསྟོད་པ་ཇོ་བོ་མ་ཏིས་མཛད་པ། གསུང་གི་དབང་ཕྱུག་ལ་བསྟོད་པ་ཉི་མ་རྒྱལ་མཚན་གྱིས་འགྱུར། འཇམ་དཔལ་ལ་ཁྱད་པར་གྱིས་བསྟོད་པ། ཨཱ་ནནྟ་ཤྲཱི་མི་ཏྲས་མཛད་པ། སངས་རྒྱས། འཇམ་དཔལ། སྤྱན་རས་གཟིགས། སྒྲོལ་མ་རྣམས་ཀྱི་བསྟོད་པ་རྒྱལ་བའི་སྙན་བཟང་པོས་མཛད་པ་ཉི་མ་རྒྱལ་མཚན་གྱིས་འགྱུར། འཇམ་དབྱངས་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ། འཇམ་དབྱངས་ལ་བསྟོད་པ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཇམ་དཔལ་རྣོན་པོ་ལ་བསྟོད་པ་ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ། ངག་གི་དབང་ཕྱུག་ལྷ་ལྔ་ལ་བསྟོད་པ་ཐིག་ལེ་བུམ་པས་མཛད་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱད་པ་ཤྲི་བཛྲ་དེ་བས་མཛད་པ་ཤོང་གི་འགྱུར། དོན་ཞགས་ལྷ་བཅུ་བདུན་ལ་བསྟོད་པ། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ་ཙནྡྲ་གོ་མིས་མཛད་པ། སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་ཙརྻ་ཀྲི་བས་མཛད་པ། དོན་ཞགས་ལྷ་ལྔ་ལ་བསྟོད་པ་ཨེ་ར་པ་ཏིས་མཛད་པ། སྤྱན་རས་གཟིགས་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ། སྤྱན་རས་གཟིགས་དབང་ཕྱུག་འཁོར་བཅས་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པའི་འགྱུར་དག་ཤེས། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ་རྟ་དབྱངས་ཀྱིས་མཛད་པ། འཇིག་རྟེན་མགོན་པོ་ལ་བསྟོད་པ། ཡིད་འཕྲོག་སྡིག་འཇོམས་ཙནྡྲ་གོ་མིས་མཛད་པ། བཅུ་གཅིག་ཞལ་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ། སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ། འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ། སྙིང་རྗེ་ལ་བསྟོད་པ་དགེ་བསྙེན་ཀུན་སྦྱིན་གྱིས་མཛད་པ། དོན་ཞགས་ལྷ་ལྔ་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་ཟླ་བ་གྲགས་པས་མཛད་པར་གྲགས་པ། ལག་ན་རྡོ་རྗེ་གོས་སྔོན་ཅན་ལ་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཕྱག་ན་རྡོ་རྗེ་ལ་བསྟོད་པ་ངག་དབང་གྲགས་པས་མཛད་པ། ཕྱག་ན་རྡོ་རྗེ་ལ་བསྟོད་པ་དཱི་པཾ་ཀ་རས་མཛད་པ། ཕྱག་ན་རྡོ་རྗེ་ལ་བསྟོད་པ་བིརྻ་ཙནྡྲས་མཛད་པ། ཕྱག་ན་རྡོ་རྗེ་ལ་བསྟོད་པ་སྐུ་མཆོག་འབར་བ། མི་གཡོ་བ་སྔོན་པོ་ལ་བསྟོད་པ་དཱི་པཾ་ཀ་རས་མཛད་པ། མི་གཡོ་བ་རིགས་ལྔ་ལ་བསྟོད་པ་མར་མེ་མཛད་ཀྱིས་མཛད་པ། སྒྲོལ་མ་ལ་བསྟོད་པ་མེ་ཏོག་ཕྲེང་འཛིན་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། སྒྲོལ་མ་དཔལ་ཆེན་མོ་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། ཀུ་རུ་ཀུལླེ་ལ་བསྟོད་པ་ཌོམྦི་ཧེ་རུ་ཀས་མཛད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ། མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་ཆོས་རྗེ་དཔལ་གྱི་འགྱུར། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལ་བསྟོད་པ་ཉི་མ་སྦས་པས་མཛད་པ། དམ་ཚིག་སྒྲོལ་མའི་བསྟོད་པ། འཕགས་མ་སྒྲོལ་མའི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ། སྒྲོལ་མའི་བསྟོད་པ་མར་མེ་མཛད་ཀྱིས་མཛད་པ། སྒྲོལ་མ་ལ་བསྟོད་པ་ཨཀྵོ་བྷྱ་བཛྲས་མཛད་པ། སྒྲོལ་མ་དཀར་མོ་ལ་བསྟོད་པ་ངག་དབང་གྲགས་པས་མཛད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་པཎྜི་ཏ་འབུམ་ཕྲག་གསུམ་པས་མཛད་པ། སྒྲོལ་མ་ལ་དོན་ཐམས་ཅད་གྲུབ་པའི་བསྟོད་པ་མ་ཏི་ཙི་ཏྲས་མཛད་པ། སེང་ལྡེང་ནགས་སྒྲོལ་གྱི་བསྟོད་པ་བཅུ་དྲུག་པ། སྒྲོལ་མ་ལ་བསྟོད་པ་མེ་ཏོག་ཕྲེང་བ་ཙནྡྲ་གོ་མིས་མཛད་པ་ཡོན་ཏན་དཔལ་གྱི་འགྱུར། གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་ཙནྡྲ་གོ་མིས་མཛད་པ། གདུགས་དཀར་ཅན་ལ་བསྟོད་པ་གི་རི་ཝརྟེས་མཛད་པ། ནོར་རྒྱུན་མ་ལ་བསྟོད་པ་ཛ་མ་རིས་མཛད་པ། དབྱངས་ཅན་མ་ལ་བསྟོད་པ་བྲམ་ཟེ་ཕུར་བུས་བྱས་པ། རྣམ་ཐོས་སྲས་ལ་བསྟོད་པ་ཐུགས་རྗེ་བ་འཇོ་མར་གྲགས་པ་རྣམས་བཞུགས་སོ། །དེ་ལྟར་བསྟོད་པའི་གཞུང་དྲི་མ་མེད་པ་རྣམས་མཆོད་བརྗོད་ཀྱི་ཚུལ་གྱིས་བཀོད་ནས། ༈ །ད་ནི་བསྟན་བཅོས་རྣམས་ཀྱི་མཚན་གྱི་རྣམ་གྲངས་བཤད་པར་བྱ་སྟེ། དེ་ཡང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་བཤད་པ་ལྟར། གཞུང་ཐམས་ཅད་རིག་པའི་གནས་ལྔར་འདུ་ལ། དེ་དག་ཀྱང་བསྟན་པ་ལ་རིམ་གྱིས་འཇུག་པའི་དབང་དུ་བྱས་ནས། སྐྱེ་བོ་གསོ་ཐིག་ལ་སོགས་པ་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལ་མཁས་ཤིང་ལག་ལེན་ལ་འདེབས་པའི་གང་ཟག་གཅིག་གི་ཐོག་མར་བཟོ་རིག་པའི་གཞུང་ལ་བསླབ། དེ་ནས་གསོ་བ་རིག་པ་སྨན་གྱི་གཞུང་དང༌། དེ་ནས་སྒྲ་རིག་པ། ཐ་སྙད་སྡེ་ལྔའི་གཞུང་མཐའ་དག་དང༌། དེ་ནས་གཏན་ཚིགས་རིག་པ་ཚད་མའི་གཞུང་ལུགས་རྣམས་དང༌། དེའི་རྗེས་སུ་ཟབ་མོ་ནང་རིག་པའི་སྡེ་སྣོད་རྣམས་ལ་སློབ་པ་ཡིན་ཀྱང༌། འདིར་བསྟན་བཅོས་རྣམས་གླེགས་བམ་དུ་སྒྲིག་པའི་ཚེ། མཆོག་དམན་གྱི་རིམ་པས་ཐོག་མར་ཟབ་མོ་ནང་རིག་པའི་སྡེ་སྣོད་ཀྱི་སྐོར་དང༌། གཏན་ཚིགས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ་དང་ལྔའི་དང་པོ་ལ། རྡོ་རྗེ་ཐེག་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ལས། རྡོ་རྗེ་ཐེག་པའི་གཞུང་ལུགས་དྲི་མ་མེད་པ་རྣམས་ཀྱི་མཚན་གྱི་རྣམ་གྲངས་ལོགས་སུ་བཀོད་ཟིན་ལ། འདིར་སྐབས་སུ་བབ་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲེལ་བའི་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་མཚན་གྱི་རྣམ་གྲངས་བཤད་པར་བྱ་བ་ལ་གསུམ། བཀའ་དང་པོ་བདེན་པ་བཞི་དང་འབྲེལ་པའི་གཞུང༌། བར་པ་མཚན་ཉིད་མེད་པ་དང་འགྲེལ་པའི་གཞུང༌། ཐ་མ་དོན་དམ་རྣམ་པར་ངེས་པ་དང་འགྲེལ་པའི་གཞུང་རྣམས་ལས། སྔོན་གྱི་བསྟན་འགྱུར་མཁན་པོ་རྣམས་ཀྱིས་བཀའ་བར་པ་ནས་མགོ་བརྩམས་པས། དེ་ལྟར་བཤད་ན། ཆོས་འཁོར་བར་བའི་མདོ་ཡི་འགྲེལ་པ་དང༌། དགོངས་འགྲེལ་གྱི་བསྟན་བཅོས་གཉིས་ཀྱི་དང་པོ་ནི། ཁ་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་བཤད་པ། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར་བཞུགས་སོ། །ག་པ་ལ། པཎྜི་ཏ་དཾཥྚ་སེ་ནའི་འབུམ་ཊཱིཀ་ཏུ་གྲགས་པའི་སྟོད་བཞུགས་སོ། །ང་པ་ལ། དེའི་སྨད་ཡོངས་སུ་རྫོགས་པ་དང༌། འབུམ་གྱི་བཤད་པ་ཁ་ཆེ་དྷརྨཱ་ཤྲཱིས་མཛད་པ། ཡུམ་གྱི་ཊཱི་ཀ་པཎྜི་ཏ་སྨྲྀ་ཏིས་མཛད་པ་རྣམས་བཞུགས་སོ། །ཅ་པ་ལ། སློབ་དཔོན་སེང་གེ་བཟང་པོས་ཉི་ཁྲི་ལེ་བརྒྱད་མའི་ལེའུ་ལྔ་པ་ཡན་ཆད་བཞུགས་སོ། །ཆ་པ་ལ། དེའི་ལེའུ་དྲུག་པའི་འགྲེལ་པ་བཞུགས་སོ། །ཇ་པ་ལ། ལེའུ་བརྒྱད་པ་ཡན་ཆད་ཡོངས་སུ་རྫོགས་པའི་འགྲེལ་པ་ལོཙྪ་བ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཉི་ཁྲིའི་འགྲེལ་པ་འཕགས་པ་རྣམ་གྲོལ་སྡེས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། །ཉ་པ་ལ། ཉི་ཁྲིའི་གཞུང་འགྲེལ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཉི་ཁྲིའི་འགྲེལ་པ་དག་ལྡན་སློབ་དཔོན་ཤཱནྟི་པས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་འགྲེལ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར་རྣམས་བཞུགས་སོ། །ཏ་པ་ལ། འཕགས་པ་བརྒྱད་སྟོང་པའི་འགྲེལ་ཆེན་སློབ་དཔོན་སེང་གེ་བཟང་པོས་མཛད་པ། བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། །ཐ་པ་ལ། བརྒྱད་སྟོང་པའི་འགྲེལ་པ། མན་ངག་གི་རྗེས་སུ་འབྲང་བ། རྒྱལ་པོ་ཛ་གདྡྷ་ལ་མར་གྲགས་པ་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། བརྒྱད་སྟོང་པའི་དོན་བསྡུས་ཀྱི་འགྲེལ་པ་ཁ་ཆེ་གཞོན་ནུ་དཔལ་གྱིས་མཛད་པ་བཀྲ་ཤིས་རྒྱལ་མཚན་གྱི་འགྱུར། བརྒྱད་སྟོང་པའི་དོན་བསྡུས་སྒྲོན་མ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ། །ད་པ་ལ། འཕགས་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་སློབ་དཔོན་ཨ་བྷ་ཡཱས་མཛད་པ་ཤེས་རབ་དཔལ་གྱི་འགྱུར། བརྒྱད་སྟོང་དོན་བསྡུས་སློབ་དཔོན་ཕྱོགས་གླང་གིས་མཛད་པ། ཤེས་ཕྱིན་དོན་བསྡུས། ཚིགས་བཅད་དགུ་པའི་འགྲེལ་པ་རིན་ཆེན་བཟང་པོའི་འགྱུར། འཕགས་པ་ཤེས་རབ་སྙིང་པོའི་འགྲེལ་པ་བི་མ་ལ་མི་ཏྲས་མཛད་པ་བནྡེ་ནམ་མཁའི་འགྱུར། ཤེར་སྙིང་གི་འགྲེལ་པ་དོན་གྱི་སྒྲོན་མེ། ཤེར་སྙིང་གི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་སྟག་པ་ལོཙྪ་བའི་འགྱུར། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ། ཤེར་སྙིང་གི་འགྲེལ་པ་པདྨ་འབྱུང་གནས་ཀྱིས་མཛད་པར་གྲགས་པ། ཤེར་སྙིང་གི་འགྲེལ་པ་ཛྙཱ་ན་མི་ཏྲས་མཛད་པ། ཤེར་སྙིང་གི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ། འཕགས་པ་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། །ན་པ་ལ། འཕགས་པ་སྡུད་པའི་དཀའ་འགྲེལ་ཡེ་ཤེས་ཞབས་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། སྡུད་པའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། སྡུད་པའི་ལྡེ་མིག་ཁ་ཆེ་དྷརྨཱ་ཤྲཱིས་མཛད་པ། ཤེར་ཕྱིན་བདུན་བརྒྱ་པའི་འགྲེལ་པ་དྲི་མེད་བཤེས་གཉེན་གྱིས་མཛད་པ། ཤེས་ཕྱིན་བདུན