དཔོན་མོ་དུ་གལ་དུར་མིས་ལ་སྤྲིང་བ། དུ་གལ་དུར་མིས་ལ་སྤྲིང་བ།

༼བ༽

༄༅། །དཔོན་མོ་དུ་གལ་དུར་མིས་ལ་སྤྲིང་བ་བཞུགས།།

༄༅། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །དཔལ་མགོན་རྣམས་ཀྱིས་གུས་བཏུད་ཅིང༌། །དཔལ་འབྱོར་ཀུན་གྱིས་རབ་འབྱོར་བ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །དད་དང་མཁྱེན་རབ་རབ་གསལ་བས། །དོན་གཉིས་ཕུན་སུམ་ཚོགས་གྱུར་པ། །དཔོན་མོ་དུ་གལ་དུར་མིས་ནི། །ཕྱོགས་དུས་ཀུན་ནས་རྒྱལ་གྱུར་ཅིག །ཁྱེད་ཐུགས་དགེས་པ་མཚོ་ཡི་པད་ལྟར་རྒྱས། །དགེ་བ་ཡར་ངོའི་ཟླ་བཞིན་ངང་གིས་འཕེལ། །སྐུ་ཚེ་ཆུ་བོ་ཆེན་པོའི་རྒྱུན་ལྟར་རིང༌། །གསུམ་པོ་དེ་ཡིས་རྟག་ཏུ་བདེ་ལེགས་ཤོག །དཔོན་མོ་དུ་གལ་དུར་མིས་ལའོ།།  །།

༄༅། །ཡང་དུ་གལ་དུར་མིས་ལ་སྤྲིང་བ་བཞུགས།།

༄༅། །ཆོས་ཀྱི་དབྱིངས་ལས་བྱུང་གྱུར་ཞིང༌། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་གྱུར་པ། །སྒྲོལ་མས་རྟག་ཏུ་ཁྱོད་སྐྱོངས་ཤིག །དཔོན་མོ་དུ་གལ་དུར་མིས་ལའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*