དབང་བསྐུར་བ་དངོས།

༼བ༽

༄༅། །དབང་བསྐུར་བ་དངོས་བཞུགས།།

༄༅། །དེ་ནས་ཡོན་གྱི་བདག་པོས་མཎྜལ་ཕུལ་ལ། མེ་ཏོག་བཟུང་ནས་འདི་སྐད་ཅེས། ཨོཾ་མུ་ནི་མུ་ནི་བ་རེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་དབང་བསྐུར་བ་རྡོ་རྗེའི་ཆོ་ག་ཆེན་པོའི་ཕྱག་རྒྱས་བཏབ་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛི་ཏེ་བཛྲ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས་ཀྱང་མེ་ཏོག་དང་སྤོས་ཐོགས་ལ། འདི་ལ་དབང་བསྐུར་དུ་གསོལ་ཞེས་འདོན་པ་བསྒྱུར་ལ། ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སྤྱི་བོར་བུམ་པ་བཞག་ལ་འདི་སྐད་ཅེས། ན་མོ་བུདྡྷཱ་ཡ། ན་མོ་དྷརྨྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མོ་ན་མཿསརྦ་བུདྡྷ་བོ་དྷི་སཏྭ་དྷརྨ་སཾ་གྷེ་བྷྱཿ ཏདྱ་ཐཱ། ཨོཾ་བི་པུ་ལ་བི་པུ་ལ་གརྦྷེ། བི་པུ་ལ། བི་མ་ལེ། བི་པུ་ལ་གརྦྷེ། བི་མ་ལེ། ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། ག་ཏི་ག་ཧ་ནེ་ག་ག་ན་བི་ཤོ་དྷ་ནེ། སརྦ་པཱ་པ་བི་ཤོ་དྷ་ནེ། ཨོཾ་གུ་ཎ་བ་ཏི། ག་ག་ན་པི་ཙཱ་རི་ཎི། ག་ག་རི་ཎི། གི་གི་གི་རི། གི་རི་ཎི་གི་རི་ཎི། ག་མ་རི་ག་མ་རི། ག་ཧ་ག་ཧ། གརྒ་རི་གརྒ་རི། ག་ག་རི། ག་ག་རི། གམྦྷ་རི་གམྦྷ་རི། ག་བྷི། ག་བྷི། ག་ཧི་ག་ཧི། ག་མ་ནི་ག་མ་ནི། ག་རི་ག་རི། གུ་བྷ་གུ་བྷ། གུ་ཧ་གུ་ཧ། གུ་རུ་གུ་རུ། གུ་རུ་ཎི། ཙུ་ལུ་ཙུ་ལུ། ཙ་ལེ་ཙ་ལེ། མུ་ཙེ་ལེ། མུ་ཙེ་ལེ། ཛ་ཡེ་བི་ཛ་ཡེ། སརྦ་བྷ་ཡ། བི་ག་ཏེ། སཏྭ་སརྦ་གརྦྷ་སཾ་རཀྵ་ཎི། སི་རི་སི་རི། བྷི་རི་བྷི་རི། མི་རི་མི་རི། མི་རི་མི་རི། གི་རི་གི་རི། གྷི་རི་གྷི་རི། གྷི་རི་གྷི་རི་སམྣཏ་པརྵ་ཎི། བྷ་ག་ཝ་ཏཱི། སཏྭཱ་ནཱ་ཡ་ཀི ས་མནྟ་ནཱ་ཡ་ཀི སརྦ་ཤ་ཏྲཱུཾ་པྲ་མ་རྡ་ནི། རཀྵ་རཀྵ་མཱཾ། སརྦ་སཏྭཱ་ཉྩ་སརྦ་དཱ། སརྦ་བྷ་ཡེ་བྷྱཿ སརྦ་ཨུ་པ་དྲ་བེ་བྷྱཿ སརྦ་བྱ་དྷི་བྷྱ་ཉྫ། ཙི་རི་ཙི་རི། བི་རི་བི་རི། དྷི་རི་དྷི་རི། བི་ག་ཏ། ཨཱ་ཝ་ར་ཎེ་བི་ཤོ་དྷ་ནེ། བི་བི་དྷ། ཨཱ་བ་ར་ཎ། བི་ནཱ་ཤ་ནི། མུ་རི་མུ་རི། མུ་ཙི་མུ་ཙི། མུ་ལི་མུ་ལི། ཙི་ལི་ཙི་ལི། ཀི་ལི་ཀི་ལི། མི་ལི་མི་ལི། ཀ་མ་ལེ། བི་མ་ལེ། ཛ་ཡེ་བི་ཛ་ཡེ། བི་ཛ་ཡཱ་བ་ཧེ། ཛ་ཡ་ཝ་ཏི། བི་ཤེ་ཥ་བ་ཏི། བྷ་ག་བ་ཏཱི་མ་ཧཱ་བི་དྱཱ་རཏྣ་མ་ཀུ་ཊ་མཱ་ལ་དྷ་རི། བཱི་ཧུ་བི་བི་དྷཱ་བི་ཙི་ཏྲ་བི་ཤྭ་དྷ་རི་ཎི། བྷ་ག་ཝ་ཏཱི་མ་ཧཱ་བི་དྱཱ་དེ་ཝཱི། རཀྵ་རཀྵ་མཱཾ་ས་པ་རི་ཝཱ་ར། སརྦ་སཏྭཱ་ཉྩ། ས་མནྟ་སརྦ་ཏྲ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཧུ་རུ་ཧུ་རུ། མུ་རུ་མུ་རུ། རཀྵ་རཀྵ་མཱཾ་སརྦ་སཏྭཱ་ཉྩ། ཨ་ནཱ་ཐ། ན་ཏྲ་ཡཱ། ན་ཤ་ར་ཎ། ན་པ་ར་ཡ་ཎ་ན། པ་རི་མོ་ཙ་ཡ་སརྦ་དུཿཁེ་བྷྱཿ ཙཎྜེ་ཙཎྜེ། ཙཎྜེ་ཙཎྜེ། ཙཎྜི་ཎི་ཙཎྜི་ཎི། བེ་ག་ཝ་ཏི། སརྦ་དུཥྚཱ་ནི་བཱ་ར་ཎི། བི་ཛ་ཡ་བཱ་ཧི་ནི། ཧུ་རུ་ཧུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། ཏུ་རུ་ཏུ་རུ། ཨ་ཡུཿཔ་ལི་ནི། སུ་ར་བ་ར་པྲ་མ་ཐ་ནི། སརྦ་དེ་ཝ་ག་ཎ་པཱུ་ཛི་ཏེ། ཙི་རི་ཙི་རི། དྷི་རི་དྷི་རི། ས་མནྟ་ཨ་ཝ་ལོ་ཀི་ཏེ། པྲ་བྷེ་པྲ་བྷེ། སུ་པྲ་བྷེ། སུ་པྲ་བྷ། བི་ཤུདྡྷེ། སརྦ་པཱ་པ་བི་ཤུདྡྷེ། སརྦ་པཱ་པ་བི་ཤོ་དྷ་ནེ། དྷུ་རུ་དྷུ་རུ། དྷ་ར་ཎི། དྷ་རེ་དྷ་རེ། དྷ་ར། སུ་མུ་སུ་མུ། སུ་མུ་སུ་མུ། མུ་སུ་མུ་སུ། རུ་རུ་ཙ་ལེ་ཙཱ་ལ་ཡ། སརྦ་དུཥྛཱ་ནཱ་ཤཱཤྴ་ར་ཎ་བྷ་ཝ་ཏུ་མཱཾ། ཨཱ་ཤ་སཱུ་ར་ཡ་མཱཾ། ཤྲཱི་ཝ་སུ་དྷ་རི། ཛ་ཡ་ཀ་མ་ལེ། ཀྵི་ཎི་ཀྵི་ཎི། བ་ར་ད། ཨཾ་ཀུ་ཤེ ཨོཾ་པདྨ་བི་ཤུདྡྷེ། ཤོ་དྷ་ཡ་ཤོ་དྷ་ཡ། ཤུདྡྷེ་ཤུདྡྷེ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། མཾ་ག་ལ་བི་ཤུདྡྷེ། བ་བི་ཏྲ་མུ་ཁི་ཁཌྒི་ནི། ཁཌྒི་ནི། ཁ་ར་ཁ་ར། ཛྭ་ལི་ཏ། ཤི་ཁ་རེ། ས་མནྟ་ཨ་བ་ལོ་ཀི་ཏ་པྲ་བྷེ། སུ་པྲ་བི་ཤུདྡྷེ། ས་མནྟ་པྲ་སཱ་རི་ཏ། ཨ་བཱ་བྷ་སི་ཏ་ཤུདྡྷ། ཛྭ་ལ་ཛྭ་ལ། སརྦ་དེ་ཝ་ག་ཎ། གྲ་ཧ། ནཀྵ་ཏྲ། ས་མ་ཨཱ་ཀརྵ་ཎི། སཏྱ་པྲ་ཏི་ཨོཾ་ཧྲཱི་ཏྲཱཾ་ཏཱ་ར་ཏཱ་ར། ཏཱ་ར་ཡ་ཏཱ་ར་ཡ་མཱཾ། བྷ་ག་ཝ་ཏཱི་སརྦ་སཏྭ་ཤྩ། ན་ག་བྱ་བ་ལོ་ཀི་ཏི། ལ་ཧུ་ལ་ཧུ། ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ། ཏུ་རུ་ཏུ་རུ། ཀི་ཎི་ཀི་ཎི། ཀྵི་ཎི་ཀྵི་ཎི། ཧུ་ཎི་ཧུ་ཎི། སརྦ་གྲ་ཧ་བཀྵ་ཎི། པིཾ་ག་ལ་པིཾ་ག་ལེ། མུ་ཙུ་མུ་ཙུ། ཙུ་མུ་ཙུ་མུ། སུ་བི་ཙ་རེ། ཏ་ར་ཏ་ར། ན་ག་བྱ་བ་ལོ་ཀི་ནི། ཏཱ་ར་ཡ་མཱཾ། སརྦ་སཏྭ་ཉྩ། བྷ་ག་ཝ་ཏཱི། ཨཥྚ་མ་ཧཱ་ཏཱ་ར་ཡ་བྷ་ཡེ་བྷྱཿསརྦ་ཏྲ་ས་མནྟ་སརྦ་དི་ཤ་བནྡྷེ་ན། བཛྲ་པྲཱ་ཀཱ་ར། བཛྲ་པཱ་ཤ་བནྡྷེ་ན་ཙ། བཛྲ་ཛྭཱ་ལཱ་བི་ཤུདྡྷེ། བྷུ་རི་བྷུ་རི། དྷ་ར་དྷ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། བྷ་ག་ཝ་ཏཱི། གརྦྷ་བི་ཤུདྡྷ། གརྦྷ་སཾ་ཤོ་དྷ་ནི། ཀུ་ཀྵི། སཾ་པཱུ་ར་ཎི། ཛྭ་ལ་ཛྭ་ལ། ཙ་ལ་ཙ་ལ། ཛྭཱ་ལི་ནི་ཛྭཱ་ལི་ནི། བརྵ་ཏུ་དེ་ཝ་ས་མནྟཱ་ཤེ་ཡ་ཨུ་ད་ཀེ་ཏ། ཨ་མྲྀ་ཏ་བརྵ་ཎི་དེ་ཝ་ཏཱ་ཨ་བ་ཏཱ་ར་ཎི། ཨ་བྷི་ཥིཉྩནྟུ་མཾ། སུ་ག་ཏ་བ་ར་བ་ཙ་ན། ཨ་མྲྀ་ཏ་བ་ར་པུ་ཥེ། རཀྵ་རཀྵ་བྷ་ག་ཝ་ཏཱི་མཱཾ། སརྦ་ཏྲ། སརྦ་དྷཱ། སརྦ་བྷ་ཡ་བྷྱཿ སརྦ་ཨུ་པ་དྲ་བེ་བྷྱཿ སརྦ་ཨུ་པ་སརྒྷེ་བྷྱཿ སརྦ་བྱ་དྷི་བྷྱཿ སརྦ་དུཥྚཱ་བྷྱཿ ཡ་བ་ཏི་བྷྱཿ སརྦ་ཀི་ལི་ཀི་ལ་ཧ། བི་གྲ་ཧ་བི་བཱ་དཱ། དུརྶཔྣ། དུརྣི་མིཏྟ། ཨ་མཾ་ག་ལ། པཱ་པ་བི་ཤོ་དྷ་ནི། སརྦ་ཡཀྵ་རཱཀྵ་ས། ན་ག་པི་དཱ་ར་ཎི། བ་ལ་བ་ལ། བ་ལ་བ་ཏི་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་ཏུ་མཱཾ། སརྦ་ཏཱ་སརྦ་ཀཱ་ལེ། སིདྷྱནྟུ་མེ་ཨི་ཡཾ་མ་ཧཱ་བིདྱཱ། སཱ་དྷ་ཡ་མཎྜ་ལཾ། སཱ་དྷ་ཡ་མནྟྲན། གྷཱ་ཏ་ཡ་བིགྷྣཱན། ཛ་ཡ་ཛ་ཡ། སིདྡྷྱི་སིདྡྷྱི། སིདྡྷྱ་སིདྡྷྱ། བུདྡྷྱ་བུདྡྷྱ། སུ་ཙ་ཡ་སཱུ་ཙ་ཡ། པཱུ་ར་ཡ་པཱུ་ར་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ་ཨཱ་ཤཱན། སརྦ་བིདྱཱ་ཨུངྒ་ཏ་མུརྟི། ཛ་ཡོ་ཨདྷི། ཛ་ཡ་བ་ཏི་ནི། ཏིཥྛཏིཥྛ་བྷ་ག་ཝ་ཏཱི། ས་མ་ཡ་མ་ནུ་པཱ་ལ་ཡ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡེ་ཤུདྡྷེ། བྱ་བ་ལོ་ཀ་ར་ཡ་མཱཾ་ས་པ་རི་ཝཱ་རཾ་སརྦ་སཏྭཱ་ཤྩ་ཨཥྚ་མ་ཧཱ་བྷ་ཡེ་བྷྱཿ སརྦ་ཨཱ་ཤཾ་པ་རི་པཱུ་ར་ཡ། ཏྲ་ཡ་སྭཱ། མ་ཧཱ་བྷ་ཡེ་བྷྱཿ ས་ར་ས་ར་པྲ་ས་ར་པྲ་ས་ར། སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི། ས་མནྟ་ཨཱ་ཀ་ར་མཎྜལ་བི་ཤུདྡྷེ། བི་ག་ཏེ་བི་ག་ཏྀ། བི་ག་ཏ་མ་ལེ། སརྦ་མ་ལ་བི་ཤོ་དྷ་ནི། ཀྵི་ཎི་ཀྵི་ཎི། སརྦ་པཱ་པ་བི་ཤུདྡྷེ། མ་ལ་བི་ག་ཏི། ཛ་ཡ་བ་ཏི། ཏེ་ཛོ་ཏེ་ཛོ་བ་ཏི། བཛྲ་བཛྲ་བ་ཏི་སྭཱ་ཧཱ། ཏྲཻ་ལོ་ཀྱ་ཨ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུརྡྷ་ཨ་བྷི་ཥེ་ཀཻཿསྭཱ་ཧཱ། སརྦ་བོ་དྷི་སཏྭ་ཨ་བྷི་ཥེ་ཀཻཿསྭཱ་ཧཱ། སརྦ་དེ་ཝ་ཏཱ་ཨ་བྷི་ཥེ་ཀཻཿསྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷེ་སྭཱ་ཧཱ། ཨིནྟྲ་ཨིནྟྲ་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ། བྲཧྨེ་བྲཧྨ་དྷུ་ཥི་ཏེ་སྭཱ་ཧཱ། བིཥྞུ་ན་མ་སྐྲི་ཏེ་སྭཱ་ཧཱ། མ་ཧེ་ཤྭ་ར་བནྡྷ་ད་པཱུ་ཛི་ཏེ་ཡེ་སྭཱ་ཧཱ། བཛྲ་དྷ་ར་བཛྲ་པཱ་ཎི་བ་ལ་བིརྻ་ཨ་དྷིཥྛཱ་ཏེ་སྭཱ་ཧཱ། དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། བི་རུ་ཊ་ཀཱ་ཡ་སྭཱ་ཧཱ། བི་རུ་པཀྵཱ་ཡ་སྭཱ་ཧཱ། བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཙ་ཏུརྨ་ཧཱ་རཱ་ཛཱ་ན་མ་སྐྲི་ཏཱ་ཡ་སྭཱ་ཧཱ། ཡ་མ་ཡེ་སྭཱ་ཧཱ། ཡ་མ་པཱུ་ཛི་ཏི་ན་མ་སྐྲི་ཏཱ་ཡ་སྭཱ་ཧཱ། བཱ་རུ་ཎཱ་ཡ་སྭཱ་ཧཱ། མ་རུ་ཏཱ་ཡ་སྭཱ་ཧཱ། མ་ཧཱ་མ་རུ་ཏཱ་ཡ་སྭཱ་ཧཱ། ཨགྣ་ཡེ་སྭཱ་ཧཱ། ནཱ་ག་བྱ་བ་ལོ་ཀི་ཏེ་ཡེ་སྭཱ་ཧཱ། དེ་ཝ་ག་ཎེ་བྷྱཿསྭཱ་ཧཱ། ནཱ་ག་ག་ཎེ་བྷྱཿསྭཱ་ཧཱ། ཡཀྵ་ག་ཎེ་བྷྱཿསྭཱ་ཧཱ། ཡ་མ་ག་ཎེ་བྷྱཿསྭཱ་ཧཱ། རཱཀྵ་ས་ག་ཎེ་བྷྱཿསྭཱ་ཧཱ། གནྡྷརྦ་ག་ཎེ་བྷྱཿསྭཱ་ཧཱ། ཨ་སུ་ར་ག་ཎེ་བྷྱཿསྭཱ་ཧཱ། ག་རུ་ཌ་ག་ཎེ་བྷྱཿསྭཱ་ཧཱ། ཀནྣི་ར་ག་ཎེ་བྷྱཿསྭཱ་ཧཱ། མ་ཧོ་ར་ག་ག་ཎེ་བྷྱཿསྭཱ་ཧཱ། མ་ནུཥྱེ་ག་ཎེ་བྷྱཿསྭཱ་ཧཱ། ཨ་མ་ནུཥྱ་ག་ཎེ་བྷྱཿསྭཱ་ཧཱ། སརྦ་གྲ་ཧེ་བྷྱཿསྭཱ་ཧཱ། སརྦ་བྷཱུ་ཏེ་བྷྱཿསྭཱ་ཧཱ། སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། སརྦ་པི་ཤཱ་ཙེ་བྷྱཿསྭཱ་ཧཱ། སརྦ་ཨུནྨཱ་དེ་བྷྱཿསྭཱ་ཧཱ། སརྦ་ཨ་པ་སྨཱ་རེ་བྷྱཿསྭཱ་ཧཱ། སརྦ་ཀུམྦྷཎྜེ་བྷྱཿསྭཱ་ཧཱ། སརྦ་པཱུ་ཏ་ནེ་བྷྱཿསྭཱ་ཧཱ། སརྦ་ཀ་ཊ་པཱུ་ཊ་ནི་བྷྱཿསྭཱ་ཧཱ། སརྦ་དུཥྚ་པྲ་དུཥྚེ་བྷྱཿསྭཱ་ཧཱ། ཨོཾ་དྷུ་རུ་དྷུ་རུ་སྭཱ་ཧཱ། ཨོཾ་ཏུ་རུ་ཏུ་རུ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙུ་རུ་ཙུ་རུ་སྭཱ་ཧཱ། ཨོཾ་མུ་རུ་མུ་རུ་སྭཱ་ཧཱ། ཨོཾ་ཧ་ན་ཧ་ན་སརྦ་ཤ་ཏྲཱུྃ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་དུཥྚཱཾ་སྭཱ་ཧཱ། ཨོཾ་པ་ཙ་པ་ཙ་སརྦ་པྲ་ཏྱཱ་རྟི་ཀཱ། པྲ་ཏྱཾ་མི་ཏྲཱ་ནཱཾ་སྭཱ་ཧཱ། ཡེ་མ་མ་ཨ་ཧཱ་ཏི་ཨཱ་ཤེ་ན་ཏེ་ཥཱཾ་སརྦ་ཤ་རཱི་རཾ་ཛྭཱ་ལ་ཡ་ཛྭཱ་ལ་ཡ། སརྦ་དུཥྚཱཾ་ཙིཏྟཱ་ནཱཾ་སྭཱ་ཧཱ། ཛྭཱ་ལི་ཏ་ཡེ་སྭཱ་ཧཱ། པྲ་ཛྭཱ་ལི་ཏཱ་ཡ་སྭཱ་ཧཱ། བཛྲ་ཛྭཱ་ལཱ་ཡ་སྭཱ་ཧཱ། ཨགྣི་ཛྭཱ་ལཱ་ཡ་སྭཱ་ཧཱ། ས་མནྟ་ཛྭཱ་ལཱ་ཡ་སྭཱ་ཧཱ། མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་ལཱ་སྭཱ་ཧཱ། མ་ཏྲི་ག་ཎཱ་ཡ་སྭཱ་ཧཱ། ཡཀྵ་ཎི་ནཾ་སྭཱ་ཧཱ། རཱཀྵ་སི་ནི་ནཾ་སྭཱ་ཧཱ། ཨཱ་ཀཱ་ཤ་མ་ཏྲྀ་ཎཾ་སྭཱ་ཧཱ། ས་མུ་དྲ་བ་སི་ནཾ་སྭཱ་ཧཱ། ར་ཏྲྀ་ཙ་རཱ་ཎཱཾ་སྭཱ་ཧཱ། དཱི་བ་ཙ་རཱ་ཎཱཾ་སྭཱ་ཧཱ། ཏྲི་སནྡྷ་ཙ་རཱ་ནཱཾ་སྭཱ་ཧཱ། བེ་ལ་ཙ་རཱ་ནཱཾ་སྭཱ་ཧཱ། ཨ་བེ་ལ་ཙ་རཱ་ནཱཾ་སྭཱ་ཧཱ། གརྦྷ་ཧ་རེ་བྷྱཿསྭཱ་ཧཱ། གརྦྷཡ་ཧི་རི་ཎི་བྷྱཿསྭཱ་ཧཱ། ཧུ་ལུ་ཧུ་ལུ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། སྭཿསྭཱ་ཧཱ། བྷུཿསྭཱ་ཧཱ། བྷུཿཝ་སྭཱ་ཧཱ། ཨོཾ་བྷུརྦྷུ་ཝཿསྭཱ་ཧཱ། བི་ལི་བི་ལི་སྭཱ་ཧཱ། ཙི་ཊི་ཙི་ཊི་སྭཱ་ཧཱ། བི་ཊི་བི་ཊི་སྭཱ་ཧཱ། དྷཱ་ར་ཎི་སྭཱ་ཧཱ། དྷཱ་ར་ཎི་སྭཱ་ཧཱ། ཨགྣི་སྭཱ་ཧཱ། ཏེ་ཛོ་ཝ་ཡུ་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། མི་ལི་མི་ལི་སྭཱ་ཧཱ། སི་ལི་སི་ལི་སྭཱ་ཧཱ། བུདྡྷྱ་བུདྡྷྱ་སྭཱ་ཧཱ། སིདྡྷྱ་སིདྡྷྱ་སྭཱ་ཧཱ། མཎྜ་ལ་བནྡྷེ་སྭཱ་ཧཱ། སཱི་མཱ་བནྡྷེ་སྭཱ་ཧཱ། དྷཱ་ར་ཎི་བནྡྷེ་སྭཱ་ཧཱ། སརྦ་ཤ་ཏྲཱུཾ། བྷཉྫ་ཡ་བྷཉྫ་ཡ་སྭཱ་ཧཱ། ཛམྦྷ་ཡ་ཛམྦྷ་ཡ་སྭཱ་ཧཱ། སྟམྦྷ་ཡ་སྟམྦྷ་ཡ་སྭཱ་ཧཱ། ཚིནྡ་ཚིནྡ་སྭཱ་ཧཱ། བྷིནྡ་བྷིནྡ་སྭཱ་ཧཱ། བྷཉྫ་བྷཉྫ་སྭཱ་ཧཱ། བནྡྷ་བནྡྷ་སྭཱ་ཧཱ། མོ་ཧ་ཡ་མོ་ཧ་ཡ་སྭཱ་ཧཱ། མ་ཎི་བི་ཤུདྡྷེ་སྭཱ་ཧཱ། སཱུརྻེ་སྭཱ་ཧཱ། སཱུརྻ་བི་ཤུདྡྷེ་སྭཱ་ཧཱ། ཤོ་དྷ་ནི་སྭཱ་ཧཱ། བི་ཤོ་དྷ་ནི་སྭཱ་ཧཱ། ཙནྡྲེ་ཙནྡྲེ་པ་རི་པུརྞ་ཙནྡྲེ་སྭཱ་ཧཱ། གྲ་ཧེ་བྷྱཿསྭཱ་ཧཱ། ནཀྵ་ཏྲེ་བྷྱཿསྭཱ་ཧཱ། པི་ཤཱ་ཙི་བྷྱཿསྭཱ་ཧཱ། ཤི་ཕི་བྷྱཿསྭཱ་ཧཱ། བི་ཤྭ་བྷྱཿསྭཱ་ཧཱ། ཤཱནྟི་བྷྱཿསྭཱ་ཧཱ། པུཥྚིཾ་བྷྱཿསྭཱ་ཧཱ། སྭ་སྟི་ཡ་ནེ་བྷྱཿསྭཱ་ཧཱ། གརྦ་དྷ་རེ་སྭཱ་ཧཱ། ཤི་པྃ་ཀ་རི་སྭཱ་ཧཱ། ཤྃ་ཀ་རི་སྭཱ་ཧཱ། ཤཱནྟིཾ་ཀ་རི་སྭཱ་ཧཱ། པུཥྚིཾ་ཀ་རི་སྭཱ་ཧཱ། བ་ལ་བརྡྷ་ནེ་སྭཱ་ཧཱ། བ་ལ་བརྡྷི་ནི་ཀ་རི་སྭཱ་ཧཱ། ཤྲཱི་ཀ་རི་སྭཱ་ཧཱ། ཤྲཱི་བརྡྷི་ནི་སྭཱ་ཧཱ། ཤྲཱི་ཛྭཱ་ལི་ནི་སྭཱ་ཧཱ། མུ་ཙི་སྭཱ་ཧཱ། ན་མུ་ཙི་སྭཱ་ཧཱ། མུ་རུ་ཙི་སྭཱ་ཧཱ། བེ་ག་བ་ཏི་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏེ་མཱུརྟི་བ་ར་བི་མ་ལེ་བྷ་ག་ཝ་ཏི། སྭ་ཏི་བྷ་ཝ་ཏུ། མ་མ་སརྦ་སཏྭཱ་ཉྩ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི། བི་མུ་ནི་བི་མུ་ནི། དྷ་རི་ཙ་ལ་ཙ་ལ་ནི། བྷ་ག་ཝ་ཏི། བྷ་ཡ་བི་ག་ཏེ། བྷ་ཡ་ཧ་རི་ཎི། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། བུདྡྷི་ལི་བུདྡྷི་ལི། ཙུམྦུ་ལི་ཙུམྦུ་ལི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཛུཥྚེ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི། མུ་ནི་བ་རེ། ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་སཏྭ་ཤྩ་སརྦ་ཏ་ཐཱ་ག་ཏ། སརྦ་བིདྱཱ་ཨ་བྷི་ཥེ་ཀཻརྨ་ཧཱ་བཛྲ་ཀ་ཙ། མུ་དྲེ་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ་བཛྲེ་སྭཱ་ཧཱ། དབང་བསྐུར་བ་སྟེ་བཅུ་གཉིས་པའོ།།  །།ཏདྱ་ཐཱ། ཨོཾ་གི་རི་གི་རི། གི་རི་ཎི་གི་རི་ཎི། གི་རི་བ་ཏི། གུ་ཎ་བ་ཏི། ཨཱ་ཀཱ་ཤ་བ་ཏི། ཨཱ་ཀཱ་ཤ་བི་ཤུདྡྷེ། སརྦ་པཱ་པ་བི་ག་ཏེ། ཨཱ་ཀཱ་ཤ ག་ག་ན་ཏ་ལེ། ཨཱ་ཀཱ་ཤ་བི་ཙཱ་རི་ཎི། ཛྭཱ་ལཱི་ཏ་ཤི་ཁ་ར། མ་ཎི་མུཀྟི་ཀ ཁ་ཙི་ཏ་མཽ་ལི་དྷ་རེ། སུ་ཀེ་ཤེ མེ་ཀེ་ཤེ་སུ་ཥ་སུ་བཀ་ཏྲེ། སུ་ནེ་ཏྲེ་སུ་བརྞེ། སུ་བརྞ་གཽ་རི། ཨ་ཏཱི་ཏེ། ཨ་ནུཏྤནྣེ། ཨ་ནཱ་ག་ཏེ། པྲ་ཏྱུཏྤནྣེན་མཿསརྦེ་ཥཱན། བུདྡྷ་ནཱན། ཛྭ་ལི་ཏ་ཏེ་ཛ་སཱ་ན། བུདྡྷེ་སུ་བུདྡྷེ། བྷ་ག་ཝ་ཏི། སུ་རཀྵ་ནི་སུཀྵེ་མེ། སུ་པྲ་བྷེ། སུ་ད་མེ། སུ་དཱནྟི། བ་རེ་བ་རེ་ཝརྟེ། བྷ་ག་ཝ་ཏི། བྷ་དྲ་བ་ཏི། བྷ་དྲེ། སུ་བྷ་དྲེ། བི་མ་ལེ། ཛ་ཡ་བྷ་དྲེ། པྲ་ཙཎྜི་ཙཎྜི། པྲ་ཙཎྜེ། པྲ་ཙཎྜེ། བཛྲ་ཙཎྜེ། མ་ཧཱ་ཙཎྜེ། མ་ཧཱ་ཙཎྜེ། གཽ་རི། ཙཽ་རི། ཙཎྜཱ་ལཱི། མཱ་ཏཱཾ་གི བརྩ་སི། པུཀྐ་སི། སུ་མ་ཏི། ཤ་བ་རི། ཤཱ་བ་རི། ཤཾ་ཀ་རི། དྲ་མི་ཌི། དྲཱ་མི་ཌི། རཽ་ཏྲི་ནི། སརྦ་གྲ་ཧ་བི་དཱ་རི་ཎི་ཨརྠ་སཱ་དྷ་ནི། ཧ་ན་ཧ་ན། སརྦ་ཤ་ཏྲཱུཾ། ད་ཧ་ད་ཧ། སརྦ་དཱུཥྚཱན། པྲེ་ཏ་པི་ཤཱ་ཙ། ཌཱ་ཀི་ནཱི་ནཱཾ། མ་ནུཥྱཱ། ཨ་མ་ནུཥྱཱ་ནཱཉྩ། པ་ཙ་པ་ཙ་ཧྲྀ་ད་ཡ་ན། གདོན་མ་རུངས་པ་རྣམས་ཀྱི་སྲོག་གཞོམ་དུ་གསོལ། བཅོམ་ལྡན་འདས་མ་བདག་གི་སྡིག་པ་ཐམས་ཅད་གཞིག་ཏུ་གསོལ། གཞིག་ཏུ་གསོལ། ཐམས་ཅད་དུ་འཇིགས་པ་དང༌། གནོད་པ་ཐམས་ཅད་ལས་བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། མ་རུངས་པ་ཐམས་ཅད་བཅིང་དུ་གསོལ། སརྦ་ཀིལྤི་ཥ་ནཱ་ཤ་ནི། མཱརྟ་ཎྜ། མྲྀ་ཏྱཱུ་དཎྜ་ནི་བཱ་ར་ཎི། མཱ་ན་ན། དཎྜ་མཱ་ན་ནི། མ་ཧཱ་མཱ་ནི་ནི། མ་ཧཱ་བི་ཎི་ཊི། ཙ་ལེ་ཙ་ལེ། ཙི་ཊི་ཙི་ཊི། བི་ཊི་བི་ཊི། ནི་ཊི་ནི་ཊི། ཏི་ཊི་ཏི་ཊི། ན་ཏུ་ཊི། གཽ་རི་ཎི། བཱི་རི་ཎི། པྲ་བ་ར་ས་མ་རེ། ཙཎྜ་ལཱི། མཱ་ཏཱཾ་གི རུནྡྷ་སི། ས་ར་སི། བརྩ་སི། སུ་མ་ཏི། པུཀྐ་སི། ཤ་བ་རི། ཤཱ་བ་རི། ཤྃ་ཀ་རི། དྲ་མི་ཌི། དྲཱ་མི་ཌི། ད་ཧ་ནི། པ་ཙ་ནི། མ་ཐ་ནི། མརྡ་ནི། ས་ར་ལི། ས་ར་ལེ། ས་ར་ལཾ་བྷེ། ཧཱི་ན་མ་དྷྱོངྐིརཥྚ། བི་དྷཱ་ར་ཎི། བི་དྷཱ་རི་ཎི། མ་ཧི་ལེ། མ་ཧཱ་མ་ཧི་ལེ། ནི་ག་ཌེ། ཎི་ག་ཌེ། བྷཉྫེ། མཏྟི་མཏྟི་ནི། དཱནྟི་ཙཀྲེ། ཙཀྲ་བཱ་གི་ནི། ཛྭ་ལེ་ཛྭ་ལེ། ཛྭཱ་ལེ་ཛྭཱ་ལེ། ཛྭཱ་ལ་ནི། ཤ་བ་རི་ཤ་བ་རི། ཤཱ་བ་རི་ཤཱ་བ་རི། སརྦ་བྱཱ་དྷི། ཧ་ར་ཎི། ཙཱུ་ཌི་ཙཱུ་ཌི། ཙཱུ་ཌི་ནི་ཙཱུ་ཌི་ནི། མ་ཧཱ་ཙཱུ་ཌི་ནི། ནི་མི་ནི་མི། ནི་མིནྡྷ་རི། ཏྲི་ལོ་ཀ ད་ཧ་ནི། ཏྲི་ལོ་ཀ ཨཱ་ལོ་ཀ་ཀཱ་རི། ཏྲཻ་དྷཱ་ཏུ་ཀ་བྱ་བ་ལོ་ཀི་ནི། བཛྲ་པ་ར་ཤུ། པཱ་ཤ་མུཏྐ་ར། ཁཌྒ། ཤངྑ། ཙཀྲ། ཏྲི་ཤཱུ་ལ། ཙིནྟཱ་མ་ཎི། མ་ཧཱ་བིདྱཱ་དྷཱ་ར་ཎི། བདག་ཐམས་ཅད་དུ་གནས་ཐམས་ཅད་དུ་གནས་པ་ན་མ་རུངས་པའི་འཇིགས་པ་ཐམས་ཅད་དང༌། མི་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་དང༌། ནད་ཐམས་ཅད་དང༌། འཇིགས་པ་ཐམས་ཅད་ལས་བསྲུང་སུ་གསོལ། བསྲུང་དུ་གསོལ་ལོ། །བཛྲེ་བཛྲེ་བཛྲ་བ་ཏི། བཛྲ་པཱ་ཎི་དྷ་རེ། ཧི་ལི་ཧི་ལི། མི་ལི་མི་ལི། ཀི་ལི་ཀི་ལི། ཙི་ལི་ཙི་ལི། པི་ལི་པི་ལི། སི་ལི་སི་ལི། བ་ར་བ་ར་བ་ར་དེ། སརྦ་ཏྲ། ཛ་ཡ་ལབྡྷེ་སྭཱ་ཧཱ། སརྦ་པཱ་པ་བི་དཱ་རི་ཎི་སྭཱ་ཧཱ། སརྦ་ཏྲ་སརྦ་བྱཱ་དྷི་ཧ་ར་ཎི་སྭཱ་ཧཱ། སརྦ་ཏྲ་སརྦ་ཤ་ཏྲཱུན་བྷ་ཡ་ཧ་ར་ཎི་སྭཱ་ཧཱ། སརྦ་བྷ་ར་ཎི་སྭཱ་ཧཱ། སྭ་སྟིརྦྷ་བ་ཏུ་མཱཾ་སྭཱ་ཧཱ། ཤཱནྟིཾ་ཀ་རི་སྭཱ་ཧཱ། པུཥྚིཾ་ཀ་རི་སྭཱ་ཧཱ། བ་ལ་བརྡྷ་རི་ཎི་སྭཱ་ཧཱ། ཛ་ཡ་ཏུ། ཛ་ཡེ་ཛ་ཡེ། ཛ་ཡ་བ་ཏི། ཀ་མ་ལེ། བི་མ་ལེ། བི་པུ་ལེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མཱུརྟི་སྭཱ་ཧཱ། ཨོཾ་བྷུ་རི་མ་ཧཱ་ཤཱནྟི་སྭཱ་ཧཱ། ཨོཾ་བྷཱུ་རི་བྷཱུ་རི་བཛྲ་བ་ཏི། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་པཱུ་ར་ཎི། ཨཱ་ཡུསྶནྡྷཱ་ར་ཎི། བ་ལ་བ་ལ་བ་ལ་བ་ཏི། ཛ་ཡ་བི་ཛི་ཡེ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དབང་བསྐུར་བའི་གཟུངས་ཕྱི་མ་སྟེ་བཅུ་གསུམ་པའོ།།  །།བདེན་པ་དང་བདེན་པའི་མཆོག་གང་གིས། ཕྱིར་མི་ལྡོག་པའི་ས་ལ་གནས་པའི་ཚིག་བདེན་པ་རྣམས་དང་འཇིག་རྟེན་གྱི་ཚིག་གི་མཆོག་དང༌། དགེ་སྦྱོང་རྣམས་ཀྱི་ནང་ན་དགེ་སྦྱོང་སྐྱིད་དེ་བ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིགས་པ་མི་མངའ་བ། བག་ཚ་བ་མི་མངའ་བ་སྟེ། མི་སྐྲག་མི་འབྲོས་ལ་འཇིགས་པ་མེད་ཅིང༌། འཇིགས་པ་དང༌། འཇིགས་པར་བྱེད་པ་སྤངས་པ། སྐྱི་བུང་ཞེས་བྱེད་པ་མེད་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི། དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག བདེན་པ་དང་བདེན་པའི་ཚིག་གང་གིས་ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་དང༌། ཚངས་པར་སྤྱོད་པ་ལ་གནས་པ་གང་ཅི་ཡང་རུང་བ་དེ་དག་གི་ནང་ན་ནི། འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག གནས་བརྟན་རྒྱལ་པོའི་བུ་ཐུ་བོ་དང་འདྲ་བ་རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཚངས་པར་སྤྱོད་པ་མངོན་པར་སྤྱད་པ་རྣམས་ཀྱི་མཆོག་འདི་ལྟ་སྟེ། དགེ་སློང་ཀུན་ཤེས་ཀཽ་ཌི་ནྱ་དང༌། འདོད་པ་ཉུང་བ་དང༌། སྦྱངས་པའི་ཡོན་ཏན་ལ་གནས་པ་དང༌། ཆོ་ག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུངས་ཆེན་པོ་དང༌། ཤེས་རབ་ཆེ་བ་དང༌། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤ་ར་དྭ་ཏིའི་བུ་དང༌། རྫུ་འཕྲུལ་ཆེ་བ་དང༌། མཐུ་ཆེ་བ་རྣམས་ཡི་མཆོག་མཽང་གལ་གྱི་བུ་ཆེན་པོ་དང༌། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང༌། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང༌། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བ་འཁོར་དང༌། ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་མའི་བུ་གང་པོ་དང༌། བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་འཛིན་དང༌། མལ་ཆ་དང་སྟན་བསྐོ་བ་རྣམས་ཀྱི་མཆོག་གྱད་བུ་ནོར་དང༌། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་མཆོག་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང༌། ཁྱིམ་པ་དད་པ་བསྐྱེད་པ་རྣམས་ཀྱི་མཆོག་ནག་པོ་ཆེན་པོ་འཆར་ཀ་དང༌། ལྷ་དང་མིས་མཆོད་པ་རྣམས་ཀྱི་མཆོག་ལེགས་མཐོང་གི་བདེན་པ་དང༌། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་བྱའོ། །རྒྱལ་པོའམ། ཆོམ་རྐུན་ནམ། མེའམ། ཆུའམ། དགྲའམ། མི་མཛའ་བའམ། ལམ་དུ་འགྲོ་བའམ། ལམ་གོལ་བར་འགྲོ་བའམ། གཉིད་ལོག་པའམ། ར་རོ་བའམ། བག་མེད་པ་ཐམས་ཅད་ལས་བསྲུང་བར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