་བརྒྱ་པའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ་ནམ་མཁའ་སྐྱོང་གི་འགྱུར་རྣམས་བཞུགས། པ་པ་ལ། ས་ལུ་ལྗང་པའི་མདོ་འགྲེལ་ཚིག་ལེའུར་བྱས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། ས་ལུ་ལྗང་པའི་མདོ་ཡི་འགྲེལ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་ས་ལུ་ལྗང་པའི་རྒྱ་ཆེར་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ། མདོ་ཀུན་ལས་བཏུས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། མདོ་ཀུན་ལས་བཏུས་པའི་འགྲེལ་པ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ། །དེ་ལྟར་ཤར་ཕྱོགས་ཀྱི་མདོའི་འགྲེལ་པ་རྣམས་བཀོད་ནས། དེའི་དགོངས་པ་འགྲེལ་པའི་གཞུང་ལ། སྦས་དོན་ཉམས་ལེན་གྱི་རིམ་པ་སྟོན་པའི་གཞུང་དང༌། དངོས་སྟོང་ཉིད་སྟོན་པའི་གཞུང་གཉིས་ཀྱི་དང་པོ་ནི། ཕ་པ་ལ། མངོན་པར་རྟོགས་པའི་རྒྱན་རྒྱལ་བ་བྱམས་པས་མཛད་པ། དེའི་འགྲེལ་པ་དོན་གསལ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། འགྲེལ་པ་དོན་གསལ་གྱི་དཀའ་འགྲེལ་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ་རིན་ཆེན་བཟང་པོའི་འགྱུར། འགྲེལ་པ་དོན་གསལ་གྱི་འགྲེལ་བཤད་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མངོན་རྟོགས་རྒྱན་གྱི་འགྲེལ་པ་ཁ་ཆེ་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པ་བྱམས་པ་དཔལ་གྱི་འགྱུར་རྣམས་བཞུགས་སོ། །གཉིས་པ་དངོས་བསྟན་སྟོང་ཉིད་སྟོན་པའི་གཞུང་ལ། གཞུང་ཕྱི་མོའི་བསྟན་བཅོས་དང༌། དགོངས་པ་འགྲེལ་པའི་བསྟན་བཅོས་གཉིས་ཀྱི། དང་པོ་ནི། བ་པ་ལ། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཉི་མ་གྲགས་ཀྱི་འགྱུར། རིག་པ་དྲུག་ཅུ་པ། སྟོང་ཉིད་བདུན་བཅུ་པ་ཁུའི་འགྱུར། སྟོང་ཉིད་བདུན་བཅུ་པའི་རང་འགྲེལ་ཡེ་ཤེས་སྡེའི་འགྱུར། ཞིབ་མོ་རྣམ་འཐག་གི་རང་འགྲེལ་གཞོན་ནུ་མཆོག་གི་འགྱུར། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། རྩོད་བཟློག་གི་རང་འགྲེལ་རྣམས་བཞུགས་ཤིང༌། འཕགས་པས་མཛད་པའི་དབུ་མའི་གཞུང་གཞན་རྣམས་དང༌། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མའི་གཞུང་གཞན་རྣམས་ཀྱང་འདིར་བསྡུའོ། གཉིས་པ་དགོངས་པ་འགྲེལ་པའི་བསྟན་བཅོས་ལ། ཐལ་རང་གཉིས་ལས། དང་པོ་ཐལ་འགྱུར་བའི་སྐོར་ལ། རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏས་མཛད་པ་ཅོག་རོའི་འགྱུར། རྩ་ཤེའི་འགྲེལ་པ་ཚིག་གསལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་པ་ཚབ་ཀྱི་འགྱུར་རྣམས་བཞུགས་སོ། །མ་པ་ལ། དབུ་མ་བཞི་བརྒྱ་པ་སློབ་དཔོན་ཨཱརྻ་དེ་བས་མཛད་པ་པ་ཚབ་ཀྱི་འགྱུར། དེའི་འགྲེལ་པ་ཟླ་བ་གྲགས་པས་མཛད་པ་པ་ཚབ་འགྱུར། རིག་པ་དྲུག་བཅུ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་པ་ཚབ་འགྱུར། དབུ་མ་ལ་འཇུག་པའི་གཞུང་དང༌། དེའི་རང་འགྲེལ་གཉིས་སློབ་དཔོན་ཟླ་བ་གྲགས་ཀྱིས་མཛད་པ་པ་ཚབ་འགྱུར་རྣམས་བཞུགས་སོ། །ཙ་པ་ལ། དབུ་མ་འཇུག་པའི་འགྲེལ་བཤད་ཛ་ཡ་ཨཱ་ནནྡས་མཛད་པ་ཀུན་དགའ་གྲགས་ཀྱི་འགྱུར་བཞུགས་སོ། །གཉིས་པ་རང་རྒྱུད་པའི་ཆོས་སྐོར་ནི། ཚ་པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ། དེའི་འགྲེལ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དབུ་མ་འཁྲུལ་པ་བཟློག་པ་ཨཱརྻ་དེ་བས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། དབུ་མ་ལག་པའི་ཚད་ཨཱརྻ་དེ་བས་མཛད་པ། དེའི་འགྲེལ་པ་ཨཱརྻ་དེ་བས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལས་འཇིགས་མེད་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མེ་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས་སོ། །ཛ་ཝ་ཞ། གསུམ་ལ་འགྲེལ་པ་ཤེས་རབ་སྒྲོན་མེའི་འགྲེལ་བཤད། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར་བཞུགས་སོ། །ཟ་པ་ལ། རྟོག་གེ་འབར་བ། སློབ་དཔོན་བྷ་བྱས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་བྷ་བྱས་མཛད་པར་གྲགས་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ། །འ་པ་ལ། དབུ་མ་བདེན་གཉིས་ཀྱི་འགྲེལ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། བདེན་གཉིས་ཀྱི་དཀའ་འགྲེལ་སློབ་དཔོན་ཞི་བ་འཚོས་མཛད་པ། དབུ་མ་རྒྱན་གྱི་གཞུང་སློབ་དཔོན་ཞི་བ་འཚོས་མཛད་པ་ཡེ་ཤེས་སྡེའི་འགྱུར། དབུ་མ་རྒྱན་གྱི་དཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཡེ་ཤེས་སྡེའི་འགྱུར། དབུ་མ་རྒྱན་གྱི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་མཛད་པ་ཡེ་ཤེས་སྡེའི་འགྱུར། དབུ་མ་སྣང་བ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། དེ་ཁོ་ན་ཉིད་སྣང་བའི་རབ་ཏུ་བྱེད་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། དབུ་མ་ཤེས་རབ་འཇུག་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་འགོས་ཀྱིས་འགྱུར། དབུ་མ་རྣམ་པ་མེད་པའི་ཚིག་དགའ་བའི་དཔལ་གྱིས་མཛད་པ། རྟོག་གེའི་ཐོ་བ་ཛ་ཡ་ཨཱ་ནནྟས་མཛད་པ་མདོ་སྡེ་འབར་གྱི་འགྱུར། དེ་ཁོ་ན་ཉིད་ཀྱི་མན་ངག་ཐུབ་དབང་ཟླ་བས་མཛད་པ་རིན་ཆེན་བཟང་པོའི་འགྱུར། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་འཕགས་པ་ལྷས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དེའི་འགྲེལ་པ་གནས་བརྟན་བྱང་བཟང་གིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དབུ་མའི་སྙིང་པོ་མདོར་བསྡུས་པ་བིདྱཱ་ཀ་ར་པྲ་བྷཱས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རིན་པོ་ཆེའི་ཕྲེང་བ་ཙནྡྲ་ཧ་རིས་མཛད་པ་ཏིང་ངེ་འཛིན་བཟང་པོའི་འགྱུར། ལྟ་བ་འཐད་པ་རྣམ་པར་ཕྱེ་བ་དབུ་མ་སེང་གེས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ། ཤེས་ཕྱིན་བསྒོམ་པའི་མན་ངག་ཛྙཱ་ན་ཀཱིརྟིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། བྱང་ཆུབ་ཀྱི་སེམས་བསྒོམ་དོན་བཅུ་གཉིས་པ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། སྐུ་གསུམ་ལ་འཇུག་པའི་སྒོ་ཀླུའི་བཤེས་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་པ་ཡེ་ཤེས་ཟླ་བས་མཛད་པ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས་སོ། །དེ་ལྟར་བཀའ་བར་པའི་དགོངས་འགྲེལ་རྣམས་བཀོད་ནས། ༈ །ད་ནི་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་སྐོར་ལ། མདོའི་འགྲེལ་པ་དང༌། དགོངས་འགྲེལ་གྱི་བསྟན་བཅོས་གཉིས་ལས། དང་པོ་ནི། ཡ་པ་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་བཤད་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་པ་རྒྱའི་མཁན་པོ་ཝན་བརྩེགས་ཀྱིས་མཛད་པའི་སྟོད་རྣམས་བཞུགས་སོ། །ར་པ་ལ། འགྲེལ་པ་དེ་ཉིད་ཀྱི་སྨད་རྫོགས་པ་ཆོས་གྲུབ་ཀྱི་འགྱུར་བཞུགས། ལ་པ་ལ། དགོངས་པ་ངེས་འགྲེལ་གྱི་འགྲེལ་ཆེན་གུ་ཎ་ཤྲཱིའི་མཛད་པ་བཞུགས་སོ། །ཤ་པ་ལ། ལང་ཀར་གཤེགས་པའི་མདོའི་འགྲེལ་པ་ཛྙཱ་ན་བཛྲས་མཛད་པ་བཞུགས་སོ། །ས་པ་ལ། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་སའི་རྩ་ལག་གིས་མཛད་པ། ལང་དཀར་གཤེགས་པའི་འགྲེལ་པ་ཡེ་ཤེས་དཔལ་བཟང་པོས་མཛད་པ་རྣམས་བཞུགས་སོ། །ཧ་པ་ལ། འཕགས་པ་བློ་གྲོས་མི་བཟད་པས་བསྟན་པའི་མདོའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། དཀོན་མཆོག་བརྩེགས་པ་འོད་སྲུང་གི་ལེའུའི་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་རྣམས་བཞུགས་སོ། །ཨ་པ་ལ། འཕགས་པ་ས་བཅུ་པའི་གླེང་གཞིའི་བཤད་པ་ཤཱཀྱ་བློས་མཛད་པ། ས་བཅུའི་རྣམ་པར་བཤད་པ་དབྱིག་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། ས་བཅུ་པའི་མདོའི་འགྲེལ་བཤད་ཉི་མ་གྲུབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར་རྣམས་བཞུགས། ཀི་པ་ལ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོའི་འགྲེལ་པ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་པ་སངས་རྒྱས་སའི་འགྲེལ་པ་སློབ་དཔོན་ངང་ཚུལ་བཟང་པོས་མཛད་པ། རྟེན་ཅིང་འབྲེལ་པ་འབྱུང་བ་དང་པོ་དང༌། རྣམ་པར་དབྱེ་བ་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དགེ་སློང་ནམ་མཁའི་འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང༌། རྣམ་པར་འབྱེད་པའི་མདོའི་འགྲེལ་པ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ། དགེ་སློང་ནམ་མཁའི་འགྱུར་རྣམས་བཞུགས་སོ། །ཁི་པ་ལ། སངས་རྒྱས་རྗེས་དྲན་གྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་སངས་རྒྱས་རྗེས་དྲན་གྱི་འགྲེལ་པ། ཆོས་རྗེས་དྲན་གྱི་འགྲེལ་པ། དགེ་འདུན་རྗེས་དྲན་གྱི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། ག་ཡ་གོ་རིའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ག་ཡ་གོ་རིའི་མདོ་དང༌། དབྱིག་གཉེན་གྱི་འགྲེལ་པ་གཉིས་སྤེལ་མར་སྦྱར་བ་ཤཱཀྱ་བློས་མཛད་པ། འཕགས་པ་རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