ཡང་ཇིམ་གྱིམ་ལ་སྤྲིང་བ།

༼བ༽

༄༅། །ཡང་ཇིམ་གྱིམ་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བརྩེ་བའི་དབང་ཕྱུག་ཐམས་ཅད་མཁྱེན། །རྫོགས་པའི་སངས་རྒྱས་ལ་བཏུད་དེ། །རྒྱལ་སྲས་ཇིམ་གྱིམ་སྤྱན་ལམ་དུ། །འཕགས་པ་ཞེས་བྱས་དོན་འདི་ཞུ། །འཇིག་རྟེན་པ་ཡིས་དོན་དུ་གཉེར་བའི་ལས། །ཕལ་ཆེར་འཇིག་ཅིང་སླུ་བའི་ཆོས་ཅན་ལགས། །འདི་དང་ཕྱི་མ་ཀུན་དུ་མི་སླུ་བ། །དམ་ཆོས་ཁོ་ན་ལགས་པ་དེ་སླད་དུ། །རྒྱལ་བུ་ཡིས་ཀྱང་ཆོས་ལ་བརྩོན་འཚལ་ལོ། །བདེ་བ་ཆུང་ལ་ཆགས་དང་ལེ་ལོ་དང༌། །ལུས་དང་གྲོགས་ཀྱི་དབང་དང་ཕྱི་བཤོལ་གྱི། །དབང་དུ་རྣམ་པ་ཀུན་ཏུ་མི་གཏོང་བར། །རྟག་ཏུ་ཆོས་ཀྱི་ལས་ལ་བརྩོན་འཚལ་ལོ། །དལ་བ་འབྱོར་པ་འདི་ཡང་རྙེད་དཀའ་ཞིང༌། །ཚེ་ཡི་ཚད་ཀྱང་མ་ངེས་ཕ་རོལ་དུ། །གང་དུ་སྐྱེ་བའང་རང་དབང་མ་ལགས་པས། །ཕྱི་མའི་དོན་ཆེན་ད་ལྟ་ཉིད་དུ་སྒྲུབས། །ཆོས་དང་ལྡན་པ་རྟག་པར་ཡིད་བདེ་ཞིང༌། །རྨི་ལམ་དག་ཀྱང་བདེ་བ་འབྱུང་འགྱུར་ན། །སྲིད་པ་གཞན་དུ་སྨོས་ཀྱང་ཅི་འཚལ་ཏེ། །དེ་བས་བདེ་བ་བསྒྲུབ་ལ་ནན་ཏན་མཛོད། །ཅེས་པ་འདི་ནི་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ལ་རྨ་ཆུ་འགྲམ་ནས་སྤྲིང་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*