ཚེ་དཔག་མེད་ལ་བསྟོད་པ།

༼བ༽

༄༅། །ཚེ་དཔག་མེད་ལ་བསྟོད་པ་བཞུགས།།

༄༅། །སྣ་ཚོགས་འདབ་རྒྱས་ཆུ་སྐྱེས་ལྟེ་བར་བསིལ་ཟེར་ཅན་སྟེང་དུ། །ལྷུན་པོ་ལྟར་བརྗིད་འོད་ཟེར་ཆེར་འཕྲོས་པདྨ་རཱ་གའི་མདོག །བདུད་རྩིས་ཡོངས་གང་ལྷུང་བཟེད་ལེགས་འཛིན་མཉམ་གཞག་ཕྱག་རྒྱ་ཅན། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་མགོན་གུས་པས་ཕྱག་འཚལ་ལོ།། ༈ །།འདི་ལ་མ་དམིགས་སྲིད་ལ་མི་སྨོན་ཞིང༌། །བདག་ལ་མ་ཆགས་སྟོང་ཉིད་སྙིང་རྗེ་ཡིས། །སྲིད་དང་ཞི་བའི་མཐའ་གཉིས་རྣམ་བསལ་ནས། །སྐུ་གསུམ་མངོན་དུ་བྱེད་པའི་ཐེག་ཆེན་ལམ།། ༈ །།ཡན་ལག་དྲུག་ཅུ་ལྡན་པའི་གསུང་དབྱངས་ཀྱིས། །ཡོན་པོའི་གཞུང་ལུགས་རྣམ་པར་སུན་ཕྱུང་ནས། །ཡིན་པར་ངེས་པའི་ཆོས་དོན་སྟོན་མཛད་ཅིང༌། །ཡུན་དུ་འགྲོ་ལ་རྣམ་པར་གསལ་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*