ཀྱི་རྣམ་པར་བཤད་པ་དང༌། དེའི་འགྲེལ་པ་གཉིས་ཀ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་ཡེ་ཤེས་སྡེའི་འགྱུར། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་པྲཛྙཱ་ས་མུ་དྲས་མཛད་པ། འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་སློབ་དཔོན་ཞི་བ་ལྷས་མཛད་པ་འཕགས་པ་ཤེས་རབ་ཀྱི་འགྱུར། སངས་རྒྱས་ཕལ་པོ་ཆེའི་མདོའི་དུམ་བུ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་ཕྱོགས་གླང་གིས་མཛད་པ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་རྒྱན་བཟང་པོས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། བཟང་སྤྱོད་ཀྱི་རྒྱ་ཆེར་འགྲེལ་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། བཟང་སྤྱོད་སྨོན་ལམ་གྱི་བཤད་སྦྱར་ཀླུ་སྒྲུབ་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། འཕགས་པ་དཀོན་མཆོག་བརྩེགས་པའི་མདོའི་དུམ་བུ། བྱང་ཆུབ་ལྟུང་བཤགས་ཀྱི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། བྱང་ཆུབ་ལྟུང་བཤགས་ཀྱི་འགྲེལ་པ་པྲ་བྷ་ཀ་ར་ཤྲཱི་མི་ཏྲས་མཛད་པ་ཤེས་རབ་ལེགས་ཀྱི་འགྱུར། འཕགས་པ་ཚིགས་སུ་བཅད་པ་གཅིག་པའི་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཚིགས་སུ་བཅད་པ་གཉིས་པའི་བཤད་པ་སློབ་དཔོན་མཛེས་བཀོད་ཀྱིས་མཛད་པ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ་དབྱིག་གཉེན་གྱིས་མཛད་པ། ཆོས་བཞི་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཡེ་ཤེས་བྱིན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས། གཉིས་པ་བཀའ་ཐ་མའི་དགོངས་འགྲེལ་གྱི་བསྟན་བཅོས་ནི། གི་པ་ལ། ཐེག་པ་ཆེན་པོའི་དགོངས་འགྲེལ་མདོ་སྡེའི་རྒྱན་རྒྱལ་བ་བྱམས་པས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། མདོ་སྡེ་རྒྱན་གྱི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། མདོ་སྡེ་རྒྱན་གྱི་རྒྱ་ཆེར་བཤད་པ་ངོ་བོ་ཉིད་མེད་པས་མཛད་པ་དཔལ་བརྩེགས་ཀྱི་འགྱུར་རྣམས་བཞུགས། ངི་པ་ལ། མདོ་སྡེ་རྒྱན་གྱི་ཚིགས་བཅད་དང་པོ་གཉིས་ཀྱི་བཤད་པ་སློབ་དཔོན་གཞན་ཕན་བཟང་པོས་མཛད་པ་གཞོན་ནུ་མཆོག་གི་འགྱུར། མདོ་སྡེ་རྒྱན་གྱི་དོན་བསྡུས་ཛྙཱ་ན་ཤྲཱིས་མཛད་པ། ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར་དང༌། མདོ་སྡེ་རྒྱན་གྱི་འགྲེལ་བཤད་ཆེན་པོ་སློབ་དཔོན་བློ་བརྟན་གྱིས་མཛད་པའི་སྟོད་བཞུགས། ཅི་པ་ལ། དེའི་སྨད་ཡོངས་སུ་རྫོགས་པ་ལྕེ་བཀྲ་ཤིས་ཀྱི་འགྱུར་བཞུགས། ཆི་པ་ལ། དབུས་དང་མཐའ་རྣམ་པར་འབྱེད་པ་རྒྱལ་བ་བྱམས་པས་མཛད་པ་ཡེ་ཤེས་སྡེའི་འགྱུར། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བཤད་སློབ་དཔོན་བློ་བརྟན་གྱིས་མཛད་པ། ཆོས་ཉིད་རྣམ་འབྱེད་ཀྱི་གཞུང་ཚིགས་བཅད་མ་སེང་གེ་རྒྱལ་མཚན་གྱི་འགྱུར། གཞུང་ལྷུག་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྒྱལ་བ་བྱམས་པས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། རྒྱུད་བླ་མའི་འགྲེལ་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས། ཇི་པ་ལ། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་ལས། སའི་དངོས་གཞི་དང༌། རྣལ་འབྱོར་སྤྱོད་པའི་ས་དང༌། ས་བཅུ་བདུན་པ་དང༌། ས་མང་པོ་པ་སྟེ། མཚན་བཞི་དང་ལྡན་པའི་གཞུང་དང༌། སའི་སྟོད་འགྲེལ་བསྒྱུར་འཕྲོ་རྣམས་བཞུགས། ཉི་པ་ལ། བྱང་ཆུབ་སེམས་དཔའི་ས་དང༌། ཉན་ཐོས་ཀྱི་ས་གཉིས་ཚང་བར་བཞུགས་སོ། །ཏི་པ་ལ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ཚང་བར་བཞུགས། ཐི་པ་ལ། གཞི་བསྡུ་བ། འདུལ་བ་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་སྟེ། ས་སྡེ་ལྔ་ཡོངས་སུ་རྫོགས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ཡེ་ཤེས་སྡེ་དང་ཀླུའི་རྒྱལ་མཚན་གྱི་འགྱུར་རྣམས་དང༌། བྱང་སའི་འགྲེལ་པ་ཡོན་ཏན་འོད་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྡོམ་པ་ཉི་ཤུ་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། སྡོམ་པ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་མཛད་པ་མཉྫུ་ཤྲིའི་འགྱུར། སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་བྱང་ཆུབ་བཟང་པོས་མཛད་པ་བྱང་ཆུབ་ཤེས་རབ་ཀྱི་འགྱུར་རྣམས་བཞུགས། དི་པ་ལ། བྱང་སའི་འགྲེལ་པ་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་བཞུགས། ནི་པ་ལ། ཐེག་པ་ཆེན་པོ་བསྡུས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ། ཐེག་བསྡུས་ཀྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐེག་བསྡུས་ཀྱི་བཤད་སྦྱར་ངོ་བོ་ཉིད་མེད་པས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཐེག་བསྡུས་ཀྱི་བཤད་སྦྱར་དོན་གསང་རྣམ་ཕྱེ་བསྒྱུར་འཕྲོ་རྣམས་བཞུགས། པི་པ་ལ། མངོན་པ་ཀུན་ལས་བཏུས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཀུན་ལས་བཏུས་ཀྱི་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ། འགྲེལ་པ་རྒྱལ་སྲས་མ་འགྱུར་ཆད་བསབས་ཤིང༌། ཉི་མ་རྒྱལ་མཚན་གྱིས་དག་པར་བསྒྱུར་བ་རྣམས་བཞུགས་སོ། །ཕི་པ་ལ། ཕུང་པོ་ལྔའི་རབ་བྱེད་དབྱིག་གཉེན་གྱིས་མཛད་པ། ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ་བློ་བརྟན་གྱིས་མཛད་པ། ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ་ཡོན་ཏན་འོད་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཉི་ཤུ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཉི་ཤུ་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཉི་ཤུ་པའི་འགྲེལ་པ་སློབ་དཔོན་དུལ་ལྷས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། སུམ་ཅུ་པ་དབྱིག་གཉེན་གྱིས་མཛད་པ། སུམ་ཅུ་པའི་བཤད་པ་བློ་བརྟན་གྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། སེམས་ཙམ་གྱི་གཞུང་དབུ་མ་རྒྱན་དང༌། དེའི་འགྲེལ་པ་གཉིས་སློབ་དཔོན་ཤཱནྟི་པས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། ཕུང་པོ་ལྔའི་རབ་བྱེད་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ། །བི་པ་ལ། རྣམ་བཤད་རིག་པའི་མདོ་སྡེའི་དུམ་བུ་བརྒྱ་པ་མཉྫུ་ཤྲཱི་དྷརྨཱའི་འགྱུར། རྣམ་བཤད་རིག་པ་དབྱིག་གཉེན་གྱིས་མཛད་པ་དེ་ཝེནྡྲ་རཀྵི་ཏའི་འགྱུར། རྣམ་བཤད་རིག་པའི་འགྲེལ་པ་དེ་ཝེནྡྲ་རཀྵི་ཏའི་འགྱུར། ལས་གྲུབ་པའི་རབ་ཏུ་བྱེད་པ་དབྱིག་གཉེན་གྱིས་མཛད་པ། ལས་གྲུབ་པའི་འགྲེལ་པ་བློ་བཟང་ངང་ཚུལ་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར་རྣམས་བཞུགས་སོ། །མི་པ་ལ། ཐུབ་པ་དགོངས་རྒྱན་སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པ་དཔང་ལོཙྪ་བ་བློ་གྲོས་བརྟན་པའི་འགྱུར་བཞུགས་སོ། །ཙི་པ་ལ། སྤྱོད་པ་ལ་འཇུག་པའི་གཞུང་སློབ་དཔོན་ཞི་བ་ལྷས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། སྤྱོད་འཇུག་གི་འགྲེལ་པ་ནག་པོ་པས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྤྱོད་འཇུག་གི་འགྲེལ་པ་བཻ་རོ་ཙ་ནས་མཛད་པ། སྤྱོད་འཇུག་གི་འགྲེལ་པ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ་ཆོས་གྲགས་ཀྱི་འགྱུར་རྣམས་བཞུགས་སོ། །ཚི་པ་ལ། སྤྱོད་འཇུག་གི་མདོ་སྦྱོར་པྲ་ཛྙཱ་ཛྭ་ལ་ཀཱིརྟིས་མཛད་པ། སྤྱོད་འཇུག་གི་འགྲེལ་པ་བི་བྷཱུ་ཏི་ཙནྡྲས་མཛད་པ་དེ་ཉིད་ཀྱི་རང་འགྱུར། སྤྱོད་འཇུག་གི་དོན་བསྡུས་སློབ་དཔོན་ཆོས་སྐྱོང་གིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྤྱོད་འཇུག་གི་བསྡུས་དོན་དོན་བཅུ་གཅིག་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཤེས་རབ་ལེའུའི་དཀའ་འགྲེལ་སྦྱངས་པའི་ཡོན་ཏན་བསྟན་པ་དཔལ་བརྩེགས་ཀྱི་འགྱུར་རྣམས་བཞུགས་སོ། །ཛི་པ་ལ། བསླབ་པ་ཀུན་ལས་བཏུས་པ་རྩ་བ་སློབ་དཔོན་ཞི་བ་ལྷས་མཛད་པ། བསླབ་པ་ཀུན་ལས་བཏུས་པ་ཆེན་པོ་ཞི་བ་ལྷས་མཛད་པ་ཡེ་ཤེས་སྡེའི་འགྱུར་ལ། བློ་ལྡན་ཤེས་རབ་ཀྱིས་བཅོས་པ། བསླབ་བཏུས་ཀྱི་དོན་བསྡུས་ཇོ་བོ་རྗེས་མཛད་པ། སྡིག་བཤགས་ཀྱི་ཆོ་ག་སློབ་དཔོན་ཞི་བ་ལྷས་མཛད་པ། ལྟུང་བ་སྤྱི་བཤགས་མར་མེ་མཛད་ཀྱིས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བསླབ་པ་མེ་ཏོག་སྙེ་མ་བཻ་རོ་ཙ་ནས་མཛད་པ། གཞོན་ནུ་འབར་གྱི་འགྱུར་རྣམས་བཞུགས་སོ། །ཝི་པ་ལ། བཤེས་པའི་སྤྲིང་ཡིག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། བཤེས་སྤྲིང་གི་འགྲེལ་པ་བློ་གྲོས་ཆེན་པོས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། གཏམ་བྱ་རིན་ཆེན་ཕྲེང་བ་ཀླུ་སྒྲུབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རིན་ཆེན་ཕྲེང་བའི་འགྲེལ་པ་མི་ཕམ་བཤེས་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་གྲགས་མཆོག་གི་འགྱུར། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ། ཡོན་ཏན་ཡོངས་སུ་བརྗོད་པའི་གཏམ་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ་དབྱིག་གཉེན་གྱིས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ་རབ་གསལ་གྲགས་ཀྱིས་མཛད་པ། ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། མི་ཁོམ་པ་བརྒྱད་ཀྱི་གཏམ་རྟ་དབྱངས་ཀྱིས་མཛད་པ། ཕྱིན་ཅི་ལོག་བཞི་སྤོང་བའི་གཏམ་མ་ཏི་ཙི་ཏྲས་མཛད་པ། རྩོད་པའི་དུས་ཀྱི་གཏམ་མ་ཏི་ཙི་ཏྲས་མཛད་པ། ལེགས་བཤད་རིན་ཆེན་ཟ་མ་ཏོག་ལྟ་བུའི་གཏམ་སློབ་དཔོན་དཔའ་བོས་མཛད་པ། སློབ་མ་ལ་སྤྲིངས་པ་ཙནྡྲ་གོ་མིས་མཛད་པ། སློབ་སྤྲིང་གི་དཀའ་འགྲེལ་བཻ་རོ་ཙ་ནས་མཛད་པ། སློབ་སྤྲིང་གི་འགྲེལ་པ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ། རྒྱལ་པོ་ཀ་ནི་སྐ་ལ་སྤྲིངས་པ་མ་ཏི་ཙི་ཏྲས་མཛད་པ། དྲི་མ་མེད་པའི་དྲིས་ལན་རིན་ཆེན་ཕྲེང་བ་དོན་ཡོད་འཆར་གྱིས་མཛད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པ། ཤེས་རབ་ཀྱི་སྤྲིང་ཡིག་པདྨ་རྡོ་རྗེས་མཛད་པ། སེམས་རྣམ་པར་སྦྱངས་པའི་སྤྲིང་ཡིག་དགྲ་ལས་རྒྱལ་བས་མཛད་པ། བླ་མ་ལ་སྤྲིངས་པ་དགེ་སློང་དགོན་པ་བས་མཛད་པ། བུ་ལ་སྤྲིངས་པ་སཛྫ་ནས་མཛད་པ་རྣམས་སོ། །དེ་ནས་སྤྱོད་ཕྱོགས་སུ་གྲགས་པ་ལ། སྐྱབས་འགྲོ་བདུན་ཅུ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། སྐྱབས་འགྲོ་ཡན་ལག་དྲུག་པ་བི་མ་ལས་མཛད་པ། སྐྱབས་འགྲོ་བསྟན་པ་ཤཱཀྱ་ཤྲཱིས་མཛད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བའི་ཆོ་ག་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། སེམས་བསྐྱེད་དང་ཡི་དམ་བླང་བའི་ཆོ་ག་དགྲ་ལས་རྒྱལ་བས་མཛད་པ། སེམས་བསྐྱེད་དང་སྡོམ་པའི་ཆོ་ག་མར་མེ་མཛད་ཀྱིས་མཛད་པ། དགེ་བའི་སྡོང་པོ་རཏྣ་ཀཱིརྟིས་མཛད་པ། དྲན་པ་ཉེར་གཞག་གི་ཚིག་ལེའུར་བྱས་པ་རྟ་དབྱངས་ཀྱིས་མཛད་པ། ལེགས་པའི་ལམ་བསྟན་པའི་ལམ་དཔའ་བོས་མཛད་པ། ཆོས་དང་ཆོས་སྨྲ་བ་ལ་གུས་པར་བྱ་བའི་གཏམ་འཚོ་སྦྱིན་གྱིས་མཛད་པ། ཆེད་དུ་བརྗོད་པའི་གཏམ་ཟླ་བ་གྲགས་པས་མཛད་པ། མི་རྟག་པའི་དོན་གྱི་གཏམ་དགའ་བའི་དབང་པོས་མཛད་པ། ཤེས་རབ་བརྩམ་པའི་དུས་ཀྱི་གཏམ་གཉིས་མེད་རྡོ་རྗེས་མཛད་པ། རྣལ་འབྱོར་སྤྱོད་པའི་བསམ་གཏན་ཀ་རོ་པས་མཛད་པ། ཕར་ཕྱིན་གྱི་བསྒོམ་རིམ་ཡེ་ཤེས་འབྱུང་གནས་ཟླ་བས་མཛད་པ། ཤེས་ཕྱིན་བསྡུས་པ་ཨཱརྻ་ཤྭ་རས་མཛད་པ། ཤེས་ཕྱིན་གྱི་མན་ངག་ཤཱནྟི་པས་མཛད་པ་འགོས་ལྷ་བཙས་ཀྱི་འགྱུར་རྣམས་བཞུགས་སོ། །ཞི་པ་ལ། ཇོ་བོ་ཆེན་པོ་རྗེས་མཛད་པའི་ཆོས་ཆུང་བརྒྱ་རྩ་གྲགས་པ་ལ། ཐོག་མར་བྱང་ཆུབ་ལམ་གྱི་སྒྲོན་མ། སྤྱོད་པ་བསྡུས་པའི་སྒྲོན་མ། བདེན་པ་གཉིས་ལ་འཇུག་པ། དབུ་མའི་མན་ངག་སྙིང་པོ་བསྡུ་བ། སྙིང་པོ་ངེས་པར་བསྡུ་བ། བྱང་ཆུབ་ཀྱི་སེམས་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་དུ་བྱ་བ། སྤྱོད་པའི་གླུ། ཐེག་ཆེན་ལམ་གྱི་སྒྲུབ་ཐབས། ཐེག་ཆེན་ལམ་གྱི་སྒྲུབ་ཐབས་བསྡུས་པ་རང་གི་བྱ་བའི་རིམ་པ། མདོ་སྡེ་ཀུན་ལས་བཏུས་པའི་མན་ངག འཁོར་བ་ལས་ཡིད་འབྱུང་བའི་གླུ། མི་དགེ་བ་བཅུའི་ལམ་བསྟན་པ། ལས་རྣམ་པར་དབྱེ་བ། རྡོ་རྗེ་གདན་གྱི་གླུ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཚ་ཚ་གདབ་པའི་ཆོ་ག བླ་མའི་བྱ་བའི་རིམ་པ། སེམས་བསྐྱེད་སྡོམ་པའི་ཆོ་ག་སྟེ། འདི་ཡན་ཆད་ཇོ་བོ་ཆེན་པོ་རྗེས་མཛད་པའོ། །དེའི་རྗེས་སུ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་བྱང་བཟང་གིས་མཛད་པ། སེམས་བསྐྱེད་ཀྱི་ཆོ་ག་ཀླུ་སྒྲུབ་ཀྱིས་མཛད་པ། སེམས་བསྐྱེད་དང་ཡི་དམ་བླང་བའི་ཆོ་ག་དགྲ་ལས་རྒྱལ་བས་མཛད་པ། ལས་དང་པོ་བའི་སྤྱད་པ་དགྲ་ལས་རྒྱལ་བས་མཛད་པ། སེམས་སྦྱང་བའི་རིམ་པའི་སྤྲིང་ཡིག དགྲ་ལས་རྒྱལ་བས་མཛད་པ་བཤེས་པའི་སྤྲིང་ཡིག སློབ་མ་ལ་སྤྲིངས་པ། རྒྱལ་པོ་ཀ་ནི་སྐ་ལ་སྤྲིངས་པ། དྲི་མ་མེད་པའི་དྲིས་ལན། རབ་གསལ་གཞོན་ནུ་ལ་སྤྲིང་ཡིག ཤེས་རབ་བརྒྱ་པ། དྲན་པ་ཉེར་གཞག་གི་ཚིག་ལེའུར་བྱས་པ། མི་དགེ་བ་བཅུའི་ལས་ལམ་བསྟན་པ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་གཉིས་རྟ་དབྱངས་ཀྱིས་མཛད་པ། མྱ་ངན་བསལ་བ། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད། ཡོན་ཏན་ཡོངས་སུ་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ། ཚོགས་ཀྱི་གཏམ། མི་ཁོམ་པ་བརྒྱད་ཀྱི་གཏམ། ལེགས་པར་བཤད་པ་ཟ་མ་ཏོག་ལྟ་བུའི་གཏམ། ཕྱིན་ཅི་ལོག་བཞི་སྤོང་བའི་གཏམ། རྩོད་པའི་དུས་ཀྱི་གཏམ། དབེན་པའི་གཏམ། ཡན་ལག་བདུན་པའི་ཆོ་ག སེམས་ཅན་མགུ་བར་བྱ་བའི་ཚིགས་བཅད། སྨོན་ལམ་བདུན་ཅུ་པ། དོན་དམ་བྱང་ཆུབ་སེམས་ཀྱི་བསྒོམ་ཚུལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བསྒོམ་ཚུལ། དཀོན་མཆོག་གསུམ་རྗེས་སུ་དྲན་པ། འདོད་ཡོན་ལྔའི་ཉེས་དམིགས་བཤད་པ། མདོ་སྡེ་རྟོག་པ་ཆེན་པོའི་ཆོ་ག དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་ཆོ་ག མཎྜལ་གྱི་ཆོ་ག་སངས་རྒྱས་གསང་བས་མཛད་པ། མཎྜལ་གྱི་ཆོ་ག་དགྲ་ལས་རྒྱལ་བས་མཛད་པ། མཎྜལ་གྱི་ཆོ་ག་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། མཎྜལ་གྱི་ཆོ་ག་རྙོག་མེད་རྡོ་རྗེས་མཛད་པ། མཎྜལ་གྱི་ཆོ་ག་ཀཾ་པ་ལས་མཛད་པ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་བྱང་ཆུབ་བཟང་པོས་མཛད་པ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ནག་པོ་པས་མཛད་པ། བསམ་གཏན་གྱི་ཆོས་དྲུག་ཨ་ཝ་དྷཱུ་ཏཱི་པས་མཛད་པ། དེའི་འགྲེལ་པ་དཱ་ན་ཤཱི་ལས་མཛད་པ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་བསལ་བ། རྣལ་འབྱོར་རྟོག་པའི་གེགས་སེལ་བ་སངས་རྒྱས་གསང་བས་མཛད་པ། རྣལ་འབྱོར་གྱི་མཚན་ཉིད་བདེན་པ་བྱང་ཆུབ་བཟང་པོས་མཛད་པ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ་ཀ་མ་ལ་ཤཱི་ལས་མཛད་པ། རྣལ་འབྱོར་བསྒོམ་པའི་ལམ་ཡེ་ཤེས་སྙིང་པོས་མཛད་པ། རྣལ་འབྱོར་ལ་འཇུག་པ་ཕྱོགས་ཀྱི་གླང་པོས་མཛད་པ། མི་སྡུག་པ་བསྒོམ་པའི་རིམ་པ་ལུས་ཡོངས་སུ་བཅད་པའི་བསྒོམ་རིམ་ནག་པོ་ཞབས་ཀྱིས་མཛད་པ། ཕར་ཕྱིན་ཐེག་པའི་བསྒོམ་རིམ་ཡེ་ཤེས་གྲགས་པས་མཛད་པ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་བློ་གྲོས་ཆེན་པོས་མཛད་པ། རྣལ་འབྱོར་ལ་འཇུག་པའི་མན་ངག་ཆོས་ཀྱི་དབང་པོས་མཛད་པ། ཤེས་ཕྱིན་བསྒོམ་པའི་མན་ངག་ཡེ་ཤེས་ཟླ་བས་མཛད་པ། ཆོས་ཀྱི་དབྱིངས་སུ་བལྟ་བའི་མན་ངག་ཇོ་བོས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་སོ། །མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ་ཇོ་བོ་ཆེན་པོ་རྗེས་མཛད་པ་མདོ་སྡེ་འབར་གྱི་འགྱུར། མདོ་ཀུན་ལས་བཏུས་པའི་དོན་བསྡུས་ཇོ་བོས་མཛད་པ། མདོ་ཀུན་ལས་བཏུས་པའི་མན་ངག་ཇོ་བོས་མཛད་པ། ལས་ཀྱི་སྒྲུབ་པ་རྣམ་པར་སྦྱོང་བའི་ཆོ་ག་ཇོ་བོས་མཛད་པ་རྣམས་བཞུགས་སོ། །ཟི་པ་ལ། ཐུབ་པའི་སྐྱེས་རབས་སུམ་ཅུ་སོ་བཞི་པ་སློབ་དཔོན་དཔའ་བོས་མཛད་པ་མཉྫུ་ཤྲི་བརྨཱའི་འགྱུར། སྐྱེས་རབས་ཀྱི་འགྲེལ་པ་དྷརྨཱ་ཀཱིརྟིས་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར་བཞུགས་སོ། །འི་པ་ལ། སྐྱེས་རབས་དཔག་བསམ་འཁྲི་ཤིང་ཤོང་སྟོན་གྱི་འགྱུར་བཞུགས་སོ། །ཡི་པ་ལ། སྐྱེས་རབས་ཀྱི་ཕྲེང་བ་སློབ་དཔོན་སེང་གེ་ཞབས་འབྲིང་པས་མཛད་པ་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་རྒྱས་པ་གསང་བ་བྱིན་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར། གསེར་མདོག་གི་རྟོགས་བརྗོད་རིན་ཆེན་བཟང་པོའི་འགྱུར། དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ཤཱཀྱ་འོད་ཀྱི་འགྱུར། ཀུ་ན་ལིའི་རྟོགས་བརྗོད་རིན་ཆེན་བཟང་པོའི་འགྱུར། དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལུང་བསྟན་པ། མྱ་ངན་མེད་པའི་སྒོ་ནས་ཀླུ་བརྟུལ་བ་ཤཱཀྱ་འོད་ཀྱི་འགྱུར། དཔེའི་ཕྲེང་བ་རིན་ཆེན་བཟང་པོའི་འགྱུར། ལིའི་ཡུལ་ལུང་བསྟན་པ། གནས་བརྟན་སྤྱན་དྲངས་ཚུལ་རྣམས་བཞུགས་སོ།།  །།ད་ནི་བཀའ་དང་པོ་བདེན་པ་བཞི་བསྟན་པའི་ཆོས་ཀྱི་འཁོར་ལོའི་དགོངས་འགྲེལ་ལ། ལྟ་བའི་ཆ་གཏན་ལ་འབེབས་པའི་གཞུང་དང༌། སྤྱོད་པའི་ཆ་གཏན་ལ་འབེབས་པའི་གཞུང་གཉིས་ཀྱི་དང་པོ་ནི། རི་པ་ལ། འཇིག་རྟེན་གདགས་པའི་མདོ། རྒྱུ་གདགས་པ་ཡེ་ཤེས་སྡེའི་འགྱུར། ལས་གདགས་པ་ཡེ་ཤེས་སྡེའི་འགྱུར། རྒྱུ་གདགས་པའི་དོན་རིགས་པ་ཡེ་ཤེས་སྡེའི་འགྱུར། ཚིགས་སུ་བཅད་པ་བསྡུས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། དེའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། མངོན་པ་ལ་འཇུག་པ། སྙིང་པོ་ཀུན་ལས་བཏུས་པ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས་སོ། །ལི་པ་ལ། ཆོས་མངོན་པ་མཛོད་ཀྱི་གཞུང་དང༌། འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་གཉིས་བཞུགས། ཤི་སི་གཉིས་ལ། མངོན་པ་མཛོད་ཀྱི་འགྲེལ་བཤད། སློབ་དཔོན་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་གྱིས་མཛད་པ་དང༌། མཛོད་ཀྱི་དཀའ་འགྲེལ་གང་བ་སྤེལ་གྱིས་མཛད་པ་ཉུང་ངུ་ཉི་མ་གྲགས་ཀྱི་འགྱུར་རྣམས་བཞུགས་སོ། །ཧི་ཨི་གཉིས་ལ། མངོན་པ་མཛོད་ཀྱི་འགྲེལ་བཤད་གང་བ་སྤེལ་གྱིས་མཛད་པ་ཉི་མ་གྲགས་ཀྱི་འགྱུར་བཞུགས། ཀུ་པ་ལ། མངོན་པ་མཛོད་ཀྱི་འགྲེལ་པ་སློབ་དཔོན་ཞི་གནས་ལྷས་མཛད་པ་ཤེས་རབ་འོད་ཟེར་གྱི་འགྱུར་བཞུགས། ཁུ་པ་ལ། མཛོད་ཀྱི་འགྲེལ་པ་སློབ་དཔོན་ཕྱོགས་གླང་གིས་མཛད་པ་འཇམ་དཔལ་གཞོན་ནུའི་འགྱུར། མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་སློབ་དཔོན་འདུལ་བཟང་གིས་མཛད་པ་བཞུགས། གུ་པ་ལ། ཆེད་དུ་བརྗོད་པའི་ཚོམ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། ཆེད་དུ་བརྗོད་པའི་ཚོམ་གྱི་འགྲེལ་པ་པྲཛྙཱ་ཝརྨས་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར་རྣམས་བཞུགས་སོ། །ངུ་ཅུ་གཉིས་ལ། ཆོས་འཁོར་གསུམ་དང༌། གྲུབ་མཐའ་བཞིས་བསྡུས་པའི་གཞུང་རྣམས་རིག་པས་གཏན་ལ་འབེབས་པ་ལ། དེ་ཁོ་ན་ཉིད་བསྡུས་པའི་གཞུང་སློབ་དཔོན་ཞི་བ་འཚོས་མཛད་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྒྱུར་བ་དང༌། དེའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་གྲགས་མཆོག་ཤེས་རབ་ཀྱིས་བསྒྱུར་བ་བཞུགས་སོ།།  །།གཉིས་པ་ཆོས་འཁོར་དང་པོའི་སྤྱོད་པའི་ཆ་གཏན་ལ་འབེབས་པའི་གཞུང་ལ། དཀའ་འགྲེལ་དང༌། དགོངས་འགྲེལ་གྱི་བསྟན་བཅོས་གཉིས་ལས། དང་པོ་ནི། ཆུ་པ་ལ། སོ་སོ་ཐར་པའི་མདོའི་འགྲེལ་པ་ཡོན་ཏན་ཕུན་ཚོགས་མར་གྲགས་པ། དགེ་སློང་མའི་སོ་སོ་ཐར་པའི་མདོའི་འགྲེལ་པ་རྣམས་བཞུགས། ཇུ་པ་ལ། སོ་སོ་ཐར་པའི་མདོའི་གཞུང་འགྲེལ་བམ་པོ་ཉེར་བདུན་པ་ཀླུའི་རྒྱལ་མཚན་གྱི་འགྱུར་བཞུགས་སོ། །ཉུ་ཏུ་གཉིས་ལ། སོ་སོ་ཐར་པའི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ་བཅུ་པ་ཀླུའི་རྒྱལ་མཚན་གྱི་འགྱུར་བཞུགས་སོ། །ཐུ་པ་ལ། འདུལ་བ་བསྡུས་པ་ཁྱད་པར་བཤེས་གཉེན་གྱིས་མཛད་པ་ཤཱཀྱ་བཤེས་གཉེན་གྱི་འགྱུར། སོ་སོ་ཐར་པའི་མདོའི་འགྲེལ་པ་མི་བརྗེད་དྲན་བྱེད་རྣམས་བཞུགས། དེ་ནས་བཤད་ལུང་གི་འགྲེལ་པ་ནི། དུ་པ་ལ། ལུང་བཞིའི་འགྲེལ་པ་འཕྲོ་ཅན། རྣམ་འབྱེད་ཀྱི་འགྲེལ་པ་སློབ་དཔོན་དུལ་ལྷས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས་སོ། །ནུ་པ་ལ། གཞུང་བླ་མའི་འགྲེལ་པ་དུམ་བུ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་སྐྱོང་གིས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར་རྣམས་བཞུགས། གཉིས་པ་ལུང་སྡེ་བཞིའི་དགོངས་འགྲེལ་གྱི་བསྟན་བཅོས་ནི། པུ་པ་ལ། འདུལ་བ་མདོ་རྩ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར། མདོ་རྩའི་འགྲེལ་པ་ཉིད་ཀྱི་རྣམ་བཤད་དུ་གྲགས་པའི་སྟོད་བཞུགས། ཕུ་པ་ལ། ཉིད་ཀྱི་རྣམ་བཤད་ཀྱི་སྨད་དང༌། ལས་བརྒྱ་རྩ་གཅིག་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས་སོ། །བུ་མུ་གཉིས་ལ། མདོ་རྩ་བའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་ཀླུའི་རྒྱལ་མཚན་གྱི་འགྱུར་བཞུགས། ཙུ་པ་ལ། མདོ་རྩའི་འགྲེལ་ཆུང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བཞུགས། ཚུ་པ་ལ། མདོ་རྩའི་འགྲེལ་པ་སློབ་དཔོན་ཤེས་རབ་བྱེད་པས་མཛད་པ། འདུལ་བ་སུམ་བརྒྱ་པའི་གཞུང་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པ། སུམ་བརྒྱ་པའི་རང་འགྲེལ་འོད་ལྡན་དེ་ཝེནྡྲ་རཀྵི་ཏའི་འགྱུར་རྣམས་བཞུགས་སོ། །ཛུ་པ་ལ། འདུལ་བ་མེ་ཏོག་ཕྲེང་རྒྱུད། འཕགས་པ་ས་གའི་ལྷས་མཛད་པ་ཤེས་རབ་གྲགས་ཀྱི་འགྱུར། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་དང༌། དེའི་འགྲེལ་པ་གཉིས་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། འདུལ་བ་བྱ་བའི་ཕུང་པོ་བསྒྱུར་འཕྲོ། འདུལ་བ་སུམ་བརྒྱ་པའི་འགྲེལ་པ་དུལ་བའི་ལྷས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར། ཀ་རི་ཀ་ལྔ་བཅུ་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཀ་རི་ཀ་ལྔ་བཅུ་པའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། དགེ་ཚུལ་གྱི་བྱ་བ། གཞུང་ཐ་དད་པ་རིམ་པར་བཀླག་པའི་འཁོར་ལོ་ལས། སྡེ་པ་ཐ་དད་བསྟན་པ་རྣམས་དུལ་ལྷས་མཛད་པ། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པ་དབྱིག་བཤེས་ཀྱིས་མཛད་པ་བཟང་སྐྱོང་གི་འགྱུར། སྡེ་པ་ཐ་དད་པ་རྣམ་པར་བཤད་པ་བྷ་བྱས་མཛད་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དགེ་སློང་གི་དང་པོའི་ལོ་དྲི་བ་པདྨ་འབྱུང་གནས་ཀྱིས་མཛད་པ། དགེ་ཚུལ་གྱི་དང་པོའི་ལོ་དྲི་བ། དགེ་ཚུལ་གྱི་བསླབ་པའི་གཞི་མདོ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་གཞོན་ནུ་མཆོག་གི་འགྱུར། གླེང་གཞི་དང་གང་ཟག་བསྡུས་པའི་གཞུང་བ་ལ་ཤྲིས་མཛད་པ་གཞོན་དུ་མཆོག་གི་འགྱུར། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་རྩ་བ་དང་འགྲེལ་པ་གཉིས་པུཎྱེ་ཤྲཱིས་མཛད་པ། དར་མ་གྲགས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ། །དེ་ལྟར་ཆོས་འཁོར་རིམ་པ་གསུམ་དང་ལྡན་པའི་མདོའི་འགྲེལ་པ་དང༌། དགོངས་འགྲེལ་གྱི་གཞུང་ཇི་སྙེད་པ་རྣམས་བཀོད་ནས། ད་ནི་གཏན་ཚིགས་རིག་པ་ཚད་མའི་སྐོར་ལ། ཝུ་པ་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་རྩ་བ། དེའི་རང་འགྲེལ་གཉིས་ཞ་མ་སེང་རྒྱལ་གྱི་འགྱུར། རིག་པ་ལ་འཇུག་པའི་སྒོ་གྲགས་པ་རྒྱལ་མཚན་གྱི་འགྱུར། དུས་གསུམ་བརྟག་པ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། གཏན་ཚིགས་འཁོར་ལོ་དྷརྨཱ་ཨཱ་ལོ་ཀེའི་འགྱུར། སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་རྣམ་གྲངས་ལྔ་དང༌། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་པར་འགྲེལ་པ་ཆོས་རྗེ་ས་སྐྱ་པཎྜི་ཏའི་འགྱུར། ཚད་མ་རྣམ་པར་ངེས་པ་ལོཙྪ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། རིགས་པའི་ཐིགས་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཏན་ཚིགས་ཐིགས་པ་དཔལ་བརྩེགས་ཀྱི་འགྱུར། འབྲེལ་པ་བརྟག་པ་བནྡེ་ནམ་མཁའི་འགྱུར། རྒྱུད་གཞན་གྲུབ་པའི་རབ་ཏུ་བྱེད་པ། རྩོད་པའི་རིག་པ་ཤོང་བློ་བརྟན་གྱི་འགྱུར། རྣམ་འགྲེལ་ལེའུ་དང་པོའི་འགྲེལ་པ་ཡོངས་སུ་རྫོགས་པ་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་བདུན་རྣམས་བཞུགས་སོ། །ཞུ་པ་ལ། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་གྱི་སྟོད། འགྱུར་རྙིང་འཕྲོ་ཅན། རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ། སློབ་དཔོན་ལྷ་དབང་བློས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར་རྣམས་བཞུགས་སོ། །ཟུ་འུ་གཉིས་ལ། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ། ལེའུ་གཉིས་པ་མན་ཆད་ལྷ་དབང་བློས་མཛད་པ་དང་བཅས་པ་རྣམས་ཀྱི་འགྲེལ་བཤད། སློབ་དཔོན་ཤཱཀྱ་བློས་མཛད་པ་དགེ་བའི་བློ་གྲོས་ཀྱི་འགྱུར་བཞུགས་སོ། །ཡུ་རུ་གཉིས་ལ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རྒྱན། སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་བཞུགས་སོ། །ལུ་ཤུ་གཉིས་ལ། རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ་བྱང་ཆུབ་ཤེས་རབ་ཀྱི་འགྱུར་བཞུགས་སོ། །སུ་པ་ལ། རྣམ་འགྲེལ་རྒྱན་གྱི་ལེའུ་དང་པོའི་འགྲེལ་བཤད། སློབ་དཔོན་ཡ་མ་རིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་བཞུགས་སོ། །ཧུ་པ་ལ། རྣམ་འགྲེལ་ལེའུ་གཉིས་པ་དང་གསུམ་པའི་འགྲེལ་པ། སློབ་དཔོན་ཉི་མ་སྦས་པས་མཛད་པ་བཞུགས་སོ། །ཨུ་པ་ལ། རྣམ་འགྲེལ་ལེའུ་དང་པོའི་སྟོད་ཀྱི་འགྲེལ་བཤད། སློབ་དཔོན་བྲམ་ཟེ་ཆེན་པོས་མཛད་པ་བཞུགས་སོ། །ཀེ་པ་ལ། རིགས་ཐིགས་ཀྱི་ཕྱོགས་སྔ་མ་བཤད་པ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རིགས་ཐིག་ཀྱི་དོན་བསྡུས་ཛི་ན་མི་ཏྲས་མཛད་པ་ཡེ་ཤེས་སྡེའི་འགྱུར། རིགས་ཐིགས་ཀྱི་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་དྷརྨཱ་ཨཱ་ལོ་ཀེའི་འགྱུར། རིགས་ཐིགས་ཀྱི་འགྲེལ་པ་སློབ་དཔོན་དུལ་བ་ལྷས་མཛད་པ་ཡེ་ཤེས་སྡེའི་འགྱུར། དམིགས་པ་བརྟག་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། ཚད་མ་རྣམ་པར་ངེས་པའི་འགྲེལ་པ་ཡེ་ཤེས་དཔལ་བཟང་པོས་མཛད་པ་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། ཚད་མ་རྣམ་པར་ངེས་པའི་འགྲེལ་པ། སློབ་དཔོན་ཆོས་མཆོག་གིས་མཛད་པའི་ལེའུ་དང་པོ་རྣམས་བཞུགས། ཁེ་པ་ལ། རྣམ་ངེས་ལེའུ་གཉིས་པ་དང༌། གསུམ་པའི་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་བཞུགས། གེ་པ་ལ། གཏན་ཚིགས་ཐིགས་པའི་འགྲེལ་པ་སློབ་དཔོན་དུལ་ལྷས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། གཏན་ཚིགས་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨརྫ་ཊས་མཛད་པ། འགྲེལ་པ་བརྟག་པའི་འགྲེལ་པ་ལྷ་དབང་བློས་མཛད་པ། འགྲེལ་པ་བརྟག་པའི་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་ལྷས་མཛད་པ་བནྡེ་ནམ་མཁའི་འགྱུར། འབྲེལ་པ་བརྟག་པའི་འགྲེལ་པ། བྲམ་ཟེ་ཤང་ཀ་ར་ནནྡས་མཛད་པ་དགའ་བའི་རྡོ་རྗེའི་འགྱུར་རྣམས་བཞུགས་སོ། །ངེ་པ་ལ། རྒྱུད་གཞན་གྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་ལྷས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། རྩོད་རིགས་ཀྱི་འགྲེལ་པ་བསྒྱུར་འཕྲོ་གཅིག