ཤོང་སྟོན་ལོ་ཙཱ་ལ་སྤྲིང་བ།

༼བ༽

༄༅། །ཤོང་སྟོན་ལོ་ཙཱ་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་འཕགས་པས། ཤོང་སྟོན་ལོ་ཙཱ་བའི་སྙན་དུ་གསོལ་བ། མཁས་པས་ཤེས་པར་བྱ་བ་ཡི། །ཤེས་བྱས་ཤེས་རབ་ལྷུན་སྡུག་པར། །གྱུར་པས་མཁས་གཞན་ཟིལ་གནོན་ཞིང༌། །བློ་གསལ་རྣམས་ཀྱི་ཡིད་གཡོ་བར། །བྱེད་པས་སྔོན་གྱི་དམ་པ་དང༌། །མཚུངས་པ་ཉིད་དུ་གང་གྱུར་པ། །སྡོམ་བརྩོན་སྐད་གཉིས་སྨྲ་བ་ཁྱོད། །ཡུན་རིང་གནས་ཤིང་རྒྱལ་གྱུར་ཅིག །འགྲོ་བ་ཀུན་གྱི་ཡིད་ལ་འཇམ་པའི་དཔལ། །ཞུགས་ཤིང་ངག་ལ་རྡོ་རྗེ་དབྱངས་ཅན་མ། །ཉེ་བར་ཞུགས་ནས་བློ་དང་ངག་གི་དཔལ། །ཕུན་སུམ་ཚོགས་པའི་འབྱོར་པས་འབྱོར་གྱུར་ཅིག །མ་ལུས་ཕྱོགས་བཅུའི་རྒྱལ་བའི་ཞིང་ཀུན་སྨན་དང་འབྲས་བཅུད་ཕུན་ཚོགས་ཤིང༌། །སྐྱེ་དགུའི་ཚོགས་རྣམས་འཚེ་བ་མེད་ལ་བདེ་བ་ཀུན་ལ་ལོངས་སྤྱོད་པ། །བདེ་བའི་འབྱུང་གནས་རྒྱལ་བའི་བསྟན་པའང་ཕྱོགས་རྣམས་ཀུན་ཏུ་རབ་རྒྱས་ཏེ། །འགྲོ་བའི་ཆོས་ཚུལ་དྲི་མེད་སྤྱད་ནས་ཀུན་ཀྱང་སངས་རྒྱས་ཉིད་གྱུར་ཅིག །ཤོང་སྟོན་ལའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*