་རྐང་པ་མེད་པའམ། རྐང་གཉིས་པའམ། རྐང་བཞི་པའམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི། དེ་བཞིན་གཤེགས་པ་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི། འདོད་ཆགས་དང་བྲལ་བ་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས། ཚོགས་སམ། འདུས་པའམ། མང་པོའམ། འཁོར་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས། རྒྱལ་ཁམས་སམ། ཡུལ་འཁོར་རམ། གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་རམ། ཁྱིམ་མམ། ནགས་སམ། ཞིང་ངམ། ནད་པ་འདི་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། མཚམས་གཅད་པར་བྱའོ། །འབྱུང་པོ་ཐམས་ཅད་བཟློག་པར་བྱའོ། །གཟི་བྱིན་འཕྲོག་པ་རྣམས་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཟད་པར་བྱ་བའི་ཕྱིར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དང༌། བཤད་པ་དང༌། བརྗོད་པའི་བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བའི་ནད་བཞི་བརྒྱ་རྩ་བཞི་ཟད་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། བདེན་པའི་སྟོབས་ཀྱིས་བསྲུང་བ་སྟེ་བཅུ་བཞི་པའོ།།  །།ནད་པའི་ཟས་དང༌། སྐོམ་དང༌། སྨན་རྣམས་ཀྱང་རིག་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ། །རྫོགས་སངས་རྒྱས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང༌། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཅིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང༌། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང༌། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང༌། །ལོག་དད་སེལ་གྱི་ཏིང་འཛིན་དང༌། །གསེར་ཞེས་བྱ་བའི་ཡེ་ཤེས་དང༌། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང༌། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །ནད་པ་ཤར་ཕྱོགས་ཁ་བསྟན་ལ། །སྨན་རྣམས་ཉེ་བར་སྩལ་བར་བགྱི། །དེ་ཡི་ཚེ་ན་རིག་སྔགས་འདི། །ལག་མཐིལ་གཞག་སྟེ་ཀླག་པར་བགྱི། །སྱཱདྱ་ཐེ་དན། ཁ་ཊེ་ཁ་ཊེ། ཁ་ཊེ་བི་ཁ་ཊེ། བི་མ་ལེ། བི་ལཾ་བེ། བ་ལེ། བ་ལ་བ་ཏི། ཙནྡྲེ། ཙ་ར་ཎེ། ཨ་མྲྀ་ཏ་ནིརྒྷོ་ཥེ་སྭཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །བདག་ལ་རྟག་ཏུ་བདེ་ལེགས་ཤོག །བྲམ་ཟེ་རྣམས་ཀྱིས་བསླུས་ནས་སུ། །ཤཱཀྱ་སེང་གེ་སྐྱོབ་པ་ལ། །དཔལ་སྦས་ཀྱིས་ནི་དུག་ཅན་གྱི། །བསོད་སྙོམས་དག་ནི་ཕུལ་བ་དང༌། །དེ་ལས་དེ་ནི་བླངས་ནས་སུ། །སྟོན་པས་དུག་ནི་བསད་ནས་གསོལ། །བདེན་པའི་ཚིག་ནི་འདི་ཡིས་སུ། །ཟས་ནི་བདུད་རྩིར་འགྱུར་བར་ཤོག །རྣམ་པར་གཟིགས་ལ་ལྷ་གང་དང༌། །གཙུག་ཏོར་ཅན་དང་ཀུན་སྐྱོབ་དང༌། །ལོག་པར་དད་པ་སེལ་བ་དང༌། །སྟོབས་ཆེན་ལྷ་གང་དད་པ་དང༌། །གསེར་དང་དཔལ་ལྡན་འོད་སྲུངས་དང༌། །ཤཱཀྱ་ཡི་ནི་སེང་གེ་ལ། །རབ་དད་ལྷ་ཡི་དབང་པོ་དང༌། །ཚངས་དབང་སུམ་ཅུའི་དབང་ཕྱུག་དང༌། །འཇིག་རྟེན་སྐྱོང་བ་བཞི་དག་དང༌། །ནོར་བུ་བཟང་དང་དབང་ཕྱུག་ཆེ། །སྲིན་མོ་ནག་མོ་ཆེན་མོ་དང༌། །དེ་བཞིན་གདོལ་མ་གཏུམ་མོ་དག །མེ་ཏོག་དང་ནི་བདུག་པ་དང༌། །བདག་གི་སྦྱིན་སྲེག་འདི་བཞེས་ཤིག །དེ་དག་ཚིམ་ཞིང་མཆོད་གྱུར་ནས། །བདག་གི་ཁ་ཟས་བྱང་བར་མཛོད། །ཟས་ལྔ་དག་དང་འདྲེས་པ་ཡང༌། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཁ་ཟས་ལྔ་དང་འདྲེས་པ་ཡང༌། །ཟས་དེ་ཀུན་ནི་བཟའ་བར་བགྱི། །ས་བོན་དག་གི་ཚོགས་ཀུན་ལ། །ས་ཡི་བཅུད་ནི་ཞུགས་པ་ཡི། །ཁ་ཟས་འདྲེས་པ་ཐམས་ཅད་ཀྱང༌། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཇི་ལྟར་སྐུད་པ་བཅད་བསྲེགས་ཀྱང༌། །དེ་ལྟ་བུར་ཡང་སླར་འབྱོར་པ། །དེ་ལྟར་ཟས་རྣམས་འདྲེས་པ་ཡང༌། །མ་འདྲེས་པརི་ན་བདག་ལ་མཛོད། །སྱཱདྱ་ཐེ་དན། ཁ་ཁ་མེ། ཁ་ཁ། ཁ་ཁ། ཁ་ཁ་མེ། ཤི་མེ། ཤི་མེ། ཤི་ཧཱུ་མེ། ཤི་མ། ཤི་མེ་སྭ་སྟི་སྭ་སྟི། སྭ་སྟི་སྭ་སྟི་མ་མ་ཤིནྟཾ། ཤཱ་རཱ་གྲི། ཁ་ཟས་ལྔ་དང་འདྲེས་པ་ཡང༌། །ཇི་ལྟར་མ་འདྲེས་ཟས་བཞིན་དུ། །གང་གིས་ཇི་ལྟར་སྐུད་བསྲེགས་པ། །དེ་འདྲའི་བདེན་པ་མཛད་དུ་གསོལ། །སྱཱདྱ་ཐེ་དན། ཀ་ལ་ཀེ ཀ་ལ་ལེ། པ་ལ་ནི། ཀ་རུ་ཏ་ཨཱ་ལ་ཡེ། ཨགྣེ། སྃ་ཀྲཱ་མ་ཎེ་སྭཱ་ཧཱ། སངས་རྒྱས་རྣམ་པར་གཟིགས་དང་སངས་རྒྱས་གཙུག་ཏོར་ཅན། །བདེ་གཤེགས་ཀུན་སྐྱོབ་སངས་རྒྱས་ལོག་པར་དད་སེལ་དང༌། །གསེར་ཐུབ་འོད་སྲུངས་ཤཱཀྱ་ཐུབ་པ་གཽ་ཏ་མྱ། །བསྙེངས་པ་མི་མངའ་བ་ལ་སྐྱབས་སུ་མཆི་བར་བགྱི། །མི་མཆོག་བདུན་པོ་དེ་དག་གི་ནི་སྐུ་རྣམས་ལ། །མེ་ཏོག་དག་དང་སྤོས་རྣམས་ཀྱིས་ནི་མཆོད་པར་བགྱི། །ལུས་དང་ངག་དང་རབ་ཏུ་དང་བའི་སེམས་ཀྱིས་ནི། །དེ་དག་རྣམས་ལ་སྐྱབས་སུ་ཉེ་བར་མཆི་བར་བགྱི། །སངས་རྒྱས་རྫུ་འཕྲུལ་ཆེ་དང་ལྡན་པ་དེ་དག་ལ། །ལྷ་གང་མངོན་པར་རབ་ཏུ་དང་བ་ཡོད་པ་ཡི། །ལྷ་དེ་མགུ་ཞིང་ཡིད་ནི་རབ་ཏུ་དགའ་འགྱུར་ནས། །རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་བསྲུང་དུ་གསོལ།།  །།འཇིག་རྟེན་འདིའམ་ཡང་ན་འདས་པ་དང༌། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པའང༌། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེ་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་བསྒྲུབ་པ། །རྡོ་རྗེ་ལྟ་བུ་མི་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལོགས་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང༌། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང༌། །གཽ་ཏ་མ་ཡི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཆར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་མཆོག་ཐོབ་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང༌། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང༌། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་བསྒོམ་ཞིང༌། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག་སྭཱ་ཧཱ།།  །།ཤིས་པ་བརྗོད་པ་སྟེ་བཅོ་ལྔ་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*