ཆོས་རྗེ་པ་ལ་བསྟོད་པ་གཉིས།

༼པ༽

༄༅། །ཡང་ཆོས་རྗེ་པ་ལ་བསྟོད་པ་གཉིས་བཞུགས།།

༄༅། །གདོང་བཞི་ཐོར་ཚུགས་ཞི་བའི་ཟླ་ཚེས་དང༌། །དབང་པོའི་ཅོད་པན་འཇུག་སྲེད་སྤྱི་གཙུག་གིས། །གང་གི་ཞབས་པད་དྲི་མེད་ལ་བཏུད་པ། །དེ་ཡི་ཞབས་ལ་གུས་པས་ཕྱག་འཚལ་ལོ།།  །།མཁྱེན་པའི་ཆུ་འཛིན་སྤོབས་པ་མྱུར་འཇུག་གློག་ཕྲེང་ཀུན་ནས་རབ་འགྱུ་ཞིང༌། །དཔྱོད་པའི་རླུང་ཤུགས་ཀུན་ནས་གཡོ་བས་ཤེས་བྱའི་མཁའ་ཀུན་ཁྱབ་མཛད་དེ། །རིགས་པའི་འབྲུག་གི་སྒྲ་དབྱངས་ཆེར་སྒྲོགས་ལེགས་བཤད་ཚིག་གི་ཆར་འབེབས་པས། །སྲིད་པའི་གདུང་སེལ་རྣམ་གྲོལ་ལོ་ཏོག་རྣམ་པར་སྐྱེད་མཛད་བླ་མ་རྒྱལ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*