བསྟོད་པ་ཚིགས་བཅད་གཉིས།

༼པ༽

༄༅། །ཡང་བསྟོད་པ་ཚིགས་བཅད་གཉིས་བཞུགས།།

༄༅། །མཁས་པའི་ཚོགས་ཀུན་རབ་ཏུ་དགའ་མཛད་པའི། །ཡོན་ཏན་རིན་ཆེན་རྒྱལ་མཚན་ལེགས་འཛིན་ཞིང༌། །བསོད་ནམས་དཔལ་གྱིས་ཁམས་གསུམ་ཟིལ་གནོན་པ། །བཟང་པོ་ཁྱོད་ནི་བདག་གི་བླ་མ་ལགས།།  །།ཏིང་འཛིན་མེ་ཏོག་བཟོད་པའི་མདངས་གསལ་ཞིང༌། །ཤེས་རབ་འདབ་རྒྱས་བརྩོན་འགྲུས་ཆབ་ཀྱིས་བསྐྲུན། །ཚུལ་ཁྲིམས་དྲི་བསུང་བྱིན་པ་སྦྲང་རྩིའི་རོ། །བློ་གསལ་བུང་བ་ཚིམ་མཛད་བླ་མ་རྒྱལ།།  །།མཁྱེན་པའི་སྙིང་པོ་ཕྲིན་ལས་ཟེ་འབྲུའི་ཕྲེང་བ་ཅན། །ཡོན་ཏན་འདབ་རྒྱས་ཚུལ་ཁྲིམས་རྣམ་དག་མདངས་གསལ་ཞིང༌། །ལེགས་བཤད་སྦྲང་རྩིས་བློ་གསལ་བུང་བའི་ཚོགས་སྐྱོང་བ། །ཆོས་ཀྱི་རྒྱལ་པོ་ཆུ་སྐྱེས་ཚལ་རབ་རྟག་ཏུ་མཆོད། །རང་བྱུང་བདེ་བྱེད་འཇུག་སྲེད་མེ་ཏོག་མདའ། །མཚོ་བྱུང་བདག་པོ་ལྷ་ཡི་བླ་མ་ཡིས། །གང་གི་གསུང་འོང་སྒྲིབ་པར་མ་ནུས་པ། །དེ་ཡི་གསུང་ཟེར་རྒྱུན་དུ་སྤྱི་བོས་ལེན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*