རྩོད་རིགས་ཀྱི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་མཛད་པ་འཕགས་པ་ཤེས་རབ་དང་འབྲོ་སེང་དཀར་གྱི་འགྱུར། རྒྱུ་འབྲས་ངོ་བོ་གྲུབ་པ་ཛྙཱ་ན་ཤྲིས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། བྱིས་པ་འཇུག་པའི་རྟོག་གེ་དགྲ་ལས་རྒྱལ་བས་མཛད་པ་སུཾ་པ་ལོཙྪ་བའི་འགྱུར། ཆོས་དང་ཆོས་ཅན་གཏན་ལ་ཕབ་པ་ཛེ་ཏཱ་རིས་མཛད་པ། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཛེ་ཏཱ་རིས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། ནང་གི་ཁྱབ་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་ཤཱཀྱ་འོད་ཀྱི་འགྱུར། རྣམ་རིག་ཙམ་དུ་གྲུབ་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་ཤེས་རབ་བརྩེགས་ཀྱི་འགྱུར། ཕྱི་རོལ་དོན་གྲུབ་དགེ་སྲུང་གིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར། ཐམས་ཅད་མཁྱེན་པ་གྲུབ་པ། ཐོས་པ་བརྟག་པ། གཞན་སེལ་བརྟག་པ། དབང་ཕྱུག་འཇིགས་པ་རྣམས་དགེ་སྲུང་གིས་མཛད་པ། ཚད་མ་བརྟག་པ་ཆེ་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། ཚད་མ་བརྟག་པ་ཆུང་བ་ཆོས་མཆོག་གིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཞན་སེལ་གྱི་རབ་ཏུ་ཕྱེད་པ། སྐད་ཅིག་མ་འཇིགས་པ་གྲུབ་པ་རྣམས་སློབ་དཔོན་ཆོས་མཆོག་གིས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར། སྐད་ཅིག་མ་འཇིགས་པ་གྲུབ་པའི་འགྲེལ་པ་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་གྲགས་མཆོག་ཤེས་རབ་ཀྱི་འགྱུར། སེལ་བ་གྲུབ་པ་ཆུང་བ། སེལ་བ་གྲུབ་པ་ཆེ་བ་གཉིས་ཤང་ཀ་རཱ་ནནྡས་མཛད་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། །དེ་ནས་སྒྲ་རིག་པའི་སྐོར་ནི། ཅེ་པ་ལ། སྒྲའི་བསྟན་བཅོས་ཙནྡྲ་པའི་གཞུང༌། ཉེར་བསྒྱུར་ཉི་ཤུ་པའི་འགྲེལ་པ་ཙནྡྲ་གོ་མིས་མཛད་པ་ཉི་མ་རྒྱལ་མཚན་གྱི་འགྱུར། སྒྲ་ཀ་ལ་པའི་གཞུང་གྲགས་པ་རྒྱལ་མཚན་གྱི་འགྱུར། སྒྲ་ཀ་ལ་པའི་འགྲེལ་པ་བགྲོད་དཀའ་སེང་གེས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། སྨྲ་བ་ཀུན་ལ་འཇུག་པ་དང༌། དེའི་འགྲེལ་པ་གཉིས་སུ་བྷ་ཥ་ཀཱིརྟིས་མཛད་པ། རབ་ཏུ་སྦྱོར་བའི་སྒོའི་འགྲེལ་པ། བསྒྱུར་འཕྲོ་གཅིག ལྡོག་པ་བསྡུས་པའི་རྩ་བ་དང༌། འགྲེལ་པ་སློབ་དཔོན་ནི་བི་དྷརྨཱས་མཛད་པ། སྨྲ་སྒོ་མཚོན་ཆ་སྨྲྀ་ཏིས་མཛད་པ། དེའི་རང་འགྲེལ་དུ་གྲགས་པ་གཅིག་སུ་ཝནྟ་དཔྱལ་ལོཙྪ་བས་བསྒྱུར་བ་དང༌། སྔོན་གྱི་སྒྲ་སྦྱོར་བམ་པོ་གཉིས་མར་གྲགས་པ་རྣམས་བཞུགས་སོ། །ཅེ་པ་གཉིས་པ་ལ། སྒྲ་ཀ་ལ་པའི་འགྲེལ་པ་ཇོ་བོ་དྲག་འབྱོར་གྱིས་མཛད་པ་དཔང་བློ་གྲོས་བརྟན་པ་དང་ལོཙྪ་བ་བྱང་ཆུབ་རྩེ་མོས་བསྒྱུར། ཨུཎ་རྒྱས་པར་བཤད་པ་ལོཙྪ་བ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་བཞུགས་སོ། །ཆེ་པ་ལ། སངས་རྒྱས་ཀྱིས་མཛད་པ་བཅུ་གཉིས་སྙན་ངག་ཏུ་སྦྱར་བ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། སྙན་ངག་མེ་ལོང་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པ་ཤོང་བློ་བརྟན་གྱི་འགྱུར། གཏམ་རྒྱུད་ལྔ་པའི་སྙན་ངག་ཁྱབ་འཇུག་དཔལ་གྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར་ཏེ་སྙན་ངག་གི་གཞུང་གསུམ་མོ། །སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་སློབ་དཔོན་ཤཱནྟི་པས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། འཇིག་རྟེན་གསུམ་ཀུན་དུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཀླུ་ཀུན་དུ་དགའ་བའི་ཟློས་གར་དགའ་བའི་ལྷས་མཛད་པ། ཤོང་གི་འགྱུར་ཏེ་ཟློས་གར་གྱི་གཞུང་གཉིས་སོ། །དེ་ནས་གསོ་བ་རིག་པའི་སྐོར་ལ། འཚོ་བའི་མདོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྨན་སྦྱོར་བ་བརྒྱ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཤོང་གི་འགྱུར་ཏེ་གསོ་བ་རིག་པའི་གཞུང་གཉིས་སོ། །ཡན་ལག་བརྒྱད་པ་རྩ་འགྲེལ་གཉིས་གླེགས་བམ་ཆེས་པས་འོག་ཏུ་བྲིས་སོ། །དེ་ནས་བཟོ་རིག་པའི་སྐོར་ལ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མཚན་ཉིད། དེའི་འགྲེལ་པ་དྲང་སྲོང་ཨེ་དྲའི་བུས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར་ཏེ་གཉིས་སོ། །དེ་ནས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་གཙུག་ལག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་འགོས་ལྷས་བཙས་ཀྱི་འགྱུར། དྲང་སྲོང་གར་གྷའི་ལྟས་བཤད་པའི་གཙུག་ལག་ལེའུ་བཅོ་ལྔ་པ། གཟའ་སྐར་གྱི་བཟང་ངན་བརྟག་པ་མདོ་ལས་བཏུས་པ། ལུགས་ཀྱི་བསྟན་བཅོས། སྐྱེ་བོ་གསོ་ཐིག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར། ཤེས་རབ་བརྒྱ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དཔལ་བརྩེགས་ཀྱི་འགྱུར་ཏེ། ལུགས་ཀྱི་བསྟན་བཅོས་བཅོ་ལྔ་བཞུགས་སོ། །ཇེ་པ་ལ། སྨན་ཡན་ལག་བརྒྱད་པའི་གཞུང༌། སློབ་དཔོན་ཕ་ཁོལ་གྱིས་མཛད་པ་རིན་ཆེན་བཟང་པོའི་འགྱུར་བཞུགས་སོ། །ཉེ་ཏེ་གཉིས་ལ། སྨན་ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་སློབ་དཔོན་ཟླ་བ་ལ་དགའ་བས་མཛད་པ་ལོཙྪ་བ་རིན་ཆེན་བཟང་པོའི་འགྱུར་བཞུགས་སོ། །ཐེ་པ་ལ། བོད་ཀྱི་ལོཙྪ་བ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དཔེ་དཀོན་པ་རྣམས་ཇི་ལྟར་རྙེད་པ་བཞིན་བྲིས་པ་ལ། མདོ་སྡེ་སྣ་ཚོགས་ལས་བཏུས་པའི་གསུང་རབ་རིན་པོ་ཆེའི་གཏམ་ཞེས་བྱ་བ། ལོཙྪ་བ་ཆེན་པོ་དཔལ་བརྩེགས་ཀྱིས་མཛད་པ། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཆེན་མོ་དཔལ་བརྩེགས་ཀྱིས་མཛད་པ། ལྟ་བའི་རིམ་པའི་མན་ངག་དཔལ་བརྩེགས་ཀྱིས་མཛད་པ། སེམས་ཀྱི་ཉམས་ལེན་མདོར་བསྡུས་ནས་བརྗོད་པ། ལྷག་མཐོང་བསྐྱེད་པའི་ཐབས། འདི་གཉིས་ལ་མཛད་བྱང་མི་སྣང༌། ཤེར་སྙིང་གི་འགྲེལ་པ་ལོཙྪ་བ་བཻ་རོ་ཙ་ནས་མཛད་པ། བོད་རྗེ་འབངས་ལ་བརྫངས་པ་ལོཙྪ་བ་དཔལ་དབྱངས་ཀྱིས་མཛད་པ། བཟང་སྤྱོད་ཀྱི་འགྲེལ་པ་གཞི་སྦྱོར་མ་ལོཙྪ་བ་ཆེན་པོ་ཡེ་ཤེས་སྡེས་མཛད་པ་རྣམས་སོ། །དེ་ནས་སྦྱིན་བདག་གི་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང༌། བཀྲ་ཤིས་པའི་ཆེད་དུ་དེ་དག་གི་ཚིགས་སུ་བཅད་པ་རྣམས་བྲིས་པ་ལ། གཏམ་བྱ་རིན་ཆེན་ཕྲེང་བ་ལས་བཏུས་པའི་སྨོན་ལམ་ཉི་ཤུ་པ་བྱང་ཆུབ་འབྱུང་བའི་སྨོན་ལམ་ཀླུ་སྒྲུབ་ཀྱིས་མཛད་པ། སྨོན་ལམ་བདུན་ཅུ་པ་སློབ་དཔོན་གཞན་ལ་ཕན་པའི་དབྱངས་དགོན་པ་བས་མཛད་པ་དཔལ་གྱི་ལྷུན་པོའི་འགྱུར། བཙུན་པ་ཟླ་བའི་སྨོན་ལམ་ཉི་མ་རྒྱལ་མཚན་གྱི་འགྱུར། རྒྱལ་བའི་ལམ་འཇུག་ལས་འབྱུང་བའི་སྨོན་ལམ་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པ། རིགས་ཀྱི་སྨོན་ལམ་མར་མེ་མཛད་ཀྱིས་མཛད་པ། སྤྱོད་འཇུག་བསྔོ་བའི་ལེའུ། བཙུན་པ་རྟ་དབྱངས་ཀྱི་བསྔོ་བ་དཱ་ན་ཤཱི་ལའི་འགྱུར། བོད་ཀྱི་མཁན་པོ་བླ་ཆེན་དགོངས་པ་རབ་གསལ་གྱིས་མཛད་པའི་བསྔོ་བ་ཆེན་མོ་རྣམས་སོ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཀྲ་ཤིས་མཚན་མང་དུ་གྲགས་པ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་རབ་བདུན་ཀྱི་བཀྲ་ཤིས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་རིགས་མི་འདྲ་བ་གསུམ། རིགས་གསུམ་མགོན་པོའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་བཞུགས་སོ། །དེ་ལྟར་བདེ་བར་གཤེགས་པའི་གསུང་རབ་མདོའི་ཕྱོགས་ཀྱི་དགོངས་འགྲེལ། འཕགས་པའི་ཡུལ་ནས་གངས་ཅན་གྱི་ཁྲོད་དུ་སྔ་ཕྱི་ཇི་སྙེད་གཅིག་འགྱུར་བ་དེ་སྙེད་ཐམས་ཅད་ཕྱོགས་གཅིག་ཏུ་གླེགས་བམ་ཏུ་བསྡེབས་པ་བསྟན་བཅོས་འགྱུར་རོ་ཅོག་འདི། དད་པ་དང་ཤེས་རབ་དང་བསོད་ནམས་ཀྱི་དཔལ་གྱིས་མངོན་པར་མཐོ་ཞིང༌། གཅིག་ཏུ་དགེ་བ་ལ་ཐུགས་གཞོལ་བ་རྒྱལ་བའི་སྲས་ཀྱི་རྣམ་ཐར་ལྷུར་ལེན་པ། དྲུང་ཆེན་ཨ་མགོན་བཟང་པོས་སྦྱིན་པ་རྣམ་བཞི་རྫོགས་པར་ཡོངས་སུ་ཚང་བའི་ཚུལ་གྱིས་ལེགས་པར་བསྒྲུབས་ཤིང༌། རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པས་མཐར་ཕྱིན་པར་གྲུབ་པའོ།།  །།རྨད་བྱུང་དགེ་བ་འདི་དང་དགེ་བ་གཞན། །མ་ལུས་བློ་ཡི་གཅིག་ཏུ་རབ་བསྡུས་ནས། །མ་གྱུར་འགྲོ་བས་བྱང་ཆུབ་ཐོབ་སླད་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །གནས་སྐབས་ཀུན་དུ་བསྟན་པའི་དཔལ་གྱུར་པ། །གྲགས་དང་བསོད་ནམས་དགེ་བས་མངོན་མཐོ་བ། །སྦྱིན་བདག་སྐུ་མཆེད་སྲས་དང་བཙུན་མོར་བཅས། །སླད་ནས་འབྱོན་འགྱུར་ཞལ་ངོ་ཐམས་ཅད་ཀུན། །སྐུ་ཚེ་ལྷུན་པོ་ལྟ་བུར་ཆེར་བརྟན་ཞིང༌། །དཔལ་འབྱོར་རྒྱ་མཚོ་བཞིན་དུ་ངང་གིས་འདུ། །སྙན་གྲགས་ཉི་ཟླ་ལྟ་བུར་ཆེར་གསལ་བས། །རྒྱལ་སྲིད་འཛིན་མའི་ཁྱོན་ལྟར་རྒྱས་གྱུར་ཅིག །མཐུན་པའི་གྲོགས་བྱེད་རྣམས་དང་ཞལ་ཏ་བ། །ཞུས་དག་མཁན་དང་ཡི་གེ་པ་ལ་སོགས། །དགེ་བའི་ཕྱོགས་འདིར་ཞུགས་པ་ཇི་སྙེད་པ། །དེ་སྙེད་ཐམས་ཅད་སངས་རྒྱས་སར་འགྲོ་ཤོག །སངས་རྒྱས་བཀྲ་ཤིས་སྐུ་གསུམ་དཔལ་གྱིས་མཐོང༌། །དམ་ཆོས་བཀྲ་ཤིས་བདེན་གཉིས་ཡོན་ཏན་ལྡན། །དགེ་འདུན་བཀྲ་ཤིས་བསླབ་གསུམ་ཡོན་ཏན་འབྱོར། །སྐྱབས་གསུམ་དམ་པས་བཀྲ་ཤིས་དེང་འདིར་ཤོག །ཐེག་པ་ཆེན་པོ་མདོ་ཡི་ཕྱོགས་ཀྱི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་འདི་ནི། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རབ་བྱུང་གི་ལོ་སྨལ་པོ་ཟླ་བའི་ཡར་ཚེས་བཅོ་ལྔ་ལ། གློ་བོའི་ས་ཡི་ཆ་དཔལ་བྲག་དཀར་ཐེག་ཆེན་གླིང་གི་གཙུག་ལག་ཁང་ཆེན་པོར་བྲིས་པའོ། །འདིས་དམ་པའི་ཆོས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག།  །།« ༄། །རྗེ་བཙུན་ས་སྐྱ་པའི་བཀའ་འབུམ་གྱི་དཀར་ཆག་བཞུགས་སོ།།  »༈ །ཨོཾ་སྭ་སྟི་སིདྡྷཾ། རྗེ་བཙུན་ས་སྐྱ་པ་འགྲན་ཟླ་དང་བྲལ་བའི་གྲུབ་ཆེན་གསུམ་གྱི་གསུང་རབ་རིན་པོ་ཆེ་རྣམས་ཀྱི་མཚན་གྱི་རྣམ་གྲངས་གསལ་བར་བཤད་པ་དཀར་ཆག་རིན་པོ་ཆེའི་ལྡེ་མིག་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །བརྩེ་ཆེན་གང་གིས་འགྲོ་ཀུན་དགའ་བའི་དམ་ཆོས་སྙིང་པོ་མཆོག་བརྙེས་པས། །ཕུན་ཚོགས་བསོད་ནམས་མཁྱེན་པའི་རྩེ་མོར་ལེགས་བཤད་འོད་སྟོང་རབ་རྒྱས་ཤིང༌། །གྲགས་པའི་འོད་དཀར་ཕྱོགས་བཅུར་གསལ་བས་བསྟན་པའི་རྒྱལ་མཚན་ལེགས་འཛིན་པ། །སྐྱེ་དགུའི་འདྲེན་པ་ས་སྐྱ་པར་གྲགས་རྒྱལ་བ་གཉིས་པ་རྣམས་ལ་འདུད། །གང་གི་གསུང་རབ་ཉིན་མོར་བྱེད་པ་ཡིས། །བསྟན་པ་པདྨོའི་ཚལ་བརྒྱ་ཁ་འབྱེད་ཅིང༌། །ཉེས་བཤད་མུན་པའི་དྲྭ་བ་མཐར་མཛད་པ། །ལེགས་བཤད་རིན་ཆེན་ཕུང་པོའི་གླེགས་བམ་རྣམས། །ལྷག་བསམ་དག་པས་ཇི་ལྟར་འབྲི་ཚུལ་དང༌། །གྲངས་དང་གོ་རིམ་སྡེ་ཚན་ལ་སོགས་པ། །ཡིན་ལུགས་ཇི་བཞིན་བསྒྲུབས་པའི་དཀར་ཆག་རྣམས། །ལེགས་པར་བཤད་ཀྱིས་དོན་གཉེར་དགའ་བས་ཉོན། །འདིར་གཡེང་བ་མེད་པར་རྩེ་གཅིག་ཏུ་བསྒྲུབས་པའི་བརྟུལ་ཞུགས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་དང༌། དཔལ་སྟོབས་ཀྱི་མགོན་པོས་བྱིན་གྱིས་བརླབས་པས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་དང༌། རྣམ་པར་དག་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་དང༌། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་སྐུ་ཚེ་དཔག་ཏུ་མེད་པར་གནས་ལྔ་རིག་པའི་པཎྜི་ཏ་བར་མ་ཆད་པར་གྱུར་པས། སྐུ་ཚེ་འདིར་རྩོད་པ་དང་བྲལ་བའི་དགེ་བའི་བཤེས་གཉེན་བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་པ་བློ་གྲོས་ཕྱོགས་མེད་དུ་རྒྱས་པ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང༌། ཡང་སྲིད་བདུན་དུ་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པས་རྒྱལ་བའི་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང༌། གཟུངས་དང༌། མངོན་པར་ཤེས་པ་དང༌། མཐུ་སྟོབས་ལ་སོགས་པ་ཡོན་ཏན་རིན་པོ་ཆེ་དུ་མ་ལ་དབང་འབྱོར་པའི་རྣལ་འབྱོར་གྱི་དབང་ཕྱུག་མཁས་པ་ཆེན་པོ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཏེ། དེ་ལྟར་ཁམས་གསུམ་གྱི་བླ་མ་དུས་གསུམ་གྱི་རྒྱལ་བའི་གདུང་འཚོབ་དཔལ་ལྡན་ས་སྐྱ་པའི་བླ་མ་གོང་མ་གསུམ་ཞེས། སའི་སྟེང་རྒྱ་མཚོའི་མཐའ་ཀླས་ཀྱི་བར་དུ་མཁས་ཤིང་གྲུབ་པ་བརྙེས་པའི་དབང་ཕྱུག་ཏུ་རྣམ་པར་གྲགས་པ་ཞིག་གོ །གྲུབ་པའི་དབང་ཕྱུག་སློབ་དཔོན་འདི་གསུམ་གྱིས་མཛད་པའི་གསུང་རབ་རིན་པོ་ཆེ་རྣམས་ནི། མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་དྲི་མ་མཐའ་དག་དང་བྲལ་ཞིང་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་དོན་ཇི་ལྟར་ཡིན་པ་བཞིན་གསལ་བར་སྟོན་པ། སྐལ་ལྡན་གྱི་སྐྱེས་བུ་བྱང་ཆུབ་ཏུ་བགྲོད་པའི་མན་ངག་རིན་པོ་ཆེ་ཁོ་ན་ཡིན་པས་བདག་ལེགས་སུ་འདོད་པའི་སྐྱེས་བུ་བློ་གྲོས་ཅན་རྣམས་ཀྱིས་འདི་དག་འབྲི་བ་དང༌། ཉན་པ་དང༌། འཆད་པ་དང༌། དོན་བསྒོམ་པ་ལ་བརྩོན་པར་བྱ་བར་རིགས་པ་ཡིན་ནོ། །དེའི་ཕྱིར་བློ་གྲོས་དང་བརྩོན་འགྲུས་དང་དད་པ་ཕུན་སུམ་ཚོགས་པས་རྒྱལ་བའི་གསུང་རབ་སྤྱི་དང༌། བྱེ་བྲག་ཏུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞི་དགོངས་འགྲེལ་དང་བཅས་པ་ལ་ལེགས་པར་སྦྱངས་ཤིང༌། ཚུལ་ཁྲིམས་དང་བསྒྲུབས་པའི་ནོར་གྱིས་རྒྱུད་ཕྱུག་པ་བླ་མ་ཀུན་དགའ་གཞོན་ནུས་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ། བསྟན་པ་རིན་པོ་ཆེ་རྒྱས་པར་བྱ་བའི་ཆེད་དུ། ལ་བ་ལྷ་ཁང་སྟེང་གི་གཙུག་ལག་ཁང་ནས་འབུལ་བ་དང་ཟང་ཟིང་གི་ལོངས་སྤྱོད་གྱ་ནོམ་པ་དང་བཅས་ཏེ། རང་གི་ཚ་བོ་དད་པ་དང་ཚུལ་ཁྲིམས་དང་ལྡན་པའི་བཤེས་གཉེན་གཞོན་ནུ་བཟང་པོ་ཞེས་བྱ་བ་དམ་པའི་ཆོས་ཀྱི་ཆེད་དུ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་བརྫངས་ཏེ། རྩ་བའི་བླ་མ་དང་སློབ་དཔོན་དུ་གྱུར་པའི་དགེ་བའི་བཤེས་གཉེན་རྣམས་ལ་ལོངས་སྤྱོད་ཀྱི་མཆོད་པ་རབ་ཏུ་མང་པོ་ཕུལ་ཞིང༌། བྱེ་བྲག་ཏུ་གསུང་རབ་རིན་པོ་ཆེ་འདི་རྣམས་མེ་ཕོ་རྟའི་ལོ་འཕགས་པའི་ཡུལ་ན་ཟིལ་གནོན་གྱི་ལོ་ཞེས་གྲགས་པའི་དབྱར་ཟླ་གསུམ་དང༌། སྟོན་ཟླ་གོང་མ་གཉིས་ལ་ལེགས་པར་བསྒྲུབས་ཤིང་ཞུས་དག་བྱས་པ་ཡིན་ནོ། །དེ་ལ་ཐོག་མར་རེ་ཞིག ཀ་པ་ལ། རྗེ་ས་སྐྱ་པ་ཆེན་པོའི་གསུང་རབ་རྣམས་བཞུགས་པ་ལ། རྒྱུད་སྡེ་སྤྱིའི་རྣམ་གཞག བརྟག་གཉིས་ཀྱི་ས་བཅད། བརྟག་གཉིས་ཀྱི་ཚིག་འགྲེལ། གུར་གྱི་ཐོ་ཡིག གུར་གྱི་བཤད་པའི་ཆིངས། རྡོ་རྗེའི་གླུའི་བཤད་པ། རྩ་ཡི་མངོན་རྟོགས་ཀྱི་བཤད་པའི་དཀའ་འགྲེལ། རྡོ་རྗེ་སྙིང་འགྲེལ་གྱི་ཡིག་སྣ། སྒྲུབ་ཐབས་མཚོ་སྐྱེས་ཀྱི་ས་བཅད། སློབ་དཔོན་མཚོ་སྐྱེས་ཀྱི་ལོ་རྒྱུས། བདག་མེད་མའི་བྱིན་བརླབ་འདི་རྗེ་བཙུན་རིན་པོ་ཆེས་མཛད་པ་ཡིན་ཀྱང༌། མ་དཔེ་ལ་འདིར་ཤོར་བ་ལྟར་བྲིས་འདུག་གོ །མཚོ་སྐྱེས་ཀྱི་བཤད་པ་ཚིགས་བཅད་མ། གུར་གྱི་རྒྱུད་ཀྱི་ཟིན་བྲིས། གུར་གྱི་དབང་གི་བཤད་པ། རྒྱུད་ཀྱི་དཀའ་གནས་བཤད་པ། སམྦུ་ཊའི་རྒྱུད་ཀྱི་དགའ་འགྲེལ། རྫོགས་རིམ་གྱི་མན་ངག རྒྱུད་ཕྱི་མའི་བཤད་པ་གཉིས། སམྦུ་ཊའི་རྡོར་དབྱིངས་ཀྱི་དཀྱིལ་ཆོག ཀྱེ་རྡོ་རྗེའི་གདན་གྱི་རྣམ་དག སྔོན་འབྱུང་གི་རྣམ་འཕྲུལ། ཌོམྦི་ཧེ་རུ་ཀས་མཛད་པའི་དེ་ཉིད་བཅུ་པའི་དཀའ་འགྲེལ། ཀག་ཆོལ་གྱི་སྒྲུབ་ཐབས། རིན་ཆེན་རྡོ་རྗེས་མཛད་པའི་འགྲེལ་པ། བདེ་མཆོག་རྩ་རྒྱུད་ཀྱི་ལེ་འགྲེལ། ས་བཅད། དཀའ་འགྲེལ། བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་གི་ཡིག་སྣ། འདི་ཐེ་ཚོམ་ཅན་ཡིན་གསུང༌། ནག་པོ་གཞུང་དྲུག་གི་ཊཱི་ཀ་དང་མན་ངག་ནག་འབུམ་དུ་གྲགས་པ་ལ། སློབ་དཔོན་སྤྱོད་པའི་རྡོ་རྗེའི་ལོ་རྒྱུས། གཞུང་དྲུག་སྤྱིའི་རྣམ་གཞག དཀྱིལ་ཆོག སྒྲུབ་ཐབས། སྦྱིན་སྲེག གསང་བའི་དེ་ཁོ་ན་ཉིད་གསལ་བ། ཨོ་ལ་པ་ཏི། དཔྱིད་ཐིག་རྣམས་ཀྱི་ས་བཅད་རེ་རེ། རས་བྲིས་ལ་བརྟེན་པའི་དཀྱིལ་ཆོག མངོན་རྟོགས་ཀྱི་གསལ་བྱེད། སྦྱིན་སྲེག་གི་ཊཱི་ཀ དེའི་ལག་ལེན། གསང་བའི་དེ་ཁོ་ན་ཉིད་གསལ་བའི་ཊཱི་ཀ ཨོ་ལ་པ་ཏིའི་རྣམ་བཤད། ཨོ་ལ་པ་ཏིའི་མན་ངག དཔྱིད་ཐིག་གི་ཊཱི་ཀ་རྣམས་སོ། །འཇིགས་བྱེད་རྟོག་བདུན་ཀྱི་ཊཱི་ཀ སྒྲོལ་མ་བཅུ་བདུན་མའམ། བཅུ་གསུམ་མའི་དཀྱིལ་ཆོག མན་ངག་གཅེས་བསྡུས་སུ་གྲགས་པ་ལ། བིརྺ་པའི་སྒྲུབ་ཐབས་སོགས་མན་ངག་གི་རྣམ་གྲངས་བཞི་བཅུ་ཞེ་དྲུག་ཕྱོགས་གཅིག་ཏུ་བྲིས་པ། གུར་གྱི་ཁྲོ་བཅུའི་གདམས་ངག བྷ་ཡ་ནའི་གདམས་ངག བླ་མ་སྐྱུ་ར་ཨ་སྐྱབས་ལ་ཞུ་ཡིག བུམ་གཏེར་གཞུག་ཚུལ་གྱི་མན་ངག་རྣམས་བཞུགས་སོ། །ཁ་པ་ལ། སློབ་དཔོན་རིན་པོ་ཆེའི་གསུང་རབ་བཞུགས་པ་ལ། རྗེ་ས་སྐྱ་པ་ཆེན་པོ་ལ་བསྟོད་པ། ལམ་འབྲས་བརྒྱུད་པའི་གསོལ་འདེབས། རྒྱ་སྒོམ་ཚུལ་ཁྲིམས་གྲགས་པ་ལ་སྤྲིང་ཡིག སློབ་དཔོན་ཕྱྭ་པ་ལ་བསྟོད་པ། རྒྱུད་སྡེ་སྤྱིའི་རྣམ་གཞག་ཆོས་རྗེ་པས་ཞུས་དག་མཛད་པ། བརྟག་གཉིས་ཀྱི་ས་བཅད། རྒྱུད་ཀྱི་རྣམ་བཤད་ཉི་མའི་འོད་ཟེར། སམྦུ་ཊའི་རྒྱུད་ཀྱི་ས་བཅད། སམྦུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད། གཉིས་པའི་རབ་བྱེད། གཉིས་པའི་ཊཱི་ཀ སྒྲུབ་ཐབས་མཚོ་སྐྱེས་ཀྱི་ཊཱི་ཀ ནས་གླིང་མའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དབང་ཆོག ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དབང་ཆོག བཟང་པོ་ཡོངས་བཟུང་གི་རབ་གནས་དང༌། སྦྱིན་སྲེག་གི་ཆོ་གའི་ཊཱི་ཀ་རྣམས་བཞུགས་སོ། །ག་པ་ལ། ཀྱེ་རྡོ་རྗེའི་མན་ངག་ལུགས་ཀྱི་མངོན་རྟོགས་རྒྱས་པ། དབང་གི་ཆུ་བོ། རབ་གནས་བཟང་དྲུག ཞི་བའི་སྦྱིན་སྲེག བདག་མེད་མའི་དབང་གི་ཐོ་ཡིག བདེ་མཆོག་དྲིལ་བུ་པའི་སྒྲུབ་ཐབས། དྲིལ་བུ་པའི་དབང་གི་བྱ་བའི་ཊཱི་ཀ ལོ་ནག་གི་མཆོད་ཕྲེང༌། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊཱི་ཀ་དང་ས་བཅད། སེང་གེ་སྒྲའི་སྒྲུབ་སྐོར། དོན་ཡོད་ཞགས་པའི་ལོ་རྒྱུས། དོན་ཞགས་རྒྱུད་ཆུང་གི་ས་བཅད། ལྷ་ལྔའི་བསྟོད་པ། དོན་ཡོད་ཞགས་པའི་མདོའི་འགྲེལ་པ། རྡོ་རྗེ་གདན་པའི་མན་ངག་ཆོས་དྲུག མི་གཡོ་བ་སྔོན་པོའི་ཆོས་སྐོར་གདམས་ངག་དང་བཅས་པ། དེ་ལ་ཉེ་བར་མཁོ་བའི་སྲུང་འཁོར་གྱི་རྒྱ་གཞུང་ཡང་ཞོར་ལ་བྲིས་སོ། །གཏོར་ཆེན་གྱི་ཆོ་ག སྤྱོད་འཇུག་གི་ཊཱི་ཀ ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་བླག་ཏུ་འཇུག་པ་རྣམས་བཞུགས་ཤིང༌། པུསྟི་ཁ་ལོང་པའི་ཆེད་དུ་བདེ་མཆོག་རྩ་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ་ཞེས་བྱ་བ། བླ་ཆེན་མལ་དང༌། རྗེ་ས་ཆེན་གཉིས་ཀར་གྱི་སློབ་མ་རྗེ་བཙུན་སྐུ་མཆེད་གཉིས་ཀར་གྱི་སློབ་དཔོན་བླ་མ་གཉན་ཕུལ་ཆུང་བས་མཛད་པ་ཡང་བཞུགས་སོ། །ང་པ་ལ། རྗེ་བཙུན་རིན་པོ་ཆེའི་གསུང་རབ་བཞུགས་པ་ལ། ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས། རྗེ་ས་ཆེན་གྱི་རྣམ་ཐར། བླ་མ་ལྔ་བཅུ་པའི་ཊཱི་ཀ ཚར་གསུམ་ཁུགས་པའི་མན་ངག བརྟག་གཉིས་ཀྱི་རྣམ་བཤད་དག་ལྡན། རྒྱུད་གསུམ་གྱི་མངོན་རྟོགས་རིན་པོ་ཆེའི་ལྗོན་ཤིང་སྟོང་ཐུན་ས་བཅད། རྒྱུད་སྡེའི་དུམ་བུ། རྡོ་རྗེ་གུར་གྱི་ས་བཅད། འགྲེལ་པ་གུར་གྱི་རྒྱན། གུར་གྱི་ཐིག་གི་ཆོ་ག ཀྱེ་རྡོ་རྗེའི་མངོན་རྟོགས་ཡན་ལག་དྲུག་པ། བདག་མེད་མའི་མངོན་རྟོགས། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བ། ཚོགས་འཁོར་གྱི་ཆོ་ག ལས་བཞིའི་སྦྱིན་སྲེག རྡོ་རྗེ་དྲིལ་བུ་དང༌། བགྲང་ཕྲེང་གི་དེ་ཉིད། རྒ་སྟོན་རྡོ་རྗེ་གྲགས་པ་ལ་གདམས་པ། རྒྱུད་འབུམ་གྱི་དཀར་ཆག བླ་མ་གོང་མའི་ཆོས་སྐོར་གྱི་དཀར་ཆག ཀྱེ་རྡོ་རྗེའི་ཆོས་སྐོར་གྱི་དཀར་ཆག དབང་གི་སྔོན་འགྲོའི་སེམས་བསྐྱེད་ཀྱི་ཆོ་ག རིན་ཆེན་འབར་བའི་ས་བཅད། དུས་ཐ་མའི་ཆོ་ག་གཞན་ཕན་བདུད་རྩི། ཀྱེ་རྡོ་རྗེའི་བསྟོད་པ་དཎྜ་ཀ བདག་མེད་མ་ལྷ་མོ་བཅོ་ལྔའི་བསྟོད་པ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་བཀྲ་ཤིས་རྣམས་བཞུགས་སོ། །ཅ་པ་ལ། ཧེ་རུ་ཀའི་བྱུང་ཚུལ། བདེ་མཆོག་ལོ་ཧི་པའི་མངོན་རྟོགས། བདེ་མཆོག་ལོ་ཧི་པའི་དཀྱིལ་ཆོག་གི་ས་བཅད། འཁྲུགས་ཅན་དང་འཁྲུགས་མེད་གཉིས། ནག་པོ་པའི་སྒྲུབ་ཐབས་དང༌། སྦྱིན་སྲེག་ལ་ས་བཅད་རེ་རེ། ནག་པོ་པའི་དཀྱིལ་ཆོག་གི་འགྲེལ་པ། དཀྱིལ་ཆོག་ལག་ཏུ་བླང་བའི་རིམ་པ། དྲིལ་བུ་པའི་ལོ་རྒྱུས། དྲིལ་བུ་པའི་སྒྲུབ་ཐབས། རིམ་ལྔའི་ཊཱི་ཀ ཚེས་བཅུའི་མཆོད་པ་བྱ་ཚུལ། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། སྔགས་ཀྱི་དེ་ཉིད་ཀྱི་བྱིན་རླབས་ཞེས་བྱ་བའི་རྫོགས་རིམ། ལས་བཅུའི་གསལ་བྱེད། མཻ་ཏྲི་མཁའ་སྤྱོད་ཀྱི་རྒྱུད་ཀྱི་དུམ་བུ། སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ། རྗེས་གནང་གི་ཆོ་ག་རྒྱལ་བའི་སྡེས་མཛད་པ། འདི་གསུམ་རྗེ་བཙུན་གྱིས་མཛད་པ་མིན་ཀྱང་ཕྱོགས་གཅིག་བསྒྲིགས་མཁན་དང༌། མཆན་དང་ཟིན་བྲིས་ཕྲེང་རེ་བ་འདི་རྣམས་མཛད་པ་ཡིན་པས་འདིར་བྲིས་སོ། །ན་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། ཕྱི་མཆོད་མདོར་བསྡུས་གསལ་བྱེད། ཚེས་བཅུའི་མཆོད་པ། ཚོགས་འཁོར། སྦྱིན་སྲེག མར་མེའི་སྦྱིན་སྲེག པྲ་ཕབ་པ། གནོད་སྦྱིན་མོ་སྒྲུབ་པའི་མན་ངག སྨན་ཆེན་པོའི་བཅུད་ལེན། འདི་ས་ཆེན་གྱི་ཡིན་པས་གོང་དུ་འབྲི་རྒྱུ་ཡིན་ནའང༌། ཕག་མོ་སྐོར་གསུམ་གྱི་གདམས་ངག་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་སྔ་མ་རྣམས་ཀྱིས་འདིར་བྲིས་པ་བཞིན་བཞག་གོ །རྩ་དབུ་མའི་ཁྲིད་ཡིག ངེས་བརྗོད་བླ་མའི་འཁོར་ལོ་བྲི་བའི་གདམས་ངག རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ཀྱི་དོན་བསྡུས། ཊཱི་ཀ ཀུ་རུ་ཀུལླེའི་སྒྲུབ་ཐབས། ཚོགས་བདག་གི་སྒྲུབ་ཐབས། དགྲ་ནག་གི་མངོན་རྟོགས། རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ། བདུད་རྩི་འཁྱིལ་པའི་གདམས་ངག སྒྲོལ་མ་ཞི་ཁྲོའི་སྒྲུབ་ཐབས། བསྟོད་པ་འདོན་ཐབས་ལས་ཁ་ཚར་བ་དང་བཅས་པ། ནཱ་རོ་པའི་གདམས་ངག སྒྲོལ་མ་སྤྱིའི་སྒྲུབ་ཐབས། སོ་སོའི་སྒྲུབ་ཐབས། བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང༌། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་ཀྱི་ཊཱི་ཀ དེའི་ས་བཅད། སྒྲོལ་མ་ལུས་དཀྱིལ་གྱི་སྒྲུབ་ཐབས་མཆིམས་ཆོས་སེང་གི་དོན་དུ་མཛད་པ། ཕྱག་འཚལ་ཉེར་གཅིག་གི་ས་བཅད། དེའི་ཊཱི་ཀ་གསལ་བའི་འོད་ཟེར། འདི་རྗེ་བཙུན་གྱིས་སྒྲོལ་མ་ལ་མཆན་མཛད་པ་དེ་གང་ཟག་རྗེས་མ་གཅིག་གིས་མཚན་དཀྱུས་སུ་བཅུག་པར་སྣང་ངོ༌། །སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དྲུག་པ། སྒྲོལ་མ་མཎྜལ་བཞིའི་གསོལ་འདེབས། རྗེ་བཙུན་ཉིད་ཀྱི་རྣལ་ལམ་ཇི་ལྟར་བྱུང་ཚུལ། འདི་ཁམས་པ་སྦལ་སྟོན་གྱིས་བྲིས་པ་ཡིན་ཀྱང༌། རྗེ་བཙུན་གྱི་གསུང་ཇི་ལྟ་བ་བཞིན་ཡིན་པས་འདིར་བྲིས་འདུག་གོ །ནང་གི་ལྷུང་བཟེད་བརྟག་པ། འདི་རྗེ་བཙུན་གྱི་གསུང་བཞིན་ནཱ་རོའི་བནྡེ་བཤེས་གཉེན་པས་བྱས་པའི་ཟིན་བྲིས་ཡིན་ཀྱང་འདིར་བྲིས་འདུག་གོ །ག་རིངས་རྒྱལ་པོ་ལ་རྩིས་བསྡུར་དུ་བསྐུར་བ། ཧེ་རུ་ཀའི་ཆས་དྲུག་གི་བཤད་པ། རྩ་ལྟུང་གི་འགྲེལ་པ་འཁྲུལ་པ་སྤོང་བ། སྒྲུབ་ཐབས་བརྒྱ་རྩ་ལ་གཞུང་དགུ་བཅུ་གོ་དྲུག་ཡོད་པའི་ཊཱིཀ་ཆུང་རེ་རེ། སྤྱིའི་རྣམ་གཞག་གཅིག ས་བཅད་རེ་རེ་དང་བཅས་པ་ལ་སྒྲུབ་ཐབས་བསྡུས་པའི་ཡིག་སྣ་ཞེས་གྲགས་པ་རྣམས་བཞུགས་སོ། །ཆ་པ་ལ། ངན་སོང་སྦྱོང་རྒྱུད་ཀྱི་སྤྱི་དོན། སྦྱོང་རྒྱུད་ཀྱི་ས་བཅད། རྡོ་རྗེ་འབྱུང་བའི་ཊཱི་ཀ ཀུན་རིག་གི་ཆོ་ག་གཞན་ལ་ཕན་པའི་འོད་ཟེར། ཆོ་ག་བསྡུས་པ་གཞན་ཕན་ཉེར་མཁོ། ཨརྒའི་ཆོ་ག རབ་གནས་དོན་གསལ། རིགས་གསུམ་སྤྱིའི་དཀྱིལ་ཆོག་གོ །དཔའ་བོ་གཅིག་ཏུ་བསྒྲུབ་པའི་རྒྱུད་ཀྱི་ཊཱི་ཀ མི་གཡོ་བ་སྔོན་པོའི་བསྟོད་པ་འཐད་ལྡན། འཇམ་དབྱངས་ལ་བསྟོད་པ་རྒྱུད་གསུམ་གྱི་འཁོར་ལོ། མཚན་བརྗོད་འདོན་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཚིགས་བཅད་མ། འདི་སྔོན་གྱི་དཔེ་རྙིང་ཞིག་ལ་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་བྱ་བ་སྣང་སྟེ་དེ་དག་པ་ཡིན་ནོ། །ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས། འདི་སིདྷ་ཤྲཱི་ཟེར་བ་གཅིག་གིས་བྱས་པར་སྣང་ཀྱང༌། མ་དཔེ་ན་བྲིས་པ་བཞིན་འདིར་ཤོར་བ་ཡིན་ནོ། །ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་ཆོག དོན་ཡོད་ཞགས་པའི་ཆོ་ག མཎྜལ་གྱི་ཆོ་ག བསྟོད་པ། སྲུང་འཁོར་བྲི་ཚུལ། ལག་ན་རྡོ་རྗེའི་གཟུངས་ཀྱི་མན་ངག རྣམ་འཇོམས་ཀྱི་རྒྱུད་ཀྱི་ཊཱི་ཀ ས་བཅད། དཔུང་བཟང་གི་རྒྱུད་ཀྱི་ཊཱི་ཀ ནམ་མཁའ་ལྡིང་གི་གདམས་ངག མི་གཡོ་བ་གསང་རྒྱུད་ལེའུ་བཞི་པའི་གདམས་ངག གཏོར་ཆེན་དོན་ལྔའི་ཆོ་ག འདི་རྗེ་བཙུན་རྩེ་མོའི་གཏོར་ཆེན་དང་མི་མཐུན་པས་མིན་པ་འདྲ་ནའང་སྔ་མ་རྣམས་ཀྱི་བྲིས་པ་བཞིན་བཞག་གོ །གཏོར་མ་བརྒྱ་རྩ་གཏང་ཚུལ། ཤཱཀྱའི་རྒྱལ་རབས། བོད་ཀྱི་རྒྱལ་རབས་རྒྱ་བོད་ཀྱི་དགེ་འདུན་གྱི་གྱེས་མདོ། དུས་ཚོད་བཟུང་བའི་རྩིས་ཡིག གཟའ་སྐར་འཕྲོད་མི་འཕྲོད་བརྟག་པ། ཞེས་དགུ་ཕྲུགས་ཀྱི་ཡི་གེ ཕྱག་རྒྱ་ཆེན་པོ་གཅེས་བསྡུས་ཞེས་བྱ་བ། བླ་མ་སོ་སོའི་གདམས་ངག་ཟབ་མོ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ་ཕྱག་རྒྱ་ཆེན་པོ་གཉིས་མེད། འོད་གསལ་ལ་སོགས་གདམས་ངག་སུམ་ཅུ་ཐམ་པ། ཆོས་སྤྱོད་རིན་ཆེན་ཕྲེང་བ། སྡོམ་པ་ཉི་ཤུ་པའི་རྣམ་བཤད། སྤྱོད་འཇུག་གི་ས་བཅད། ཡེ་ཤེས་རྡོ་རྗེ་ལ་གདམས་པའི་ཉམས་དབྱངས། ཞེན་པ་བཞི་བྲལ་གྱི་མན་ངག ཁམས་བདེ་འདྲི་བའི་དོན་གྱི་ཉམས་དབྱངས། ས་སྐྱའི་གནས་ལ་བསྟོད་པའི་ཉམས་དབྱངས། རྨི་ལམ་ཉམས་ལེན་བརྒྱད་ཀྱི་ཉམས་དབྱངས། གཉེན་པོ་བསྟེན་ཚུལ་གྱི་ཉམས་དབྱངས། སེམས་འདུལ་ཚུལ་གྱི་ཉམས་དབྱངས། བསྒྲུབ་པ་ཉམས་སུ་ལེན་ཚུལ། གསང་སྔགས་ནང་གི་ཉམས་ལེན། རང་ལ་རང་གིས་བསྐུལ་བ། ཉམས་དབྱངས་ཆེན་མོ། འདི་གླིང་རས་ཀྱི་ཟུར་ཟ་ཆེན་མོ་ལ་བཅོས་ནས་གཞན་ཞིག་གི་བྱས་པ་ཡིན་ནམ། ཞེས་བདག་གི་བླ་མ་གསུང་ངོ༌། །སྨན་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་གྲགས་པའི་སྨན་དཔྱད་ཀྱི་གདམས་ངག་ཆེན་མོ་འདི་སྨན་ཡན་ལག་བརྒྱད་པའི་མན་ངག་འཕགས་པ་ཀླུ་སྒྲུབ་ནས་ལོཙྪ་བ་རིན་ཆེན་བཟང་པོའི་བར་རིམ་པར་བརྒྱུད་དེ། བླ་མ་མལ་ལོཙྪ་བ་ཆེན་པོ་ལས་བྱུང་བའི་གདམས་ངག་རྣམས་རྗེ་ས་ཆེན། རྗེ་བཙུན་ཆེན་པོ། བླ་མ་དཔལ་ཆེན་འོད་པོ་རྣམས་ཀྱི་གདམས་ངག་ཐོར་བུར་མཛད་པ་རྣམས། ཕྱོགས་གཅིག་ཏུ་བསྡེབས་པ་ཡིན་པས། དང་པོ་འདུ་བ་སྤྱིའི་རྣམ་གཞག་ནས། མཐར་མགོ་བཅོས་ཀྱི་མན་ངག་གི་བར་ལ་སྨན་དཔྱད། ཐོར་དཔྱད། རྟེན་འབྲེལ་གྱི་གདམས་ངག རབ་ཏུ་མང་པོ་ཞིག་བཞུགས་སོ། །ཕུན་ཚོགས་དགེ་བའི་རྩ་བ་རྒྱ་ཆེན་འདི། །མཁས་ཀུན་དགའ་བའི་བློ་གྲོས་བཟང་པོ་ཅན། །རྒྱལ་སྲས་གཞོན་ནུའི་སྤྱོད་པ་རྗེས་བསྒྲུབས་པ། །གསང་སྔགས་འཛིན་པ་དེ་ཡིས་བསྐུལ་བ་ཡིན། །བསྟན་པ་རྒྱས་དང་གསུང་རབ་སྤེལ་ཕྱིར་དང༌། །རབ་འབྱམས་ཚོགས་གཉིས་རྣམ་པར་རྒྱས་ཕྱིར་དུ། །དད་ཅན་བློ་ལྡན་གཞོན་ནུ་བཟང་པོས་ཀྱང༌། །དགེ་བའི་བསམ་པས་ལེགས་པར་བསྐུལ་བ་ཡིན། །འདིར་འབད་དགེ་བ་འོད་སྟོང་བདག་པོ་དེས། །ཐུབ་བསྟན་གླིང་བཞི་ཕྱོགས་ཀུན་གསལ་བ་དང༌། །སྦྱིན་བདག་སྒྲིབ་པའི་མུན་པ་ཞི་བ་དང༌། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཐོབ་ཕྱིར་བསྔོ། །གནས་སྐབས་ཀུན་དུ་སྦྱིན་བདག་འཁོར་བཅས་རྣམས། །ཚེ་རིང་ནད་མེད་དམ་ཆོས་འཕེལ་བ་དང༌། །ཚུལ་ཁྲིམས་དག་ཅིང་འབྱོར་པ་རྒྱས་པ་སོགས། །ཅི་བསམ་དོན་ཀུན་ཆོས་བཞིན་འགྲུབ་པར་ཤོག །བླ་མའི་བཀྲ་ཤིས་དངོས་གྲུབ་ཀུན་སྩོལ་ཞིང༌། །མཆོག་གསུམ་བཀྲ་ཤིས་མཁྱེན་བརྩེ་ཕུན་སུམ་ཚོགས། །ཆོས་སྐྱོང་བཀྲ་ཤིས་མཐུ་སྟོབས་དཔག་མེད་པ། །གསུམ་གྱི་བཀྲ་ཤིས་དམ་པས་དགེ་ལེགས་ཤོག།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*