ཡན་ལག་བདུན་གྱི་གཏམ།

༼བ༽

༄༅། །ཡན་ལག་བདུན་གྱི་གཏམ་བཞུགས།།

༄༅། །ཡན་ལག་བདུན་གྱི་གཏམ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་སེམས་ས་བོན་ལས་འཁྲུངས་ཤིང༌། །ཐུགས་རྗེའི་ཆབ་ཀྱིས་རྣམ་པར་བསྐྲུན། །ཡོན་ཏན་ལོ་འདབ་རབ་རྒྱས་པ། །ཐུབ་པ་དཔག་བསམ་ཤིང་ལ་འདུད། །ཐེག་པ་ཆེན་པོའི་དོན་བསྡུས་པ། །ལུང་གི་རྗེས་སུ་འབྲངས་ནས་བཤད། །གང་གིས་སྲིད་པའི་སྡུག་བསྔལ་ཤེས། །དེ་ཡིས་སྲིད་དོན་ག་ལ་གཉེར། །དད་པའི་རྩ་བ་རབ་བརྟན་པ། །སྐྱབས་མ་ཡིན་ལ་ཇི་ལྟར་བསྟེན། །བཤེས་གཉེན་མཆོག་གིས་རྗེས་གཟུང་བ། །སུ་ཞིག་ཐབས་མ་ཡིན་ལ་འཇུག །བདག་བས་གཞན་གཅེས་གང་གིས་ཤེས། །སེམས་ཅན་ཇི་ལྟར་ཡལ་བར་འདོར། །ཡང་དག་རིགས་པས་རྣམ་དཔྱད་ན། །དངོས་ལ་མངོན་པར་སུ་ཞིག་ཞེན། །བདུད་ཀྱི་ལས་ལ་རབ་མཁས་ན། །དེ་ཡི་དབང་དུ་ཇི་ལྟར་འགྲོ། །སངས་རྒྱས་ཡོན་ཏན་གང་གིས་ཤེས། །དེ་ཡི་བརྩོན་པ་ཇི་ལྟར་འདོར། །དེ་ལྟར་ཆོས་བདུན་དང་ལྡན་པ། །དེ་ནི་བདེ་བར་གཤེགས་པ་ཡི། །གསུང་རབ་དྲི་མ་མེད་འཛིན་པ། །ལམ་མཆོག་བདེ་བར་ཞུགས་པ་ཡིན། །ཚུལ་འདི་ཐུགས་རྗེ་ཆེན་པོ་ཅན། །ཆོས་རྗེ་མཁྱེན་རབ་དབང་ཕྱུག་གི །གསུང་གི་ཟེར་གྱིས་བློ་གསལ་བ། །འཕགས་པ་ཞེས་བྱས་སྦྱར་བ་ཡིན། །ཡན་ལག་བདུན་པ་ཞེས་བྱ་བ། མེ་མོ་སྤྲུལ་གྱི་ལོ་དཔྱིད་ཟླ་འབྲིང་པོ་ལ་རྒྱའི་ཡུལ་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*